2026-03-19
སྤྱི་ཟླ3པའི་ཚེས14ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་བརྙན་ལམ་ནས་རྫོང(གྲོང་ཁྱེར)ཁག་དང་འབྲེལ་ཡོད་སྡེ་ཚན་ལ་ཁུལ་ཡོངས་ཀྱི་ཉེ་དུས་སྤྱི་ཚོགས་བརྟན་བརླིང་དང་། ཐོན་ལས་འཕེལ་རྒྱས། ལས་གཞི་འཛུགས་སྐྲུན། ནགས་རྩྭ་མེ་ཟོན་མེ་གསོད། ཉེན་མེད་ཐོན་སྐྱེད་སོགས་གཙོ་གནད་ལས་དོན་ཁག་ཡང་བསྐྱར་བཀོད་སྒྲིག་གནང་བ་རེད། ཁོང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྙིང་དོན་དང་ཞིང་ཆེན་ཚོགས་ཆེན་གཉིས་ཀྱི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས། སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བ། མྱུར་སྒྲུབ་ལ་བརྩི་མཐོང་དང་། དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པ་བཅས་ཀྱི་གཙོ་དོན་ལག་ལེན་བྱེད་སྒོ་དང་མཉམ་འདྲེས་གང་ལེགས་བྱས་ཏེ། འགན་འཁྲིའི་འབྲེལ་ཐག་དམ་དུ་གཏོང་བ་དང་། ནུས་པ་ཆེན་པོས་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པ་འགོ་ཡག་པོ་འཛུགས་པར་རྨང་གཞི་བརྟན་པོ་གདིང་དགོས་ཞེས་ནན་གསུང་གནང་བ་རེད།
བརྙན་ལམ་བརྒྱུད་དེ་རྫོང(གྲོང་ཁྱེར)ཁག་དང་ཚན་པ་ཁག་གི་ལས་དོན་སྙན་སེང་ལ་ཉན་འཇོག་བྱས་རྗེས་ཀྲའོ་པོ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་འཕེལ་རྒྱས་དང་བརྟན་བརླིང་གི་ལས་ཡུལ་དང་པོར་འཕེལ་རྒྱས་གཏོང་མཁན་ལས་བྱེད་པ་དང་ལས་བཟོ་རྒྱ་ཆེན་ལ་ཐུགས་རྗེ་ཆེ་ཞུས། ཀྲའོ་པོ་ཡིས་འཕེལ་རྒྱས་དང་ཉེན་མེད་ལ་གཅིག་གྱུར་འཆར་འགོད་དེ་བས་ལེགས་པ་བྱེད་པ་དང་། ལས་གཞིར་སྐུལ་བ་དང་། ཐོན་ལས་ལ་དམ་འཛིན། འཛད་སྤྱོད་ལ་སྐུལ་བ་བཅས་རྒྱུན་འཁྱོངས་ཏེ་གཙོ་གནད་ལས་གཞིའི་ལས་འགོ་བསྐྱར་གསོ་དང་འཛུགས་སྐྲུན་མགྱོགས་སུ་གཏོང་བ།
མ་སྐུལ་དང་ལེན་གྱིས་ཁེ་ལས་ཀྱི་དཀའ་ངལ་སེལ་བ། སྤུས་ལེགས་ནུས་ཆེའི་སྲིད་དོན་ཞབས་ཞུར་བརྟེན་ནས་ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏང་དགོས། རིག་གནས་ཡུལ་སྐོར་དང་ནུས་རྒྱུ་གཙང་མ། ཁྱད་ལྡན་ཞིང་འབྲོག་བཅས་དོན་ཆེན་གསུམ་ལེགས་པར་བསྒྲུབ་རྒྱུར་དམིགས་ནས་དཔྱིད་རྨོད་གྲ་སྒྲིག་ཡག་པོ་བྱས་ཏེ། ཞིང་ལས་རྒྱུ་ཆས་འགན་ལེན་དང་ལག་རྩལ་མཛུབ་ཁྲིད། ཞིང་ཁའི་དོ་དམ་སོགས་དཔྱིད་རྨོད་ཐོན་སྐྱེད་ལས་དོན་ཁག་དམ་འཛིན་ཏན་ཏིག་བྱ་དགོས། འཛད་སྤྱོད་གོང་འཕེལ་དང་སྔོན་དཔག་དོ་དམ་དམ་འཛིན་ཡག་པོ་བྱས་ནས་འཛད་སྤྱོད་ལ་སྐུལ་བའི་བྱེད་སྒོ་བཀོད་སྒྲིག་བྱས་ཏེ། རིག་གནས་དང་ཚོང་དོན། ཡུལ་སྐོར། ལུས་རྩལ་བཅས་མཉམ་འདྲེས་ལ་བསྐུལ་དགོས། ཉེན་མེད་ཀྱི་མཐིལ་ཚད་བརྟན་སྲུང་དང་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྔོན་འགོག། དོ་དམ་གསུམ་དང་ངེས་པར་དུ་གསུམ་གྱི་བླང་བྱ་དོན་ལ་ནན་པོར་འཁྱོལ་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཚགས་བཤེར་བཅོས་སྐྱོང་ཏན་ཏིག་བྱས་ཏེ། ཉེན་མེད་ཐོན་སྐྱེད་ཀྱི་ལས་འཛོལ་སྣ་ཚོགས་ཐོན་རྒྱུར་བཀག་འགོག་བྱ་དགོས། ནགས་རྩྭ་མེ་ཟོན་མེ་གསོད་ཀྱི་ཉེན་མེད་འགོག་རགས་བརྟན་པོར་བསྐྲུན་ནས་མེ་འགོག་བཀའ་རྒྱ་དང་། ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོར་མེ་སྤྱོད་པའི“འགྱུར་མེད་ཉེན་མེད་ཀྱི་བྱ་ཐབས་བཅུ་དང་བྱ་ཐབས་གཙོ་བོ་དྲུག”ལག་ལེན་ནན་པོར་བསྟར་ནས། མངོན་མེད་རྐྱེན་ངན་ཞིབ་བཤེར་དང་དངོས་ཟོག་གསོག་འཇོག་སོགས་ཀྱི་ལས་དོན་རྒྱུན་རྣམ་ཅན་དུ་སྤེལ་དགོས། རི་སྲུང་བ་དང་མི་དང་མེ་ལ་དོ་དམ་བྱེད་པ་བཅས་འགན་འཁྲི་དོན་འཁྱོལ་ཞིབ་ཕྲ་བྱེད་པ་དང་། མ་སྐུལ་དང་ལེན་ངང་འགན་འཁྲི་ཁུར་ནས་བྱ་བ་སྒྲུབ་པ། ལྕག་གཟེར་འདེབས་པའི་སྙིང་སྟོབས་ལ་བརྟེན་ནས་ཁུལ་ཨུའི་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོབ་པ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10