བོད་ཡིག་སྦྱང་འདོད་ཡོད་མཁན་ཚོ་ལ་གཏམ་བཟང་ཞིག་འདུག།

        2026-03-27

བོད་ཡིག་བརྒྱུད་འཛིན་དང་དར་སྤེལ་གཏང་ཆེད། དཀར་མཛེས་ཁུལ་རིག་གནས་ཁང་གིས2026ལོའི་བོད་ཡིག་རྨང་གཞིའི་སྤྱི་ཕན་གསོ་སྦྱོང་འཛིན་གྲྭ་གཉེར་རྒྱུ་ཡིན་ལ། བོད་ཡིག་གི་རྨང་གཞི་མེད་མཁན་ལོ6ནས་ལོ60བར་ཚང་མས་མིང་ཐོ་འགོད་ཆོག། ཐེངས་འདིར་བོད་ཡིག་གི་འབྲི་ཀློག་ལེགས་པར་བསླབ་རྒྱུ་ཡིན་པས་ངོ་མཚར་འོད་སྟོང་འབར་བའི་བོད་སྐད་ཡིག་གི་འབྲི་ཀློག་ལ་འཇུག་འདོད་པ་ཚོར་གོ་སྐབས་བཟང་པོ་ཡོད་པ་རེད།

   ད་ཐེངས་ཀྱི་བོད་ཡིག་རྨང་གཞིའི་གསོ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་འགྲོ་སོང་གང་ཡང་གཏང་མི་དགོས་ལ། རྨང་གཞི་མེད་པའི་སློབ་སྦྱོང་བྱེད་མཁན་ལ་ཆེད་དུ་དམིགས་ནས་མི་རིགས་རིག་གནས་ཀྱི་ནང་དོན་ཟབ་མོར་མྱོང་ཚོར་ཐུབ་པར་བྱ་རྒྱུ་རེད།


བོད་ཡིག་སྦྱང་འདོད་ཡོད་མཁན་ཚོ་ལ་གཏམ་བཟང་ཞིག་འདུག།

གསོ་སྦྱོང་གི་ནང་དོན་གཙོ་བོ།

བོད་ཡིག་སྦྱང་འདོད་ཡོད་མཁན་ཚོ་ལ་གཏམ་བཟང་ཞིག་འདུག།


བོད་ཡིག་རྨང་གཞི་དབྱངས་གསལ་འབྲི་ཀློག་ནས་འགོ་བརྩམ་རྒྱུ་ཡིན་ཏེ།

1. དབྱངས་གསལ་སོ་བཞིའི་འབྲི་ཀློག།

2. མགོ་ཅན་གསུམ་གྱི་སྦྱོར་ཀློག།

3. འདོགས་ཅན་བཞི་ཡི་སྦྱོར་ཀློག།

བརྒྱུད་རིམ་ཧྲིལ་པོར་རྨང་གཞི་ནས་འགོ་བརྩམ་རྒྱུ་ཡིན་པས། དེ་སྔོན་རྨང་གཞི་མེད་ན་ཡང་སློབ་ཁྲིད་ཀྱི་རྗེས་ཆོད་ཐུབ།


བོད་ཡིག་སྦྱང་འདོད་ཡོད་མཁན་ཚོ་ལ་གཏམ་བཟང་ཞིག་འདུག།

གསོ་སྦྱོང་གི་ཆ་འཕྲིན་གཙོ་བོ།

བོད་ཡིག་སྦྱང་འདོད་ཡོད་མཁན་ཚོ་ལ་གཏམ་བཟང་ཞིག་འདུག།




1



གསོ་སྦྱོང་བྱ་ཡུལ།

   ལོ6ནས60བར་གྱི་བོད་ཡིག་གི་རྨང་གཞི་མེད་ཀྱང་བོད་ཡིག་སྦྱོང་འདོད་མཁན། ༼མི་སུམ་ཅུ་ལས་མི་དགོས་པས་སུ་སྔོན་ལ་འབྱོར་ན་དེ་ལ་གོ་སྐབས་ཐོབ།༽

2

གསོ་སྦྱོང་དུས་ཚོད།

    2026ལོའི་ཟླ4པའི་ཚེས12ནས་ཟླ6པའི་ཚེས28བར། གཟའ་འཁོར་རེའི་གཟའ་ཉི་མའི་ཕྱི་དྲོའི་དུས་ཚོད14:30-17:00(གུང་གསེང་དུས་ཚོད་ཕུད།)

3

གསོ་སྦྱོང་ས་གནས།

    དཀར་མཛེས་ཁུལ་རིག་གནས་ཁང་གི་ཐོག་བརྩེགས་གསུམ་པའི་ནུས་མང་སློབ་ཁང་ཨང་རྟགས306པ།


4

སློབ་ཁྲིད་དགེ་རྒན།

    ཀུན་དགའ་ཚེ་རིང་། བོད་རིགས། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་གི་མི་ཡིན། སི་ཁྲོན་ཞིང་ཆེན་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་ཁུལ་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་ཁུལ་ཀརྨ་སྒར་བྲིས་ལུགས་ཀྱི་བརྒྱུད་འཛིན་པ་བཅས་ཡིན།

