སེར་ཤུལ་རྫོང་དུ་གཏམ་བཤད་འགྲན་སྡུར་སྤེལ།

    སེར་ཤུལ་རྫོང་འཕྲིན་སྦྱོར་མཉམ་འདྲེས་ལྟེ་གནས་ནས།    2022-05-24

  སེར་ཤུལ་རྫོང་དུ་གཏམ་བཤད་འགྲན་སྡུར་སྤེལ།

   ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པ་བསུ་བ་དང་། གཞོན་ནུ་ལོ་ཆུང་ལ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་རང་རྟོགས་ཀྱིས་སྲུང་སྐྱོང་། སློབ་མ་རྣམས་མེས་རྒྱལ་ལ་དགའ་ཞེན་བྱེད་པའི་སྤྲོ་སེམས་སྐུལ་སློང་བཅས་བྱ་ཆེད། སྤྱི་ཟླ5ཚེས18ཉིན་གུང་གཞོན་ཚོགས་པ་སེར་ཤུལ་རྫོང་ཨུ་དང་། རྫོང་སློབ་གསོ་དང་ལུས་རྩལ་ཅུས། རྫོང་ལོ་ཆུང་བྱིས་པའི་ལས་དོན་ཨུ་ལྷན་བཅས་ཀྱིས་སྤེལ་བའི་སེར་ཤུལ་རྫོང་གི“མི་རིགས་མཐུན་སྒྲིལ་ངའི་སེམས་ནང་ཡོད”ཅེས་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་གཏམ་བཤད་འགྲན་སྡུར་དེ་ན་གཞོན་བྱེད་སྒོའི་ལྟེ་གནས་སུ་གཉེར།

སེར་ཤུལ་རྫོང་དུ་གཏམ་བཤད་འགྲན་སྡུར་སྤེལ།

     གཏམ་བཤད་འགྲན་སྡུར་དེ་རྒྱལ་གླུའི་ཁྲོད་འགོ་ཚུགས་ཤིང་། འགྲན་ཞུགས་པ་སློབ་ཆུང་ཁག་ནས་ཡོང་བའི་ཚོ་ཆུང12ཀྱིས་མི་རིགས་མཐུན་སྒྲིལ་གྱི་གཙོ་དོན་ལ་དམིགས་ནས་བསམ་པའི་ཉམས་འགྱུར་ངོ་མས་སེར་ཤུལ་རྫོང་གི་མི་རིགས་ཁག་གི་སྤུན་ཟླའི་བར་གྱི་འཆམ་མཐུན་དང་རོགས་རེས། མཛེས་སྡུག་གི་ཁྱིམ་གཞིས་བཅས་ལ་གསོན་ཉམས་དོད་པའི་སྒོ་ནས་མཚོན་པར་བྱས་པ་རེད། རྣམ་པ་མི་འདྲ་བའི་ཐོག་ནས་མི་རིགས་མཐུན་སྒྲིལ་ལ་ཤེས་རྟོགས་དང་ངོས་འཛིན་ལྷུག་པོར་གླེང་བ། དངོས་ཡོད་འཚོ་བའི་ཁྲོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་དོན་སྙིང་ཟབ་མོ་གསལ་འགྲེལ་ཡང་བྱས་པ་རེད། མེས་རྒྱལ་རླབས་ཆེན་ལ་དགའ་ཞེན་དང་མི་རིགས་མཐུན་སྒྲིལ། ཁྱིམ་ཚང་གཅིག་ལྟར་ཀྱི་བརྩེ་བ་ལ་བསྔགས་བརྗོད་བྱས་པ་དང་། དུས་རབས་གསར་པའི་གྲངས་ཉུང་མི་རིགས་ཀྱི་སློབ་མའི་ལང་ཚོའི་ཉམས་འགྱུར་ཡོངས་སུ་མངོན། མི་སེམས་ལ་སྐུལ་མ་ཐེབས་པའི་གཏམ་བཤད་ལ་དགའ་བསུའི་ཐལ་སྒྲ་ཡང་ཡང་ཐོབ།

སེར་ཤུལ་རྫོང་དུ་གཏམ་བཤད་འགྲན་སྡུར་སྤེལ།

     རྒྱུས་ལོན་བྱུང་བ་ལྟར་ན། ད་ཐེངས་ཀྱི་འགྲན་སྡུར་ནང་དཔྱད་འདེམས་ཨུ་ལྷན་གྱིས་སྐར་མ་བརྒྱབ་མཐར་བྱ་དགའ་ཨང་དང་པོ1དང་། ཨང་གཉིས་པ2། ཨང་གསུམ་པ3། བྱ་དགའ་ཕུལ་བྱུང6བཅས་ཐོབ་པར་མ་ཟད། བྱ་དགའ་ཐོབ་མཁན་ཚོར་གཟི་བརྗིད་དཔང་ཡིག་སྤྲད་པ་རེད།

  སེར་ཤུལ་རྫོང་དུ་གཏམ་བཤད་འགྲན་སྡུར་སྤེལ།

     ཐེངས་འདིའི་གཏམ་བཤད་འགྲན་སྡུར་སྤེལ་བར་བརྒྱུད། སློབ་གྲོགས་ཚོའི་མི་རིགས་མཐུན་སྒྲིལ་གྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་སྔར་ལས་ཆེ་རུ་ཕྱིན་པ་དང་། རང་རྟོགས་ཀྱིས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དགོས་པའི་ངེས་ཤེས་རྙེད།

སེར་ཤུལ་རྫོང་དུ་གཏམ་བཤད་འགྲན་སྡུར་སྤེལ།
སེར་ཤུལ་རྫོང་དུ་གཏམ་བཤད་འགྲན་སྡུར་སྤེལ།


  • ལེ་ཚན་སྔོན་མ།:རོང་བྲག་རྫོང་ཇ་རྒྱུད་གྲོང་རྡལ་གྱིས་ཏང་སྐྱོང་དང་སྦྲེལ་ནས་ཡུལ་སྡེ་དར་རྒྱས་གཏོང་བའི་སྒུལ་ཤུགས་བསླངས།
  • ལེ་ཚན་རྗེས་མ།:རྒྱལ་ལམ318པའི་དར་མདོ་གྲོང་ཁྱེར་བརྒལ་མཚམས་གཞུང་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ཡོད།
  • དོ་སྣང་ཆེ་བའི་རྩོམ།