རྟའུ་རྫོང་གིས་འཛམ་གླིང་ལ་གྲོང་ཁྱེར་གྱི་མིང་བྱང་བསྟན།

བདེ་ཆེན་གྱིས་བསྒྱུར།        2021-07-23

  

རྟའུ་རྫོང་གིས་འཛམ་གླིང་ལ་གྲོང་ཁྱེར་གྱི་མིང་བྱང་བསྟན།

  སྤྱི་ཟླ7པའི་ཚེས22ཉིན། རྟའུ་རྫོང་མི་དམངས་སྲིད་གཞུང་དང་ཀྲུང་གོའི་རྒྱལ་ཁབ་ས་གཤིས་མཉམ་འབྲེལ་གྱིས་གཙོ་གཉེར་བྱས་པའི་རྟའུ་རྫོང་ལྔ་པའི་སོ་ནམ་རིག་གནས་ཡུལ་སྐོར་དུས་ཚིགས་སྐབས་དྲུག་པའི་ཀྲུང་གོ་བོད་ཁང་གླེང་སྟེགས་དེ་རྟའུ་རུ་བདེ་བླག་ངང་སྤེལ་བ་རེད།ཀྲུང་གོའི་ཚན་རིག་ཁང་གི་ས་གཤིས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲང་པའེ་ཕིང་དང་ཡུན་ནན་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་གནའ་བོའི་ཚོང་འདྲེན་རྡལ་ལམ་གྱི་ཆེད་མཁས་པ་ལི་ཞུན།ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོང་མཐུན་ཚོགས་ཀྱི་ལས་འཛིན་ཞུས་ཙུང་ཝེ་སོགས་ཀྲུང་གོའི་ཚན་རིག་ཁང་དང་ཀྲུང་གོའི་ས་གཤིས་དུས་དེབ།རྟའུ་རང་ཡུལ་སོགས་ས་ཁུལ་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བའི་བོད་རིག་པའི་ཆེད་མཁས་པ་དང་མཁས་དབང་།སྐུ་མགྲོན་བཅས22མཉམ་དུ་འཛོམས་ནས་བོད་ཁང་བཟོ་སྐྲུན་རིག་གནས་ཀྱི་སྲུང་སྐྱོང་བེད་སྤྱོད་དང་རྒྱུན་འཛིན་འཕེལ་རྒྱས་གཏང་རྒྱུའི་སྐོར་ལ་གྲོས་བསྡུར་བྱས་པ་རེད།

 

རྟའུ་རྫོང་གིས་འཛམ་གླིང་ལ་གྲོང་ཁྱེར་གྱི་མིང་བྱང་བསྟན།

རྟའུ་རྫོང་གིས་འཛམ་གླིང་ལ་གྲོང་ཁྱེར་གྱི་མིང་བྱང་བསྟན།

     ལས་ཡུལ་དངོས་སུ་ཀྲུང་གུང་རྟའུ་རྫོང་ཨུའི་ཧྲུའུ་ཅི་ཕུའུ་ཡུང་ཧྥེང་དང་《ཀྲུང་གོའི་རྒྱལ་ཁབ་ས་གཤིས་》དུས་དེབ་ཁང་གི་ཧྲེ་ཀྲང་གཞོན་པ་དང་འཕྲིན་སྦྱོར་གསར་པའིCEOཚའེ་ཧྭ་ཧྭ་དང་། དཀར་མཛེས་ཁུལ་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལིའུ་ཧུང་།རྟའུ་རྫོང་ཨུའི་ཧྲུའ་ཅི་གཞོན་པ་རྫོང་དཔོན་བཀྲ་ཤིས་རྡོ་རྗེ་བཅས་ཀྱིས་གླེང་སྟེགས་མགོ་ཚུགས་ཀྱི་མིང་བྱང་འབྱེད་པ་རེད།ཕུའུ་ཡུང་ཧྥེང་གིས་རྟའུ་བོད་ཁང་གི་ཁྱད་ཆོས་གཙོ་བོ་དང་རྟའུ་བོད་ཁང་གི་གྲུབ་ཆ་དང་ནུས་པ།རྣམ་པ།རིག་གནས་བཅས་ཕྱོགས་བཞིའི་ཐད་ནས་ཚོགས་ཞུགས་ཆེད་མཁས་པའི་མགོ་ཁྲིད་ལ་གཙོ་དོན་གཏམ་བཤད་བཤད་པ་རེད།

 

རྟའུ་རྫོང་གིས་འཛམ་གླིང་ལ་གྲོང་ཁྱེར་གྱི་མིང་བྱང་བསྟན།

རྟའུ་རྫོང་གིས་འཛམ་གླིང་ལ་གྲོང་ཁྱེར་གྱི་མིང་བྱང་བསྟན།

    གླེང་སྟེགས་ཚོགས་འདུའི་སྟེང་ཀྲུང་གོའི་ཚན་རིག་ཁང་ས་གཤིས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་དགེ་རྒན་ཀྲང་པའེ་ཕིང་གིས་ཐོག་མར་ཚང་མར་མཚོ་བོད་མཐོ་སྒང་གི་རང་བྱུང་ས་གཤིས་ཁོར་ཡུག་དང་རྟའུ་བོད་ཁང་གི་འབྲེལ་བར་འགྲེལ་བཤད་བརྒྱབ་པ་དང་།ཡུན་ནན་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ།གནའ་བོའི་ཚོང་འདྲེན་རྡལ་ལམ་གྱི་ཆེད་མཁས་པ་དགེ་རྒན་ལི་ཞུན་གྱིས་གནའ་བོའི་ཚོང་འདྲེན་རྡལ་ལམ་གྱི་ལོ་རྒྱུས་གཞི་འཛིན་ནས་རྟའུ་བོད་ཁང་གི་ལོ་རྒྱུས་ཀྱི་ལམ་བུ་རིམ་འགྱུར་གླེང་བ་དང་།ཀྲུང་གོ་བོད་ལྗོངས་རིག་གནས་སྲུང་སྐྱོང་མཐུན་ཚོགས་ཀྱི་ལས་འཛིན་དགེ་རྒན་ཞུས་ཙུང་ཝེ་ཡིས་བཟོ་སྐྲུན་སྒྱུ་རྩལ་གྱི་སྤྱི་ཁོག་གཞི་འཛིན་ནས་རྟའུ་བོད་ཁང་མཛེས་དཔྱོད་ཀྱི་ཁྱད་ཆོས་བརྗོད་པ་རེད།ཆེད་མཁས་པ་དང་སྐུ་མགྲོན་གྱིས་སྤེལ་རེས་དང་གྲོས་བསྡུར་བྱས་པར་བརྒྱུད་རྟའུ་བོད་ཁང་རྒྱུན་འཛིན་དང་འཕེལ་རྒྱས་གཏང་རྒྱུར་ཐབས་ཇུས་དང་གྲོས་མགོ་བཏོན་པ་རེད།།

རྟའུ་རྫོང་གིས་འཛམ་གླིང་ལ་གྲོང་ཁྱེར་གྱི་མིང་བྱང་བསྟན།

  • ལེ་ཚན་སྔོན་མ།:ལི་ཐང་རྫོང་གིས་རྩྭ་ཐང་སྲུང་སྐྱོང་འདི་འདྲ་བྱེད་བཞིན་འདུག།
  • ལེ་ཚན་རྗེས་མ།:རང་སྐྱོང་ཁུལ་གྱི་ཁུལ་དཔོན་ཐོག་མ་སངས་རྒྱས་ཡེ་ཤེས་ཀྱི་གནས་ཚུལ་རགས་བཀོད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10