རྟའུ་རྫོང་གིས་སྟོང་ཝ་ཁྲི150ཡི་འོད་ཤུགས་ལས་གཞི་ལས་འགོ་བཙུགས།

བདེ་ཆེན་གྱིས་བསྒྱུར།        2022-09-30

      ཉེ་ཆར། རྟའུ་རྫོང་གི2022ལོར་སྟོང་ཝ་ཁྲི150ཡི“1+N”འོད་ཤུགས་ལས་གཞི་གཅིག་བསྡུས་ཐོག་ལས་འགོ་བཙུགས་པའི་མཛད་སྒོ་དེ་གསེར་ཁ་ཡུལ་ཤོག་གཡར་རུ་གྲོང་སྡེ་རུ་སྤེལ་བ་རེད།དེ་ནི་རྟའུ་རྫོང་གིས་རྒྱལ་ཁབ་ཀྱི་ཐཱན་གཉིས་ཉུང་གཏོང་གི་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱས་ཤིང་།འབྱུང་འཕྲོད་ཐཱན་ཉུང་ཕྱོགས་སྒྱུར་བྱེད་མགྱོགས་སུ་བཏང་སྟེ།རྫོང་མཁར་དཔལ་འབྱོར་གྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་རུ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད།

རྟའུ་རྫོང་གིས་སྟོང་ཝ་ཁྲི150ཡི་འོད་ཤུགས་ལས་གཞི་ལས་འགོ་བཙུགས།

     ན་ནིང་ནས་བཟུང་རྟའུ་རྫོང་གིས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་དམིགས་ཏེ།“ཐོན་ལས་དང་སྣོད་བཅུད།དམངས་འཚོ”བཅས་སྣོན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་པ་དང་།ཚོང་འགུགས་མ་འདྲེན་དང་ཤེས་ལྡན་མི་སྣ་བསྡུ་ལེན།ནུས་ཁུངས་གཙང་མ་བཅས་བསྐྲུན་རྒྱུ་དེ་སྒུལ་ཤུགས་གསར་རྙིང་བརྗེ་བའི་ནུས་ཤུགས་གཙོ་གནད་དང་འཛིན་གཞི་གལ་ཆེན་ལ་བརྩིས་ཏེ།སྐུལ་ཁྲིད་ཀྱི་ནུས་པ་ཆེ་བ་དང་དམངས་འཚོར་ཕན་ཐོགས་ཆེ་བ།འཕེལ་རྒྱས་ཀྱི་མདུན་ལམ་བཟང་བ་བཅས་ཀྱི་ལས་གཞི་ཁག་ཅིག་མྱུར་དུ་བསྐྲུན་འགོ་བཙུགས་པ་རེད།རྟའུ་ལ་ཉི་འོད་དྲོད་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ཅིང་།མཚོ་འཕགས་མཐོ་བ་དང་རི་མཐོ་ལ་ལྡེབས་རྒྱ་ཆེ་བ།ཉི་འོད་ཕོག་ཡུན་རིང་བ།རླུང་ཤུགས་ཆེ་བ་བཅས་ཀྱི་ཁྱད་ཆོས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་རླུང་བུ་དང་འོད་ཀྱི་ཐོན་ལས་འབྲེལ་ཐག་རྒྱ་ཆེར་གཏང་སྟེ།སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་ཁུངས་གཙང་མའི་རྟེན་གཞི་བསྐྲུན་པ་རེད།

