2026-01-05
ལོ་འདིར། དཀར་མཛེས་ཁུལ་གྱིས་ཡུལ་སྡེ་དར་རྒྱས་དང་གཞི་རིམ་བཅོས་སྐྱོང་། མི་རིགས་མཐུན་སྒྲིལ་བཅས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་བཏང་ཞིང་།"ཏང་སྐྱོང་ཡག་པོ"ཡིས"འཕེལ་རྒྱས་ཡག་པོ"ལ་སྣེ་ཁྲིད་དང་། འཕེལ་རྒྱས་ཀྱི་འགག་རྩའི་ཁྱབ་ཁོངས་ལ་དམིགས་ནས་སྔ་རྗེས་སུ་ཁུལ་ཨུའི་ཏང་སྐྱོང་གིས་ཡུལ་སྡེ་དར་རྒྱས་དང་། གཞི་རིམ་བཅོས་སྐྱོང་། དགོན་སྡེ་དོ་དམ་བཅས་ལ་སྣེ་ཁྲིད་པའི་ཆེད་དོན་ཚོགས་འདུ་ཐེངས་གསུམ་འཚོགས་ཏེ་ཏང་སྐྱོང་ལས་དོན་ལ"ལམ་ཐིག་རི་མོ"གསལ་པོར་བཟོས་ནས་ས་ཁོངས་ཡོངས་སུ་ཁེབས་པའི་ཏང་སྐྱོང་ལས་དོན་གྱི་མ་ལག་བཙུགས་ཡོད། "ཁམས་ཀྱི་ཏང་དར་དམར་པོ། དོན་དག་ཡོད་ཚེ་ཏང་མི་འཚོལ་བའི"དང་བླངས་ཞབས་ཞུའི་བྱ་སྤྱོད་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་ཁུལ་ཡོངས་ཀྱི་ཏང་མིས་དོན་དངོས་བསྒྲུབས་ནས་དམངས་ལ་བདེ་སྐྱིད་བསྩལ་བ་དང་། སི་ཁྲོན་གྱི་རྒྱང་སྐྱོད་སྙིང་སྟོབས་གཙོ་དོན་གླེང་སྟེགས་སྐབས་གསུམ་པ་གཉེར་ནས་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད་ལ། གསར་བརྗེའི་ཁྲག་རྒྱུན་ས་མཐོར་བརྒྱུད་འཛིན་བྱས་ནས་མཚོ་འཕགས་མཐོ་བ་དང་། བཅོས་སྐྱོང་བྱེད་དཀའ་བ་བཅས་ཀྱི་དོན་དངོས་ལ་དམིགས་ནས་ཏང་ཨུ་རིམ་པ་ཁག་གིས་རང་འགུལ་ངང་འགན་ཁུར་ཏེ་ཏང་སྐྱོང་གི་དགེ་མཚན་དེ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར། སི་ཁྲོན་རྒྱང་སྐྱོད་སྙིང་སྟོབས་གཙོ་དོན་བགྲོ་གླེང་ཚན་བསྟར་བྱེད་སྒོ་སྐབས་གསུམ་པ་ལྕགས་ཟམ་རྫོང་དུ་སྤེལ།
བསམ་བློའི་དར་ཆས་ཁ་ཕྱོགས་སྣེ་ཁྲིད་བྱས།། གཞུང་ལུགས་འོད་ཀྱིས་རྒྱང་སྐྱོད་ལམ་བུ་གསལ།། དཀར་མཛེས་ཁུལ་གྱིས་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་དཔེ་སྟོན་ལ་ཤུགས་རྒྱག་རྒྱུ་སྣེ་ཁྲིད་བྱས་པ་དང་། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཆེད་དོན་སློབ་སྦྱོང་ཚོགས་འདུ་སོགས་གཉེར་ནས། སློབ་སྦྱོང་དང་ཞིབ་བསྡུར་བྱས་ཏེ་གཞི་རིམ་གྱི་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་གྱི་རྣམ་པ་གསར་གཏོད་བྱས་པ་དང་། སྒྲོག་འགྲེལ་ལས་སྟེགས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་བཏང་ནས་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཆད་འགྲེལ་ལ་ཤུགས་བརྒྱབ། ལོ་ཧྲིལ་པོར་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་སྒྲོག་འགྲེལ་བྱེད་སྒོ་སྤེལ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ཆེད་དུ་བསམ་བློའི་རྨང་གཞི་བརྟན་དུ་བཏང་ཡོད།
འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས། དཀར་མཛེས་ཁུལ་གྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་བརྒྱད་པའི་སྙིང་དོན་མཛུབ་ཁྲིད་དང་། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་བཅུ་པའི་ཐབས་ཇུས་བཀོད་སྒྲིག་གཅིག་འདོམས་སུ་བྱས་ཏེ"ལོ་ལྔའི་འཆར་འགོད་བཅུ་བཞི་པ"མཇུག་འགྲིལ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་དང་།"ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"གོ་སྐབས་དམ་འཛིན་བྱས་ནས་འཆར་འགོད་སྤུས་ཚད་མཐོན་པོ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་ཞིང་ཆེན་ཏང་ཨུའི"ཅན་བཞི་གོམ་སྟབས་གཅིག་མཚུངས་དང་། གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར"བཅས་ཀྱི་འཐབ་ཇུས་ནང་ཧུར་ཐག་ཞུགས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་རྒྱུ་གཙོ་རྐང་དུ་བྱས་ཏེ"དཔེ་སྟོན་ཁུལ་གཉིས་དང་གནས་ཡུལ་གསུམ"འཛུགས་སྐྲུན་ཤུགས་ཆེན་བྱེད་པ་དང་།"སྒུལ་ཤུགས་ཆེན་པོ་བཞི"སྐྱེད་སྲིང་བྱེད་པ།"འཐབ་ཇུས་ཆེན་པོ་ལྔ"ལག་ལེན་བསྟར་བ། བོད་བརྟན་བོད་བདེ་དང་སྐྱེ་ཁམས་སྲུང་ཡོལ། ནང་སྐྱེས་རང་བརྟེན་བཅས་ཀྱི"འགན་འཁྲི་ཆེན་པོ་གསུམ"ཁུར་བ། དམངས་སེམས་དང་སྲ་ཆས། སྙི་ཆས་བཅས་ཀྱི"རྨང་གཞི་ཆེན་པོ་གསུམ"བརྟན་དུ་བཏང་། རིག་གནས་ཡུལ་སྐོར་ཁུལ་དང་། ནུས་ཁུངས་ཁུལ། སྐྱེ་ལྡན་ཁུལ་བཅས་ཀྱི་འཕེལ་རྒྱས་འཆར་གཞི་ལག་ལེན་བསྟར་རོ།།
ལོ་ཙཱ། ཨོ་རྒྱན། རྩོམ་སྒྲིག་པ། མགར་རྒྱལ་སྲས། རྩོམ་སྒྲིག་འགན་འཁུར་བ། ཨོ་རྒྱན། ཞུ་ཆེན། སྐལ་ཐུབ། སྤྱིའི་ལྟ་སྐུལ་བ། བཀྲ་ཤིས།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10