རྟའུ་རྫོང་དུ་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་གི་བྱེད་སྒོ་སྤེལ།

        2026-03-19

སྤྱི་ཟླ3པའི་ཚེས15ཉིན། རྟའུ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་རྫོང་སྤྱི་བདེ་ཅུས་དང་མཉམ་འབྲེལ་ངང“3·15”རྒྱལ་སྤྱིའི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་ཉིན་མོའི་གཙོ་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ལས་སྒྲུབ་མི་སྣས་གཙོ་དོན་དྲིལ་བསྒྲགས་འཕྲེད་བྱང་འགེལ་བ་དང་དམངས་ཕན་བློ་འདྲིའི་སྟེགས་བུ་བཙུགས་པ། ཡིག་རིས་འགྲེམས་པང་སྒྲིག་པ། ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ། ཚོང་ཟོག་བདེན་རྫུན་བསྡུར་བའི་འགྲེམས་སྟོན་བྱེད་པ། ཡུལ་དངོས་ནས་དོགས་གཞིར་ལན་འདེབས་པ་སོགས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པ་སྣ་ཚོགས་བརྒྱུད། ཕར་འགྲོ་ཚུར་འོང་བྱེད་མཁན་མང་ཚོགས་ལ《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》དང《བཟའ་བཅའི་ཉེན་མེད་བཅའ་ཁྲིམས》《ཐོན་རྫས་སྤུས་ཚད་བཅའ་ཁྲིམས》《དྲ་བའི་ཉོ་ཚོང་དོ་དམ་བྱ་ཐབས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་བཏང་བ་རེད།

    ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོར་ཁྱོན་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དཔྱད་ཡིག400ལྷག་ཙམ་སྤྲད་པ་དང་དྲིལ་བསྒྲགས་འཕྲེད་བྱང7བཀལ་བ་དང་། རིམ་རྩིས་བྱས་ན་མང་ཚོགས100ལྷག་ལ་འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་ཤེས་བྱ་དྲིལ་བསྒྲགས་བྱས་ནས། རྫོང་ཡོངས་ཀྱི་འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བ་དང་འཛད་སྤྱོད་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་བཅས་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།།



ལོ་ཙཱ། ཨོ་རྒྱན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

རྩོམ་སྒྲིག་འགན་འཁུར་བ། ཨོ་རྒྱན།

ཞུ་ཆེན། སྐལ་ཐུབ།

སྤྱི་ཁྱབ་ལྟ་སྐུལ་བ། བཀྲ་ཤིས།


  • ལེ་ཚན་སྔོན་མ།:དཔལ་ཡུལ་རྫོང་སྡེ་མཐོ་གྲོང་ཚོའི་ཡུལ་སྐོར་ལྟེ་གནས་འགྲུབ་ལ་ཉེ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།