ཞི་ཅིན་ཕིང་གིས་ན་ཆུང་བྱིས་པ་ཚོར་ཐུགས་རེ་འདི་ལྟར་གནང་།

ཐུབ་ཀྱིས་བསྒྱུར་ཞུས་བྱས།        2022-06-02

ད་ལོའི་དྲུག་གཅིག་བྱིས་པའི་དུས་ཆེན་ལ།

     དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་འཆར་བའི་དུས་དང་བསྟུན་ནས། ངས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་རྒྱལ་ཡོངས་ཀྱི་རྒྱ་ཆེ་བའི་ན་ཆུང་བྱིས་པ་ཚོར་དུས་ཆེན་ལ་རྟེན་འབྲེལ་ཞུ་རྒྱུ་ཡིན། བྱིས་པ་ཚོ་སློབ་སྦྱོང་ཡར་ཐོན་ཡོང་བ་དང་འཚོ་བ་སྤྲོ་པོ་ཡོང་བ། སྐྱེ་སྟོབས་ཆེན་པོས་འཚར་ལོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

ཀུན་སྤྱོད་སྐོར།

     ཆུང་དུས་ནས་ཏང་གི་ཁ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བའི་ཆོད་སེམས་བརྟན་པོར་བཅངས་པ་དང་། སློབ་སྦྱོང་དོན་དུ་གཉེར་བ་དང་། སེམས་ལ་ཕུགས་འདུན་ཡོད་པ། སྤྱོད་ལམ་ཤིན་ཏུ་སྦྱོང་བ། འཇོན་ཐང་ཇེ་ཆེར་གཏོང་ཞིང་། མེས་རྒྱལ་དང་མི་དམངས་ལ་མཁོ་བའི་ཕྲུ་གུ་བཟང་པོ་བྱེད་གང་ཐུབ་བྱ་རྒྱུ་དང་། མེས་རྒྱལ་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་ཡོང་བའི་རྒྱུན་འཛིན་པ་བྱ་དགོས། 

     ཆུང་དུས་ནས་ཕུགས་འདུན་དད་སེམས་བཅང་དགོས། ཏང་ལ་དགའ་བ་དང་། མེས་རྒྱལ་ལ་དགའ་བ། མི་དམངས་ལ་དགའ་ཞིང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་གསར་བརྗེའི་ཁྲག་རྒྱུན་མི་རབས་ནས་མི་རབས་བར་བསྐྱང་དགོས།

     གནའ་ནས་ད་བར། འཇོན་ཐང་ཡོད་མཁན་གྱི་མི་ཞིག་ཡིན་ཕྱིན་ན་ཆུང་གི་དུས་ནས་རང་གཅུན་ཡག་པོ་ཐུབ་མཁན་ཤ་སྟག་ཡིན།

     ལེ་དབར་སྟོང་སར་འགྲོ་རྒྱུ་དེ།། གོམ་པ་རེ་རེ་སྤོས་ནས་སླེབས།། ཞེས་པ་ལྟར། མི་ཚང་མའི་འཚོ་བ་ནི་དོན་ཆུང་རེ་རེ་ནས་གྲུབ་པ་ཡིན་ལ། དགེ་བ་ཆུང་ངུ་བསགས་ན་གཞི་ནས་དགེ་བ་ཆེན་པོར་འགྱུར་ཐུབ།

     དུས་ཚོད་བཟང་པོ་དམ་དུ་འཛིན་པ་དང་། ཀུན་སྤྱོད་ཤིན་ཏུ་སྦྱོང་ཞིང་། བག་ཆགས་བཟང་པོ་ཐེབས་སུ་འཇུག་པ། སློབ་སྦྱོང་དོན་དུ་གཉེར་བ། ཕྱོགས་ཡོངས་ནས་གོང་འཕེལ་ཡོང་བ་དང་། ཤེས་ནུས་གཉིས་འཛོམས་ཀྱི་སྒོ་ནས་མེས་རྒྱལ་རླབས་པོ་ཆེ་དང་ཕ་ཡུལ་མཛེས་སྡུག་ལྡན་པ་སྐྲུན་པའི་རྐང་འཛིན་ཤེས་ལྡན་པ་འགྱུར་གང་ཐུབ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་བྱས་རྗེས་དགོས་ངེས་གཞག་དགོས།

     ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་ཀྱི་ལོ་རྒྱུས་ཤེས་བྱར་རྒྱུས་ལོན་གང་མང་བྱེད་པ་དང་། དཔའ་བོའི་དཔེ་སྟོན་མི་སྣར་སློབ་སྦྱོང་བྱེད་པ། ཏང་དང་མེས་རྒྱལ། མི་དམངས་བཅས་ལ་དགའ་བ། བྱ་སྤྱོད་དངོས་ཀྱི་ཐོག་ནས་གསར་བརྗེའི་ཁྲག་རྒྱུན་མི་རབས་ནས་མི་རབས་བར་བསྐྱང་དགོས།

     དྲིན་དྲན་གྱི་བསམ་པ་བཅངས་ཤིང་། དུས་ཚོད་གཅེས་འཛིན་དང་སློབ་སྦྱོང་དོན་གཉེར་བྱས་ཏེ། འབྱུང་འགྱུར་དུ་རྒྱལ་ཁབ་དང་མི་དམངས། སྤྱི་ཚོགས་བཅས་ལ་ཕན་པའི་མི་ཞིག་བྱ་དགོས།

     རང་ཉིད་འཚར་ལོངས་འབྱུང་བའི་དངོས་ཡོད་གནས་ཚུལ་དང་སྦྲེལ་ནས་ཏང་གི་ལོ་རྒྱུས་ཡག་པོ་སྦྱོང་བ་དང་། དཔའ་བོའི་དཔེ་སྟོན་མི་སྣ་མིག་དཔེ་རུ་བྱ་དགོས།

ཤེས་རིག་གི་སྐོར།

     ཁྱོད་ཚོས་སློབ་སྦྱོང་ལ་སྐོམ་པས་ཆུ་འདོད་པ་ལྟར་བྱ་རྒྱུ་དང་འཚོབ་ཞིབ་ལ་དགའ་ཞེན་ལྷད་མེད་བཅང་རྒྱུ་རྒྱུན་འཁྱོང་དགོས། ཚན་རིག་གི་སྙིང་སྟོབས་སྐྱེད་སྲིང་བྱེད་ཅིང་། སློབ་སྦྱོང་ལ་འབད་པ་དང་། ལག་ལེན་གང་ཐུབ་ཐུབ་བྱེད་པ། ན་ཆུང་དེ་བས་མང་པོ་ཁྲིད་དེ་ཚན་རིག་ལ་དང་དོད་དང་ཚན་རིག་ལ་དགའ་ཞེན། ཚན་རིག་སྦྱོང་བ། ཚན་རིག་སྤྱོད་པ་བཅས་བྱེད་པ་དང་། མེས་རྒྱལ་གྱི་རྐང་འཛིན་ཤེས་ལྡན་པ་འགྱུར་གང་ཐུབ་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་འགྲུབ་ཆེད་བྱས་རྗེས་དེ་བས་ཆེན་པོ་གཞག་དགོས།

     ཁྱོད་ཚོས་སློབ་སྦྱོང་ཡག་པོ་བྱ་དགོས། མ་འོངས་པར་ཤེས་རིག་ཡོད་པའི་མི་རབས་ཤིག་བྱས་ནས། ཚན་རིག་ཤེས་བྱས་ཡུལ་སྡེ་དར་རྒྱས་བཏང་སྟེ་དེང་རབས་ཅན་གྱི་ཀྲུང་གོ་བསྐྲུན་དགོས།ང་ཚོ་རྒན་གཞོན་དར་གསུམ་ཕྱར་བ་གྲུ་འདེགས་ཀྱིས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་དགོས།

