འགྱུར་དེབ་རྩ་ཆེན་འགའ་དཔེ་སྐྲུན་འགྲེམ་སྤེལ་བྱས།

        2026-03-27

ཉེ་ཆར། བོད་ཀྱི་ལོ་ཙཱ་བ་ཆེན་མོ་འབལ་འཇམ་དབྱངས་དར་རྒྱས་ལགས་ཀྱིས་བསྒྱུར་ཅིང་མཆན་བཏབ་པའི«མཚོ་བོད་མཐོ་སྒང་གི་གནའ་བོའི་མི་རིགས་འབྲེལ་འདྲིས་སྐོར་གྱི་ཡིག་ཚང་བསྒྱུར་འགྲེལ»ཞེས་པའི་པོད་དྲུག་གི་བདག་ཉིད་ཅན་གྱི་དཔེ་ཚོགས་ཤིག་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས། དེ་དག་ལས་པོད་དང་པོ་ནིཐང་རྒྱལ་རབས་ཀྱི་ལོ་རྒྱུས་རྙིང་མདངཐང་རྒྱལ་རབས་ཀྱི་ལོ་རྒྱུས་གསར་མ 《ཐུང་ཏེནཐང་རྒྱལ་རབས་ཀྱི་ལམ་སྲོལ་གནད་བསྡུསབཅས་ཀྱིས་གྲུབ་པ་ཡིན། འདི་དག་ནི་ཐང་རྒྱལ་རབས་དུས་ཀྱི་ལོ་རྒྱུས་ཆ་ཚང་བ་བཀོད་པ་སྔ་ཤོས་ཀྱི་དེབ་ཐེར་དང་རྒྱལ་རབས་སོ་སོའི་ཁྲིམས་སྲོལ་ལམ་ལུགས་བཟོས་ཚུལ་དང་འཕེལ་རིམ་སོགས་ཀྱི་སྐོར་ཡིན། པོད་གཉིས་པ་ནིསྲིད་སྐྱོང་མེ་ལོངཡིན་ལ། དེ་ནི་སུང་བྱང་མའི་དུས་ཀྱི་ཆབ་སྲིད་པ་དང་ལོ་རྒྱུས་སྨྲ་བ་གྲགས་ཅན་སི་མ་ཀོང་སོགས་ཀྱིས་སྤྱི་ལོ1084ལོར་བརྩམས་ནས་གྲུབ་པ་ཞིག་ཡིན་འདུག། པོད་གསུམ་པ་ནིཡིག་ཚང་མ་ཧཱ་རུས་སྦལཡིན་ལ། དེ་ནི་ཀྲུང་གོའི་གནའ་རབས་ཀྱི་རིགས་དབྱེ་དེབ་ཏུ་གཏོགས་པའི་དེབ་ཐེར་གྲགས་ཅན་ཞིག་ཡིན་ལ། སུང་རྒྱལ་རབས་བྱང་མའི་དུས་ཀྱིདེབ་ཆེན་བཞིའིཡ་གྱལ་ཡང་ཡིན། འགྱུར་དེབ་སྟོད་སྨད་གཉིས་ཀྱི་བདག་ཉིད་ཅན་ཞིག་བྱས་ནས་གྲུབ་འདུག། པོད་བཞི་པནིཧན་རྒྱལ་རབས་ཀྱི་ལོ་རྒྱུསཧན་རྒྱལ་རབས་ཤར་མའི་ལོ་རྒྱུསཅིན་རྒྱལ་རབས་ཀྱི་ལོ་རྒྱུསསུང་རྒྱལ་རབས་ཀྱི་ལོ་རྒྱུསཆིང་རྒྱལ་རབས་ལྷོ་མའི་ལོ་རྒྱུསལིའང་རྒྱལ་རབས་ཀྱི་ལོ་རྒྱུསཝེ་རྒྱལ་རབས་ཀྱི་ལོ་རྒྱུསཀྲོའུ་རྒྱལ་རབས་ཀྱི་ལོ་རྒྱུསརྒྱལ་རབས་བྱང་མའི་ལོ་རྒྱུསབཅས་རྒྱ་ཡིག་གི་དེབ་ཐེར་དགུ་རུ་བཀོད་པའི་མཚོ་བོད་མཐོ་སྒང་གི་གནའ་བོའི་རྒྱལ་ཕྲན་དང་ཚོ་པ་ཁག་ཅིག་གི་ལོ་རྒྱུས་རྒྱུ་ཆ་བོད་ཡིག་ཏུ་བསྒྱུར་བ་ཞིག་ཡིན། པོད་ལྔ་པ་ནིསུའེ་རྒྱལ་རབས་ཀྱི་ལོ་རྒྱུསཐང་རྒྱལ་རབས་ཀྱི་ལོ་རྒྱུས་རྙིང་མཐང་རྒྱལ་རབས་ཀྱི་ལོ་རྒྱུས་གསར་མརྒྱལ་རབས་ལྔའི་ལོ་རྒྱུས་རྙིང་མརྒྱལ་རབས་ལྔའི་ལོ་རྒྱུས་གསར་མསུང་རྒྱལ་རབས་ཀྱི་ལོ་རྒྱུསལིའོ་རྒྱལ་རབས་ཀྱི་ལོ་རྒྱུསཅིན་རྒྱལ་རབས་ཀྱི་ལོ་རྒྱུསབཅས་རྒྱ་ཡིག་གི་དེབ་ཐེར་དགུ་རུ་བཀོད་པའི་མཚོ་བོད་མཐོ་སྒང་གི་གནའ་བོའི་རྒྱལ་ཕྲན་དང་ཚོ་པ་ཁག་གི་ལོ་རྒྱུས་རྒྱུ་ཆ་བོད་ཡིག་ཏུ་བསྒྱུར་ནས་གྲུབ་པ་ཞིག་ཡིན་ནོ།།

  • ལེ་ཚན་སྔོན་མ།:སྐལ་བཟང་འགྱུར་མེད་ཀྱི་བརྩམས་ཆོས་ལ་བྱ་དགའ་འདི་ཐོབ་འདུག།
  • ལེ་ཚན་རྗེས་མ།:དཔྱིད་གནང་རིང་རང་ཁུལ་གྱི་ལྗོངས་ཁུལ་མང་པོར་སྒོ་འཛིན་མི་དགོས།
  • དོ་སྣང་ཆེ་བའི་རྩོམ།