5

མིང་ཐོ་འགོད་པའི་དུས་ཚོད།

    2026ལོའི་ཟླ3པའི་ཚེས24ནས4པའི་ཚེས10བར།


བོད་ཡིག་སྦྱང་འདོད་ཡོད་མཁན་ཚོ་ལ་གཏམ་བཟང་ཞིག་འདུག།

མིང་ཐོ་འགོད་སྟངས།

བོད་ཡིག་སྦྱང་འདོད་ཡོད་མཁན་ཚོ་ལ་གཏམ་བཟང་ཞིག་འདུག།


ཐེངས་འདིའི་གསོ་སྦྱོང་ལ་དྲྭ་ཐོག་དང་དྲྭ་འོག་ནས་མིང་ཐོ་འགོད་ཆོག།

1

དྲྭ་ཐོག་ནས་མིང་ཐོ་འགོད་སྟངས།

1. དཀར་མཛེས་ཁུལ་རིག་གནས་ཁང་གི་འཕྲིན་སྟེགས་ལ་དོ་ཁུར་བྱས།

2. འཕྲིན་སྟེགས་གཡོན་འོག་གི“ཞབས་ཞུ”ནས“བྱེད་སྒོ་དུས་ཆད”དུ་འཛུལ།

3.2026ལོའི་བོད་ཡིག་རྨང་གཞིའི་སྤྱི་ཕན་གསོ་སྦྱོང་འཛིན་གྲྭ་ཞེས་པ་ཁ་ཕྱེ་ནས་དགོས་མཁོ་ལྟར་སྟོང་ཆ་བསྐངས་ནས་ཡར་སྤྲད་ན། མིང་ཐོ་འགོད་པའི་དཔང་ཡིག་ཐོབ་རྗེས་ལེགས་འགྲུབ་བྱུང་བ་ཡིན། 

4. དྲྭ་ཐོག་མིང་ཐོ་འགོད་སྐབས་འདྲི་རྟོག་ཁ་པར། 0836-2822935

2

དྲྭ་འོག་ནས་མིང་ཐོ་འགོད་སྟངས།

1. མིང་ཐོ་འགོད་སྐབས་ཀྱི་འདྲི་རྟོག་ཁ་པར།13568687363

2. འབྲེལ་གཏུག་བྱ་ཡུལ། དགེ་རྒན་ཀུན་དགའ།

3. ཡུལ་དངོས་ནས་མིང་ཐོ་འགོད་སའི་ས་གནས། དཀར་མཛེས་ཁུལ་རིག་གནས་ཁང་གི་མཛེས་རྩལ་ཡིག་གཟུགས་བརྙན་ལེན་ཁང་སྒོ་རྟགས་ཨང201པ།

3

དྲན་སྐུལ།

1. མིང་ཐོ་འགོད་ཐུབ་རུང་དུས་ལྟར་སློབ་ཁྲིད་ལ་ཞུགས་མི་ཐུབ་ན། ཉིན་གསུམ་གྱི་སྔོན་ནས་ཡར་ཞུ་བྱ་དགོས།

2. གསོ་སྦྱོང་རིང་ལ་དུས་ལྟར་མིང་རྟགས་བཀོད་ནས་སློབ་ཁྲིད་ལ་ཞུགས་དགོས། གནང་བ་མ་ཞུས་པར་ཐེངས་གསུམ་ལ་ཆད་ལུས་བྱུང་ན་རང་འགུལ་གྱིས་ཐེངས་འདིའི་གསོ་སྦྱོང་གི་ཐོབ་ཐང་མེད་པར་བཟོ་རྒྱུ། 

3. ཐེངས་འདིའི་གསོ་སྦྱོང་ནི་སྤྱི་ཕན་རང་བཞིན་གྱི་རིག་གནས་གསོ་སྦྱོང་གི་ཞབས་ཞུའི་བྱེད་སྒོ་ཡིན་པས། འགྲོ་སོང་ཅི་ཡང་གཏང་མི་དགོས། མི་གྲངས་ལ་ཚད་བཀག་ཡོད་པས་སུ་སྔོན་ལ་འབྱོར་ན་དེ་ལ་གོ་སྐབས་ཐོབ།

   

ལོ་ཙཱ། ཨོ་རྒྱན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

རྩོམ་སྒྲིག་འགན་འཁུར་བ། ཨོ་རྒྱན།
ཞུ་ཆེན། སྐལ་ཐུབ།
སྤྱི་ཁྱབ་ལྟ་སྐུལ་བ། བཀྲ་ཤིས།


  • ལེ་ཚན་སྔོན་མ།:དཔྱིད་གནང་རིང་རང་ཁུལ་གྱི་ལྗོངས་ཁུལ་མང་པོར་སྒོ་འཛིན་མི་དགོས།
  • ལེ་ཚན་རྗེས་མ།:རྟའུ་རྫོང་གིས་ཡུལ་སྐོར་བར་སྣེ་ལེན་བཟང་པོ་བྱ་རྩིས་རེད།
  • དོ་སྣང་ཆེ་བའི་རྩོམ།