ལི་ཐང་རྫོང་གིས་གནམ་ལོ་གསར་པ་བསུ་བའི་བྱེད་སྒོ་སྤེལ།

        2026-01-05

2026ལོའི་གནམ་ལོ་གསར་དུ་ཚེས་པར་ཀྲུང་གུང་ལི་ཐང་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་གུང་ལི་ཐང་རྫོང་ཨུ་དྲིལ་བསྒྲགས་པུའུ། ལི་ཐང་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས། ལི་ཐང་རྫོང་རྩོམ་རིག་སྒྱུ་རྩལ་དང་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲུབ་འགན་འཁུར་བ་དང་། རིག་གནས་ཁང་དང་ལྷ་མོ་ཚོགས་པས་རོགས་གཉེར་བྱས་པའི་གནམ་ལོ་གསར་པ་བསུ་བའི་རིག་རྩལ་འཁྲབ་སྟོན་གེ་སར་རྒྱལ་པོའི་ཐང་ཆེན་དུ་གཟབ་རྒྱས་ངང་སྤེལ་བ་རེད། རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་དང་ས་གནས་སོ་སོ་ནས་ཡོང་བའི་ཡུལ་སྐོར་བ་མཉམ་དུ་འཛོམས་ནས་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་བཤམས་ཏེ་དུས་ཆེན་ལ་རྟེན་འབྲེལ་ཞུས། ཐེངས་འདིའི་བྱེད་སྒོ་ལ་མང་ཚོགས1923ལྷག་ཞུགས་ཡོད།



  • ལེ་ཚན་སྔོན་མ།:2025ལོའི་དཀར་མཛེས་ཁུལ་གྱི་གསར་འགྱུར་ཆེན་མོ་བཅུ། ༼༡༽
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།