ས་འགུལ་རྗེས་ཀྱི་ལྕགས་ཟམ་ཉམས་གསོ་བྱེད་བཞིན་ཡོད།

ནོར་བུས་བསྒྱུར།        2022-09-11

   ས་འགུལ་རྗེས་ཀྱི་ལྕགས་ཟམ་ཉམས་གསོ་བྱེད་བཞིན་ཡོད།

   སྤྱི་ཟླ9པའི་ཚེས5ཉིན། ལྕགས་ཟམ་རྫོང་གི་ཉེ་འགྲམ་དུ་ས་འགུལ་རིམ་པ6.8བྱུང་བ་དང་། ལྕགས་ཟམ་ངོགས་གཉིས་ཀྱི་གནའ་བོའི་བཟོ་སྐྲུན་ཁང་གི་ཐོག་ཁེབས་རྫ་ལེབ་ཁག་ཅིག་ལྷོད་འགུལ་དང་སར་ལྷུང་ནས་བཅག་པ་རེད།

   སྤྱི་ཟླ9པའི་ཚེས10ཉིན་གྱི་ཞོགས་པར། རྫ་བཟོ་བ་བདུན་བརྒྱད་ཙམ་གྱིས་ལྕགས་ཟམ་ལ་གཏོར་སྐྱོན་ཕོག་པའི་རྫ་ལེབ་བརྗེ་བཞིན་ཡོད་དེ། རྫ་བཟོ་བ་ཞེ་ལགས་ཀྱིས་བརྗེས་པའི་རྫ་ལེབ་རྙིང་པ་དེ་དག་ནི་སྔོན་ཆད་ལག་པས་བཟོས་པ་ཤ་སྟག་ཡིན་ལ། ད་ཐེངས་རྫ་ལེབ་རྙིང་པ8000ཙམ་བརྗེ་རྩིས་ཡོད་པ་དང་། ལས་ཡུན་གཟའ་འཁོར་གཅིག་ཙམ་འགོར་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

  དཀར་མཛེས་ཁུལ་ལྕགས་ཟམ་རྫོང་གི་ལྕགས་ཟམ་ནི་རྒྱལ་ཡོངས་ཀྱི་རིག་དངོས་རྩ་ཆེན་སྲུང་སྐྱོང་བྱེད་པའི་སྡེ་ཚན་ཞིག་ཡིན་ནོ།།

ས་འགུལ་རྗེས་ཀྱི་ལྕགས་ཟམ་ཉམས་གསོ་བྱེད་བཞིན་ཡོད།



  • ལེ་ཚན་སྔོན་མ།:སེམས་སྡུག་སྡུག་ལ་མོ་མ་རྒྱོབ་དང་།། ཁྲ་ཚུགས་སེར་ལ་འགོར་འབུད་དུས་ཡོད།།
  • ལེ་ཚན་རྗེས་མ།:འགུལ་འགོག་གནོད་སྐྱོབ་ལས་དོན་སྔར་བཞིན་ཛ་དྲག་ངང་སྤེལ་བཞིན་ཡོད།
  • དོ་སྣང་ཆེ་བའི་རྩོམ།