རྫེས་པ་གྲོང་སྡེ་ཡིས་སྲོལ་རྒྱུན་ལག་རྩལ་ལ་བརྟེན་ནས་བདེ་སྐྱིད་འཚོ་བ་བསྐྱངས།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-08-15

རྫེས་པ་གྲོང་སྡེ་ཡིས་སྲོལ་རྒྱུན་ལག་རྩལ་ལ་བརྟེན་ནས་བདེ་སྐྱིད་འཚོ་བ་བསྐྱངས།
པར་འདི་ནི་བུད་མེད་ཚོས་བསླས་འཐག་འཐག་བཞིན་པའི་ཚུལ་རེད།

སྤྱི་ཟླ8པའི་ཚེས6ཉིན། ལི་ཐང་རྫོང་དགེ་བསྙེན་གྲོང་རྡལ་རྫེས་པ་གྲོང་སྡེའི་བོད་ཀྱི་ས་གདན་མཉམ་ལས་ཁང་དུ་སོང་སྐབས་བུད་མེད་འགའ་ཞིག་རས་འཐག་འཕྲུལ་འཁོར་འགྲམ་དུ་བསྡད་ནས་ཕན་ཚུན་ཁ་བརྡ་ལབ་བཞིན་དུ་ལག་བཟོའི་ལས་ལ་བྲེལ་བཞིན་འདུག།

ཁོམ་པ་ཡོད་སྐབས། བུད་མེད་ཚོས་བོད་ཀྱི་ས་གདན་མཉམ་ལས་ཁང་དུ་འཐག་ལས་ཞུགས་བཞིན་ཡོད་པ་རེད།མི་རྒན་ཞིག་གིས་བུད་མེད་ཚོར་ཁ་བརྡ་བཤད་ཞོར་དུ་ཐག་འཐག་པའི་ལག་རྩལ་བསླབ་པས་ཁོ་ཚོའི་ལག་ནང་གི་སྐུད་པ་ཕྲ་མོ་དག་སྤུས་ཀ་ལེགས་པའི་ལག་ཤེས་བཟོ་ལས་ཀྱི་ཐོན་རྫས་སུ་གྱུར།

ལོ་རབས80པའི་ནང་སྐྱེས་པའི་འབྲོག་ཁུལ་གྱི་བུ་མོ་ཚེ་རིང་ལྷ་མོས་ཆུང་དུས་ཁྱིམ་ཚང་གི་ཆ་རྐྱེན་ཡག་པོ་མེད་པའི་དབང་གིས་དམའ་རིམ་སློབ་འབྲིང་ནས་སློབ་མཐར་ཕྱིན་རྗེས་ཁྱིམ་དུ་ལོག་ནས་འཚོ་བ་རོལ་དགོས་ཐུག། ལྷ་མོའི་དྲན་འཆར་ནང་དེའི་དུས་ཁྱིམ་གྱི་ཆ་རྐྱེན་ཡག་པོ་མེད་པས་སྐབས་མང་པོ་ཞིག་ལ་ཟས་གོས་གྲོན་ཆུང་བྱས་ནས་ཁྱིམ་ལ་སྲོལ་རྒྱུན་གྱི་བོད་ཀྱི་ས་གདན་ཞིག་ཁ་སྣོན་བྱས་མྱོང་ཞིང་། ཕྱིས་སུ་ཚེ་རིང་ལྷ་མོའི་ཕ་མས་རང་ཉིད་ཀྱིས་བོད་ཀྱི་ས་གདན་བཟོ་ཤེས་པར་གྱུར་ནས་ཁོམ་པ་ཡོད་སྐབས་འཐག་པའི་བོད་ཀྱི་ས་གདན་གྱིས་ཀྱང་རང་ཉིད་ཀྱི་ཁྱིམ་སྤྱོད་ལ་འདང་བར་མ་ཟད་ལྷག་མ་ཡོད་ཚེ་གཉེན་ཉེ་སྤུན་མཆེད་ལ་བྱིན་གྱིན་ཡོད། ཁྱིམ་མི་དག་གིས་ཁོ་ཚོར་རོགས་བྱེད་བསམ་ཀྱང་ཁྱིམ་ཚང་གི་ལས་ར་གཞི་ཁྱོན་ཆུང་རྐྱེན་རོགས་རམ་བྱེད་ཐབས་ཡོད་ལེ་མ་རེད།

དགེ་བསྙེན་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཚེ་རིང་བསོད་ནམས་ཀྱིས་ཇི་ལྟར་བྱས་ནས་སྲོལ་རྒྱུན་གྱི་ལག་རྩལ་དེ་རྒྱུན་འཛིན་བྱ་རྒྱུ་ནི་རྫེས་པ་གྲོང་སྡེ་ལ་འཕྲད་པའི་དཀའ་གནད་དང་འགྲན་སློང་ཞིག་རེད་ཅེས་ངོ་སྤྲོད་བྱས་པ་རེད། གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་བརྟག་དཔྱད་ཞིབ་འཇུག་ཐེངས་མང་པོར་བྱས་ནས་འཐག་ལས་ལག་ཤེས་ནི་རྫེས་པའི་སྲོལ་རྒྱུན་ལས་གཞི་ཞིག་ཡིན་པ་དང་དེ་ནི་མ་རྩ་ཆུང་ལ་ཁྲོམ་རའི་དགོས་མཁོ་ངེས་ཅན་ཞིག་ཡོད་པ་རེད། བུད་མེད་ཚོས་ཉིན་ལྟར་རང་མོས་ངང་ལས་ཀ་བྱེད་པའི་དུས་ཚོད་བཀོད་སྒྲིག་བྱེད་ཀྱི་ཡོད་པས་ཁྱིམ་གྱི་ལས་ཀར་བཀག་འགོག་མ་བྱས་ལ་ཡོང་འབབ་ཀྱང་འཕར་སྣོན་བྱུང་། 2021ལོར་དགེ་བསྙེན་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་དང་ཁྲིད་སྟོན་འོག་རྫེས་པ་གྲོང་སྡེས་བོད་ཀྱི་ས་གདན་མཉམ་ལས་ཁང་བཙུགས་པ་དང་གྲོང་མིས་སླར་ཡང་ལག་ནང་ལ་འཐག་ཆས་བཟུང་ནས་བཟུང་ནས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བསྐྱངས་པར་བརྩམས།