     དུས་རབས་ནི་གོང་འཕེལ་རྒྱུན་ཆད་མེད་པར་འགྲོ་བཞིན་ཡོད། ཁྱོད་ཚོ་ཆེན་པོར་ཆགས་རྗེས་འཚོ་བ་ལ་འཕོ་འགྱུར་ཆེན་པོ་འབྱུང་རྒྱུ་རེད། ཚན་རྩལ་ལ་ཡང་ཡར་ཐོན་ཆེན་པོ་འབྱུང་ངེས། ཁྱོད་ཚོས་འདུ་ཤེས་གསར་པ་དང་ཤེས་བྱ་གསར་པ། འཇོན་ཐང་གསར་པ་བཅས་ལ་བརྟེན་ནས་འཚོ་བ་གསར་པར་འཕྲོད་ཐབས་དང་གསར་གཏོད་བྱ་དགོས་ཀྱི་ཡོད། དེ་ལྟར་བྱས་པ་ཡིན་ན། གཞི་ནས་མི་རིགས་ཤིག་ནམ་ཡང་འཚོ་གནས་ཐུབ་ལ་འགྲོ་བ་མི་ཡར་ཐོན་རྒྱུན་མི་ཆད་པ་ཡོང་ཐུབ།

ལུས་རྩལ་སྐོར།

     ཕྲུ་གུ་ཚོ་འཚར་ལོངས་དེ་བས་ཡག་པོ་འབྱུང་ཐུབ་པ་ནི་ང་ཚོའི་རེ་བ་ཆེ་ཤོས་དེ་ཡིན།

     ཁྱོད་ཚོར་སློབ་སྦྱོང་གི་ཁོར་ཡུག་ཧ་ཅང་ཡག་པོ་འདུག་ལ། སྦྱོང་བརྡར་གྱི་ཆ་རྐྱེན་ཡང་ཧ་ཅང་ཡག་པོ་འདུག། ལུས་པོ་སྦྱོང་བརྡར་ཐེབས་པ་དང་སྦྲགས་རྟུལ་ཕོད་མཉམ་ལས་ཀྱི་སྙིང་སྟོབས་ཀྱང་སྐྱེད་སྲིང་ཐུབ་ཡོད། ཁྱོད་ཚོས་གོ་སྐབས་གཅེས་འཛིན་བྱས་ཏེ་མུ་མཐུད་ནས་འབད་བརྩོན་བྱ་དགོས།

མཛེས་རྩལ་སྐོར།

     ལུས་སེམས་བདེ་ཐང་ཡོང་བར་ལུས་པོ་བཟང་པོ་དང་ཁ་འབྲལ་ཐབས་མེད་ལ། བསམ་པ་བཟང་པོ་ཞིག་ཀྱང་ངེས་པར་དུ་དགོས།

     ན་ཆུང་བྱིས་པའི་སེམས་པ་ནི་ཧ་ཅང་ཚོར་སྣང་སྐྱེན་པོ་ཡིན་ཞིང་། བྱ་དངོས་བཟང་པོ་ཐམས་ཅད་དང་ལེན་བྱ་འདོད་ཆེ།

སློབ་གྲྭའི་མཛེས་རྩལ་སློབ་གསོར་ཁྱོན་ཡོངས་ནས་ཤུགས་སྣོན་དང་ལེགས་འགྱུར་བྱ་དགོས་ལ། མཛེས་རྩལ་གྱིས་མི་སྐྱོང་བ་དང་། རིག་གནས་ཀྱིས་མི་བཏུལ་ཏེ། སློབ་མའི་མཛེས་དཔྱད་དང་མི་རིག་གི་བྱང་ཚད་མཐོ་རུ་གཏང་དགོས།

     སློབ་གསོ་སྟེ། སློབ་གྲྭའི་སློབ་གསོ་ཡིན་ནའང་འདྲ། ཁྱིམ་ཚང་སློབ་གསོ་ཡིན་ནའང་འདྲ། ཐོབ་སྐར་ལ་དོ་སྣང་དེ་ཙམ་ཆེན་པོ་བྱ་རྒྱུ་མེད། ཐོབ་སྐར་ནི་སྐབས་ཐོབ་ཀྱི་གྲུབ་འབྲས་ཤིག་ཡིན་ལ། སློབ་མའི་མི་ཚེ་གཅིག་གི་འཚར་ལོངས་དམིགས་འབེན་ནས་བསམ་བློ་གཏང་དགོས། གལ་ཏེ་མཇུག་མཐར་མི་གཞི་སྐྱོན་དང་བྲལ་བ་ཞིག་ཆགས་ཐུབ་མེད་ན། དེ་ནི་ཚད་དང་ལྡན་པ་ཞིག་ཡིན་རྒྱུ་མ་རེད།

