བོད་རིག་པའི་ཞིབ་འཇུག་པ་སྐོར་ཞིག་རོང་བྲག་རྫོང་དུ་བསྐྱོད།

བཀྲ་ཤིས་ཕུན་ཚོགས།        2021-05-28

བོད་རིག་པའི་ཞིབ་འཇུག་པ་སྐོར་ཞིག་རོང་བྲག་རྫོང་དུ་བསྐྱོད།

     རང་ཁུལ་གྱི་རྫོང་ཁག་སོ་སོའི་བོད་རིག་པ་ཞིབ་འཇུག་དང་སྐད་ཡིག་ཡིག་སྒྱུར་སྐོར་གྱི་ལས་དོན། ས་ཆ་སོ་སོའི་ལོ་རྒྱུས་དང་དམར་དམག་རྒྱང་སྐྱོད་སྐབས་ཀྱི་གཏམ་རྒྱུད་སོགས་བོད་རིག་པའི་རིག་གཞུང་ཞིབ་འཇུག་ལ་རིན་ཐང་ལྡན་པའི་གནས་ཚུལ་ལ་རྒྱུས་ལོན་དང་སློབ་སྦྱོང་། ཉམས་མྱོང་བསགས་ཆེད། དཀར་མཛེས་བོད་རིག་པ་ཞིབ་འཇུག་ཁང་གི་མགོ་ཁྲིད་དང་ལས་མི་འགའ་ཟླ5པའིཚེས25ནས་ཚེས27བར། རོང་བྲག་རྫོང་དུ་ཉམས་ཞིབ་སློབ་སྦྱོང་དུ་སོང་།

བོད་རིག་པའི་ཞིབ་འཇུག་པ་སྐོར་ཞིག་རོང་བྲག་རྫོང་དུ་བསྐྱོད།

     ཟླ5ཚེས25ཉིན། རོང་བྲག་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཞང་ལགས་ཀྱི་གཙོ་སྐྱོང་འོག་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གིས་རོང་བྲག་རྫོང་དུ་བོད་རིག་པའི་ཞིབ་འཇུག་དང་བརྟག་དཔྱད་ཀྱི་བཞུགས་མོལ་ཚོགས་འདུ་ཚོགས། ཚོགས་ཐོག་ཏུ་རོང་བྲག་རྫོང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། རོང་བྲག་རྫོང་མི་རིགས་ཆོས་ལུགས་ཅུས། རོང་བྲག་རྫོང་སྲིད་གྲོས་དང་རྫོང་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གཞུང་ལས་ཁང་གི་འབྲེལ་ཡོད་མི་སྣ་དང་བོད་རིག་པའི་ཆེད་མཁས་བཅས་མི་ཉི་ཤུ་ལྷག་ཚོགས་འདུ་ལ་ཞུགས།

བོད་རིག་པའི་ཞིབ་འཇུག་པ་སྐོར་ཞིག་རོང་བྲག་རྫོང་དུ་བསྐྱོད།

     ཐོག་མར་དཀར་མཛེས་ཁུལ་བོད་རིག་པ་ཞིབ་འཇུག་ཁང་གི་མགོ་འཛིན། དཀར་མཛེས་ཁུལ་མི་རིགས་སྐད་ཡིག་རྩོམ་སྒྱུར་ལྟེ་གནས་ཀྱི་ཀྲུའུ་རེན་ལུའོ་ཁང་ཧྥེ་ཡིས་ཐེངས་འདི་རོང་བྲག་ཏུ་བརྟག་དཔྱད་སློབ་སྦྱོང་ཡོང་པའི་དགོས་པ་དང་བརྟག་དཔྱད་ཀྱི་ནང་དོན་གསུམ་འདོན་ཡོད་དེ། དམར་དམག་རྒྱང་སྐྱོང་སྐབས་རོང་བྲག་ཏུ་ཡོད་པའི་དམར་དམག་གི་ལོ་རྒྱུས། རྒྱལ་རོང་རྒྱལ་ཁབ་བཅོ་བརྒྱད་ཀྱི་ཡ་གྱལ་བྲག་སྟེང་རྒྱལ་པོ་དང་པ་ཝཾ་རྒྱལ་པོ། རྒྱལ་མོ་དམུ་རྡོའི་རིག་གནས་ལོ་རྒྱུས་སོགས་རྒྱུད་འཛིན་དང་སྲུང་སྐྱོང་གི་གནས་ཚུལ་བཅས་སོ།།

བོད་རིག་པའི་ཞིབ་འཇུག་པ་སྐོར་ཞིག་རོང་བྲག་རྫོང་དུ་བསྐྱོད།

     ལུའོ་ཁང་ཧྥེ་ཡིས་བཤད་དོན། ཐེངས་འདིའི་བརྟག་དཔྱད་སློབ་སྦྱོང་གི་གོ་སྐབས་བརྒྱུད་ནས་རྒྱལ་རོང་གི་རིག་གནས་ལ་སློབ་སྦྱོང་དང་རྒྱུད་འཛིན་བྱེད་པར་རྨང་གཞི་བརྟན་པོ་བཏིང་ནས་དཀར་མཛེས་ཁུལ་གྱི་བོད་རིག་པའི་ཞིབ་འཇུག་གི་ཆུ་ཚད་ཇེ་མཐོ་གཏང་པར་གདོན་མི་ཟ། ཆབས་ཅིག་ཏུ་ང་ཚོས་ཐབས་ཤེས་སྣ་ཚོགས་ཀྱི་སྒོ་ནས་རྒྱལ་རོང་གི་རིག་གནས་ཁྱབ་བསྒྲགས་བྱས་ཏེ།རྒྱལ་རོང་གི་རིག་གནས་དང་དམར་དམག་རྒྱལ་རོང་དུ་བསྐྱོད་སྐབས་ཀྱི་གཏམ་རྒྱུད་སོགས་ཀུན་གྱིས་ཤེས་པར་འབད་དགོས།

བོད་རིག་པའི་ཞིབ་འཇུག་པ་སྐོར་ཞིག་རོང་བྲག་རྫོང་དུ་བསྐྱོད།

     ཚེས26ཉིན། དཔལ་དབང་དགེ་ལྡན་ཐེག་ཆེན་གསང་སྔགས་གླིང་དང་། པ་ཝཾ་རྒྱལ་པོའི་ཕོ་བྲང་། བྲག་སྟེང་རྒྱལ་པོའི་ཕོ་བྲང་བཅས་སུ་བརྟག་དཔྱད་ཞིབ་འཇུག་ཏུ་སོང་། ཚེས27ཉིན། གནས་འགོ་གཡུང་དྲུང་རྫོགས་ཆེན་གླིང་དང་རྒྱལ་རོང་གནས་ཆེན་དམུ་རྡོའི་དགོན་དུ་བོད་རིག་པ་སྐོར་ལ་བརྟག་དཔྱད་སློབ་སྦྱོང་དུ་སོང་།

བོད་རིག་པའི་ཞིབ་འཇུག་པ་སྐོར་ཞིག་རོང་བྲག་རྫོང་དུ་བསྐྱོད།

  • ལེ་ཚན་སྔོན་མ།:བོད་རིགས་གཞོན་ནུ་བདུན་ལ་ཚོན་རིས་བཟོ་གྲྭ་གཉེར་བའི་སྨོན་འདུན་འགྲུབ།
  • ལེ་ཚན་རྗེས་མ།:ལས་གཞི240ལ་ལོ་འཁོར་གྱི་འཆར་གཞི་མ་དངུལ་སྒོར་དུང་ཕྱུར311འཇོག་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།