ད་ཆར་རྫེས་པ་གྲོང་སྡེའི་བོད་ཀྱི་ས་གདན་མཉམ་ལས་ཁང་ལ་བུད་མེད་ལས་བཟོ38ཡོད་ཅིང་། གཙོ་བོ་བོད་ཀྱི་ས་གདན་ལྟ་བུའི་དངོས་པོ་ཆེ་གྲས་བསླས་འཐག་བྱེད་པ་ཕུད།སྔས་འབོལ་དང་ཁུར་ཁུག་ལྟ་བུའི་དངོས་པོ་ཆུང་གྲས་ཀྱང་བསླས་འཐག་བྱས་དང་བྱེད་བཞིན་ཡོད་པ་རེད།

གྲོང་མི་གཡང་སྐྱིད་ཀྱིས“ཁྱིམ་གྱི་སྒོ་ཁར་དུ་ལས་ཀ་བྱས་ཚེ་ཁྱིམ་ཚང་ལ་ལྟ་རྟོག་བྱ་རྒྱུ་རག་པར་མ་ཟད།ཡོང་འབབ་ཀྱང་འཕར་སྣོན་བྱུང་ནས་དངོས་གནས་ཡག་པོ་འདུག། ངས་ལག་རྩལ་གྱི་ཆུ་ཚད་མཐོར་འདེགས་བྱས་གང་ཐུབ་བྱས་ནས་ཁྱིམ་གྱི་འཚོ་བ་ཉིན་རེ་ལས་ཉིན་རེར་ཡར་རྒྱས་གཏང་རྒྱུ་ཡིན”ཞེས་ཆོད་སེམས་ཡོད་པའི་སྒོ་ནས་དེ་ལྟར་བཤད། རྫེས་པ་གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཆོས་གྲགས་ཀྱིས“གྲོང་མི་ཚོས་རང་ཉིད་ཀྱི་ལག་རྩལ་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་བྱུང་ཚེ་ཁོ་ཚོར་མ་སྐུལ་དང་བླངས་ཀྱིས་སློབ་སྦྱོང་དང་བརྩོན་ཞིབ་བྱེད་མོས་ཡོད་པས་གཞི་ནས་ལག་རྩལ་རྒྱུན་འཛིན་བྱེད་ཐུབ། མཉམ་ལས་ཁང་ལ་བརྟེན་ནས་མང་ཚོགས་དེ་བས་མང་པོ་རང་ཡུལ་དུ་ལས་ཞུགས་བྱས་ནས་ཕྱུག་འགྱུར་ཡོང་བའི་རེ་བ་འཆང་བཞིན་ཡོད་པ་རེད”ཅེས་ངོ་སྤྲོད་དེ་ལྟར་བྱས།

མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་མང་ཚོགས་ཞུགས་པར་སྐུལ་ཁྲིད། ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་ཁྲིད། འབྲོག་པའི་དུད་ཚང་གི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་ཁྲིད་བཅས་བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་གཞིར་བཟུང་ནས། རྫེས་པ་གྲོང་སྡེས་སྲོལ་རྒྱུན་གྱི་རིག་གནས་གཞི་རྒྱུ་དང་ཡུལ་སྡེ་དར་རྒྱས་གཏང་རྒྱུ་ཟུང་འབྲེལ་བྱས་ནས“ཏང་ཀྲི་པུའུ་དང་མཉམ་ལས་ཁང་། ཐོན་ལས”བཅས་གཞི་གཅིག་ཏུ་སྦྲེལ་བའི་བསམ་ཕྱོགས་ལ་བརྟེན་ནས་བོད་ཀྱི་ས་གདན་མཉམ་ལས་ཁང་བཙུགས་ཏེ་སྲོལ་རྒྱུན་གྱི་ལག་རྩལ་རྒྱུན་འཛིན་སྔར་ལས་ལེགས་པོ་བྱེད་པ་དང་ཆབས་ཅིག་བུད་མེད་མང་ཚོགས་ཀྱི་ལས་ཞུགས་ལམ་བུ་རྒྱ་སྐྱེད་བཏང་ནས་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུའི་ཐོག་སྐྱོད་་རོགས་བྱས་དང་བྱེད་བཞིན་ཡོད་པ་རེད། །



  • ལེ་ཚན་སྔོན་མ།:རང་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ལ་མངོན་གསལ་གྱི་བཟང་ཆ་མང་པོ་ཡོད།
  • ལེ་ཚན་རྗེས་མ།:ཧྥུང་ཧྥ་ཀུའེ་ཡིས་རིམས་ཚུལ་འགོག་ཟོན་ཐད་བླང་བྱ་འདི་འདྲ་བཏོན།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10