     སྤྱི་ཚོགས་ཡོངས་ཀྱིས་ན་ཆུང་བྱིས་པ་ཚོའི་འཚར་ལོངས་གནས་ཚུལ་ལ་སེམས་ཁུར་བྱ་དགོས།ན་ཆུང་བྱིས་པའི་ལས་དོན་ལ་རྒྱབ་སྐྱོར་བྱ་དགོས།

ངལ་རྩོལ་སྐོར།

     བདེ་སྐྱིད་ནི་ཆར་ཟིམ་མིན་ཞིང་། བདེ་སྐྱིད་ནི་རིན་པ་མི་དགོས་པའི་ཟས་ཐུན་གཅིག་མིན། བདེ་སྐྱིད་ནི་གནམ་ནས་ལྷུང་མི་སྲིད། མི་ཡུལ་གྱི་གྲུབ་འབྲས་ཐམས་ཅད་དང་བདེ་སྐྱིད་ཐམས་ཅད་ནི་ངལ་རྩོལ་དང་གསར་སྐྲུན་ལས་འབྱུང་བ་རེད། སྙིང་རུས་ཆེན་པོས་སློབ་སྦྱོང་བྱེད་པ་དང་། རང་རྟོགས་ངང་ངལ་རྩོལ་བྱེད་པ། གསར་གཏོད་བྱེད་ཕོད་པ་བཅས་ཀྱི་མིག་དཔེ་སྟོན་མཁན་ཆུང་ཆུང་འགྱུར་བར་ཁྱོད་ཚོ་ཚང་མས་བརྩོན་ལེན་བྱ་དགོས།

     ཁྱོད་ཚོ་ཀུན་སྤྱོད་དང་ཤེས་རིག། ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་གོང་འཕེལ་ཡོང་བར་བྱ་དགོས། ངལ་རྩོལ་གྱི་ནུས་པ་ལ་ལྟ་ཆུང་བྱ་རྒྱུ་མེད། ཆུང་དུས་ནས་ངལ་རྩོལ་གྱི་འདུ་ཤེས་དང་། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས། བསྲི་ཚགས་ཀྱི་འདུ་ཤེས་བཅང་དགོས། དགེ་བ་ཆུང་ངུ་ཡིན་ཡང་མི་སྒྲུབ་པ་མི་བྱེད་ཅིང་། ཆུང་ས་དང་ཕྲ་ས་ནས་འགོ་བཙུགས་ཏེ།ཏང་དང་མི་དམངས་ལ་མཁོ་བའི་ཤེས་ལྡན་མི་སྣ་གོ་ཆོད་པ་ཞིག་བྱེད་གང་ཐུབ་བྱ་དགོས།

     འཚོ་བ་ནི་ངལ་རྩོལ་ལ་བརྟེན་དགོས། མི་ཚེ་ཡང་ངལ་རྩོལ་གྱིས་བསྐྲུན་དགོས། ཁྱོད་ཚོས་ཆུང་དུས་ནས་ངལ་རྩོལ་ནི་གཟི་བརྗིད་ཡིན་པའི་འདུ་ཤེས་བཅང་དགོས། རང་གི་བྱ་བ་རང་གིས་སྒྲུབ་པ་དང་། གཞན་གྱི་བྱ་བར་རོགས་རམ་བྱེད་པ། སྤྱི་ཕན་བྱ་བ་འཕྲོག་ནས་བསྒྲུབ་དགོས། ངལ་རྩོལ་ལ་བརྟེན་ནས་རེ་བའི་ས་བོན་བཏབ་སྟེ་གྲུབ་འབྲས་སྨིན་དུ་འཇུག་པ་དང་། ངལ་རྩོལ་བརྒྱུད་དེ་བློ་སྟོབས་སྦྱོང་བ་དང་རང་ཉིད་སྦྱོང་བརྡར་བྱ་དགོས།


  • ལེ་ཚན་སྔོན་མ།:གྲོང་ཁྱེར་མཛེས་རྒྱན་སྤྲས།། འཚོ་བ་སྔར་ལས་སྐྱིད།།
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་གིས་ཐོག་འགོག་ལས་དོན་སྤེལ།
  • དོ་སྣང་ཆེ་བའི་རྩོམ།