སླར་སྐྱེས་ནུས་ཁུངས་གསར་གཏོད་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་།

བདེ་སྐྱིད་ཀྱིས་བསྒྱུར།        2022-05-25

གསེར་རྟ་རྫོང་གི་འོད་ཤུགས་ལག་རྩལ་གསར་སྤེལ་བྱད་ཚད་སྟོང་ཝ་ཁྲི1450ལ་ཟིན་ཡོད།

ཉེ་ཆར། གསར་འགོད་པས་གསེར་རྟ་རྫོང་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཁྲེང་ཏུའུ་རྩད་ཞིབ་ཇུས་འགོད་ཞིབ་འཇུག་ཁང་གིས་ཟླ་བ་གསུམ་ལྷག་ཙམ་རིང་ལ་ཐོན་ཁུངས་བརྟག་དཔྱད་བྱས་པར་བརྒྱུད། གསེར་རྟ་རྫོང་གི་འོད་ཤུགས་ལག་རྩལ་གསར་སྤེལ་བྱེད་ཚད་ཀྱི་གཞི་ཁྱོན་དེ་སྔའི་སྟོང་ཝ་ཁྲི650ནས1450བར་མང་དུ་ཕྱིན་ཡོད་པ་རེད། གཙོ་གནད་ལས་གཞི་ལག་བསྟར་ལ་སྟོང་ཝ་ཁྲི1000ལ་ཟིན་པ་དང་ཆབས་ཅིག་ཆུ་འཐེན་ནུས་གསོག་གློག་ཁང3བདམས་ནས་སྒྲིག་འཁོར་ནས་གློག་གཏོང་ཚད་ཧ་ལམ་སྟོང་ཝ་ཁྲི380ལ་ཟིན་པ་རེད།

ཁུལ་ཨུའི་རྒྱུན་ཨུ། རྫོང་ཨུའི་ཧྲུའུ་ཅི་ཧོ་པིའོ་ཡིས་ཐོན་ཁུངས་བརྟག་དཔྱད་ཀྱི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་དེ་ལས་གསེར་རྟ་འོད་ཤུགས་ཐོན་ཁུངས་ཀྱི་ད་ལྟའི་གནས་ཚུལ་ལ་འགྱུར་ལྡོག་ཕྱིན་པར་མ་ཟད། རྫོང་གི་རྩ་བའི་གནས་ཚུལ་ལའང་འགྱུར་ལྡོག་ཕྱིན་ཏེ། རྫོང་གི་མི་རིགས་ཁག་གི་མི་དམངས་རྒྱལ་ཡོངས་མི་དམངས་དང་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུའི་ཐོག་རྗེས་ལུས་མི་ཐེབས་པ་དང་། ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་ནུས་པ་གསར་པ་ཞིག་ཏུ་འགྱུར་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད། རྫོང་གིས་སྤྱི་ཁོག་འཆར་འགོད་དང་ཕྱིར་འདྲེན་གང་ཐུབ། རིམ་པ་བགོས་ནས་ལག་བསྟར། ཚན་རིག་དང་མཐུན་པའི་སྒོ་ནས་ས་ཆ་འདེམས་པ། འོད་ཤུགས་ཀྱིས་སྐུལ་ཁྲིད་བྱེད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་ནས། ཡུལ་ཕྱོགས་གཅིག་གི་ཐོན་ཁུངས་གསར་སྤེལ་བྱེད་པར་ངེས་པར་དུ་ཡུལ་ཕྱོགས་དེའི་དཔལ་འབྱོར་འཕེལ་རྒྱས་དང་། སྐྱེ་ཁམས་ལེགས་བཅོས། མང་ཚོགས་འབྱོར་ཕྱུག་བཅས་ཡོང་བ་བྱ་དགོས་ཞེས་གསུངས་པ་རེད།