རྟའུ་རྫོང་གིས་སྟོང་ཝ་ཁྲི150ཡི་འོད་ཤུགས་ལས་གཞི་ལས་འགོ་བཙུགས།

     ད་ཐེངས་གཅིག་བསྡུས་ཀྱི་ལས་འགོ་བཙུགས་པའི་རྟའུ་རྫོང་གི་སྟོང་ཝ་ཁྲི150ཡི“1+N”འོད་ཤུགས་ལས་གཞི་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར75བཏང་བ་དང་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་གྱི་གཞི་ཁྱོན་སྟོང་ཝ་ཁྲི150ལ་ཟིན་ཞིང་།ཧྭ་ནེང་རྟའུ་ནུས་ཁུངས་གསར་པའི་ཚད་ཡོད་སྤྱི་གཉེར་ཁང་དང་ཧྭ་རུན་གློག་ཤུགས(རྟའུ)ཚད་ཡོད་སྤྱི་གཉེར་ཁང་།འགག་གསུམ་ཁྲོན་ནུས(རྟའུ)ནུས་ཁུངས་གསར་པའི་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྲུང་དབྱང་ཁེ་ལས་གསུམ་གྱི་ཁོངས་གཏོགས་ཁེ་ལས་འཛུགས་སྐྱོང་བྱས་ཤིང་།ལས་གཞི་གསུམ་ད་ལྟར་འཆར་འགོད་འཛུགས་སྐྲུན་བྱེད་བཞིན་པའི་སི་ཁྲོན་དང་ཁྲུང་ཆིང1000kvཡི་མཐོ་གནོན་དྲ་བའི་ནང་བཞག་པ་རེད།ལས་གཞི་བསྐྲུན་ཚར་རྗེས།ལོ་རེར་སི་ཁྲོན་དང་ཁྲུང་ཆིང་ས་ཁུལ་ལ་སྟོང་ཝ་དུང་ཕྱུར27ཙམ་གྱི་ནུས་ཁུངས་གློག་ཤུགས་མཁོ་སྤྲོད་བྱ་རྒྱུ་དང་།ཚད་ལྡན་རྡོ་སོལ་ཏུན་ཁྲི86གྲོན་ཆུང་གཏོང་བ།དབྱང་གཉིས་ཐཱན་འགྱུར་ཏུན་ཁྲི235བཙོག་འབུད་ཉུང་དུ་གཏོང་བས།བོད་འབྲེལ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས།དམངས་འཚོ་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ།ཁྲེང་ཏུའུ་དང་ཁྲུང་ཆིང་གི“གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང”ལ་སྐུལ་འདེད་གཏོང་བ་དང་།ས་ཁོངས་ཀྱི་ནུས་ཁུངས་གྲུབ་ཆ་ལེགས་སུ་གཏོང་བ།རང་རྒྱལ་གྱི“ཐཱན་གཉིས་ཉུང་གཏོང”གི་དམིགས་ཡུལ་མངོན་འགྱུར་བྱུང་བར་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་པ་རེད།

རྟའུ་རྫོང་གིས་སྟོང་ཝ་ཁྲི150ཡི་འོད་ཤུགས་ལས་གཞི་ལས་འགོ་བཙུགས།

      ལས་གཞི་དེ་གན་རྒྱ་བཞག་པ་ནས་ལས་འགོ་བཙུགས་པའི་བར་གྱི་ཟླ་བ་གསུམ་རིང་སྔོན་དཔག་བྱས་ན་ལོ་རེར་ས་གནས་ཀྱི་ཁྲལ་ཁུངས་ཡོང་འབབ་སྒོར་དུང་ཕྱུར5ལྷག་ཙམ་མངོན་འགྱུར་བྱུང་ཡོད་པས།རྟའུ་རྫོང་གི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་དེ་བས་ཆེ་བ་སྣོན་རྒྱུ་དང་འདེགས་སྐྱོར་དེ་བས་ནུས་ལྡན་ཐོན་རྒྱུ་རེད།།

རྟའུ་རྫོང་གིས་སྟོང་ཝ་ཁྲི150ཡི་འོད་ཤུགས་ལས་གཞི་ལས་འགོ་བཙུགས།


  • ལེ་ཚན་སྔོན་མ།:ཁུལ་ཨུས་ཞི་ཅིན་ཕིང་གི་རྒྱལ་སྐྱོང་དགོངས་པ་སློབ་སྦྱོང་བྱས།
  • ལེ་ཚན་རྗེས་མ།:གནོད་ཐེབས་མང་ཚོགས་ཀྱིས་རྒྱལ་སྟོན་དུས་ཆེན་ལ་བསུ་བ་ཞུ།
  • དོ་སྣང་ཆེ་བའི་རྩོམ།