དཔྱིད་གནང་རིང་རང་ཁུལ་གྱི་ལྗོངས་ཁུལ་མང་པོར་སྒོ་འཛིན་མི་དགོས།

        2026-03-27

དཔྱིད་གནང་རིང་དཀར་མཛེས་ཁུལ་གྱི་ལྗོངས་ཁུལ་འདི་ཚོར་དགེ་རྒན་དང་དམག་གི་ཆུང་མས་སྒོ་འཛིན་ཉོ་མི་དགོས་པ་དང་། སློབ་མ་ཚོར་རིན་གོང་ཕྱེད་ཀའི་གཟིགས་སྐྱོང་སྲིད་ཇུས་ཡོད།

 སི་ཁྲོན་ཞིང་ཆེན་གྱི་ས་ཆ་མང་པོར་གཅིག་རྗེས་གཉིས་མཐུད་ངང་དཔྱིད་གནང་བཀོད་སྒྲིག་དང་ཆབས་ཅིག་དཀར་མཛེས་ཁུལ་གྱིས་ཀྱང་དཔྱིད་གནང་བཀོད་སྒྲིག་བྱས་ནས་ལྗོངས་ཁུལ་ཁག་གིས་གོ་སྐབས་དམ་འཛིན་བྱས་ཏེ་དམངས་ཕན་བྱ་ཐབས་རབ་དང་རིམ་པ་སྤེལ་ཞིང་། གཙོ་བོ་རྒྱ་ཆེ་བའི་སློབ་མ་དང་དགེ་རྒན། ཡུལ་སྐོར་བ་བཅས་ལ་ཁ་གཏད་ཡོད། གསར་འགོད་པས་ལྗོངས་ཁུལ་གཙོ་བོ་ཁག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འཆར་ཉེར་ཡོད་པའི་དཔྱིད་གནང་བསུ་ཆེད་ལྗོངས་ཁུལ་མང་པོས་སྒོ་འཛིན་རྩ་ཆག་གཏོང་བ་དང་ཆེད་དམིགས་གཟིགས་སྐྱོང་། དེ་བཞིན་ཁྱད་ལྡན་རོལ་མྱོང་བྱེད་སྒོ་སོགས་བཏོན་ནས་ཡུལ་སྐོར་བར་དཔྱིད་དཔལ་རབ་ཏུ་བཞད་པའི་མཐོ་སྒང་མཛེས་ལྗོངས་ཁྲོད་དངོས་ཕན་དང་སྟབས་བདེ་ལོངས་སུ་སྤྱད་ཐུབ་པ་བྱས་ཡོད། 

 དཀར་མཛེས་ཁུལ་གྱི་ལྗོངས་ཁུལ་གྲགས་ཆེ་ཤོས་ཡིན་པའི་དུང་དཀར་ལུང་པའི་ལྗོངས་ཁུལ་གྱིས་ཀྱང་གཟིགས་སྐྱོང་སྲིད་ཇུས་བཏོན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ་བ4པའི་ཚེས1ནས4པའི་ཚེས6ཉིན་བར་གྱི་དཔྱིད་གནང་རིང་སི་ཁྲོན་ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་དང་དགེ་རྒན་ལ་ལྗོངས་ཁུལ་གྱི་སྒོ་འཛིན་རིན་པ་མི་དགོས་ཤིང་། མི་རེར་སྒོར5ཡི་ཉེན་སྐྱོབ་ཉོས་ནས་ལྗོངས་ཁུལ་དུ་བསྐྱོད་ཆོག།

དུང་དཀར་ལུང་པའི་ལྗོངས་ཁུལ་ཕུད་དཀར་མཛེས་ཁུལ་གྱི་ལྗོངས་ཁུལ་གཞན་དག་གིས་ཀྱང་རང་ངོས་ཀྱི་ཁྱད་ཆོས་དང་སྦྲེལ་ནས་དམངས་ཕན་བྱ་ཐབས་བཏོན་ཡོད། 

སྡེ་དགེ་པར་ཁང་གིས་གཞོན་ནུ་ལོ་ཆུང་དང་དགེ་རྒན་ཚོགས་པར་དམིགས་ནས་ལོ18མན་གྱི་སློབ་མར་རིན་པ་མི་དགོས་པ་དང་སློབ་གྲྭ་ཆེ་མོ་བ་དང་དགེ་རྒན་ལ་རིན་གོང་ཕྱེད་ཀ་སྤྲོད་པའི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར། 

དཀར་མཛེས་རྫོང་གེ་སར་རྒྱལ་པོའི་མཁར་རྫོང་ལ་རིན་མེད་ལྟ་སྐོར་དང་རླངས་འཁོར་ཡང་རིན་མེད་འཇོག་ཆོག་པ་དང་འགྲེལ་བཤད་ཞབས་ཞུ་སྒྲུབ་མཁན་ཡང་ཡོད།

ཉག་རོང་རྫོང་ཟངས་མདོག་དཔལ་རི་ལྗོངས་ཁུལ་གྱིས་དམག་མིའི་ཆུང་མར་སྒོ་འཛིན་རིན་མེད་ཡིན་པའི་སྲིད་ཇུས་བཏོན།

ལྕགས་ཟམ་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཡོངས་ལ་སྒོ་འཛིན་མི་དགོས་པའི་སྲིད་ཇུས་བཏོན།


གསར་འགོད་པ། ཡེ་ཤེས། 

རྩོམ་སྒྲིག་པ། ཡེ་ཤེས།

རྩོམ་སྒྲིག་འགན་འཁུར་བ། ཨོ་རྒྱན།
ཞུ་ཆེན། སྐལ་ཐུབ།
སྤྱི་ཁྱབ་ལྟ་སྐུལ་བ། བཀྲ་ཤིས།


  • ལེ་ཚན་སྔོན་མ།:འགྱུར་དེབ་རྩ་ཆེན་འགའ་དཔེ་སྐྲུན་འགྲེམ་སྤེལ་བྱས།
  • ལེ་ཚན་རྗེས་མ།:བོད་ཡིག་སྦྱང་འདོད་ཡོད་མཁན་ཚོ་ལ་གཏམ་བཟང་ཞིག་འདུག།
  • དོ་སྣང་ཆེ་བའི་རྩོམ།