ལོ་ལྔའི་འཆར་འགོད་བཅུ་བཞི་ལག་བསྟར་བྱས་པ་ནས་བཟུང་། གསེར་རྟ་རྫོང་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅང་རྒྱུའི་གཙོ་རྐང་དེར་དམིགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྐྱེ་ཁམས་དཔལ་ཡོན་གྱི་ཁྱིམ་གཞིས་གཉིས་བསྐྲུན་པ་དང་། རྩྭ་ཐང་གི་འབྲོག་ལས། རྒྱ་ལུགས་དང་བོད་ལུགས་གསོ་རིག་གི་སྨན་རྫས་དག་མ། དྭངས་གཙང་ནུས་ཁུངས་བཅས་རྟེན་གཞི་ཆེན་པོ་གསུམ་གྱི་རྨང་གཞི་བརྟན་དུ་གཏོང་བ། གསར་གཏོད་ཀྱིས་འཕེལ་རྒྱས་བསྐུལ་བ་དང་། སྤུས་རྟགས་ཀྱིས་སྣེ་ཁྲིད་པ། ཁོངས་ཡོངས་སུ་སྒོ་འབྱེད་པ། ཨང་ཀི་ཅན་བཅོས་བསྒྱུར་བཅས་ཕྱོགས་བཞི་ནས་བསྐུལ་བ་ལག་ལེན་དང་། ཁྲིམས་ལྟར་རྫོང་སྐྱོང་བ་དང་ཡུལ་སྡེ་དར་རྒྱས། སྐྱེ་ཁམས་དཔལ་ཡོན། སློབ་གསོ་སྔོན་དར། འགྲིམ་འགྲུལ་སྔོན་སྤེལ་བཅས་ཀྱི་འཐབ་ཇུས་ཆེན་པོ་ལྔར་སྐུལ་འདེད་གཏོང་བ། འོད་ཤུགས་ཐོན་ཁུངས་གསར་སྤེལ་འཚོལ་ཞིབ་ཧུར་ཐག་བྱས་ནས་འོད་ཤུགས་རྟེན་གཞི་འཛུགས་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། འབྱུང་འཕྲོད་ཐཱན་ཉུང་གི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་ལམ་བུར་བསྐྱོད་པ་རེད།

2021ལོར་ཁུལ་དང་ཞིབ་འཇུག་ཁང་གི་འཐབ་ཇུས་མཉམ་ལས་འབྲེལ་བའི་སྣེ་ཁྲིད་དང་ཝུན་ཅང་ཆུས་ཀྱི་གསེར་རྟའི་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་དྲུག་པའི་རོགས་རམ་འོག། འོད་ཤུགས་དང་སྐྱེ་ཁམས་ལེགས་འགྱུར་སྦྲེལ་བ་དང་འོད་ཤུགས་དང་ཕྱུགས་རྩྭའི་འདེབས་འཛུགས་སྦྲེལ་བ། འོད་ཤུགས་དང་རྩྭ་སྨན་འདེབས་འཛུགས་སྦྲེལ་བ་བཅས་བྱས་ཏེ། བརྟག་དཔྱད་དང་འབྲེལ་འོད་ཤུགས་ཐོན་ཁུངས་ཕྱོགས་བསྡུས་གསར་སྤེལ་དང་། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་མཉམ་ལས་འདོད་མཐུན་ཐོག་མ་ཆགས་པ་རེད། ཕྱོགས་གཉིས་པོས་མཉམ་ལས་བྱས་ནས་འོད་ཤུགས་ཐོན་ལས་དང་འབྲོག་ལས། རྩྭ་སྨན་འདེབས་འཛུགས་ལས་རིགས་སོགས་ཀྱི་མཉམ་འདྲེས་འཕེལ་རྒྱས་བྱས་པར་བརྒྱུད། ཐོན་ལས་འཕེལ་རྒྱས་ལ་སྟོབས་ཤུགས་དེ་བས་ཆེ་བ་བསྣན་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་བཏང་སྟེ། གསེར་རྟ་རྫོང་གི་ཐོན་ལས་དར་རྒྱས་གཏང་རྒྱུར་སྐུལ་འདེད་བཏང་བ་རེད།

དེ་དང་ཆབས་ཅིག་གསེར་རྟ་རྫོང་གིས་ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་ཁྲེང་ཏུའུ་རྩད་ཞིབ་ཇུས་འགོད་ཞིབ་འཇུག་ཁང་ལ་ཆུ་འཐེན་ནུས་གསོག་དང་། འོད་ཤུགས་ཐོན་ཁུངས་ཡོངས་ཁྱབ་ཞིབ་བཤེར། དྭངས་གཙང་ནུས་ཁུངས་རྟེན་གཞིར་ཞིབ་འཇུག་བཅས་ཀྱི་ལས་དོན་སྤེལ་རྒྱུའི་མངགས་བཅོལ་ཡང་བྱས་པ་རེད།། 


  • ལེ་ཚན་སྔོན་མ།:རྒྱལ་ལམ318པའི་དར་མདོ་གྲོང་ཁྱེར་བརྒལ་མཚམས་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་གིས་རོང་བྲག་དང་དར་མདོ་རུ་ཆུ་བོར་སྐོར་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།