ཁ་བའི་ཞིང་གི་མདོ་ཁམས་གཡུ་ལྗོངས་ཕྱུག་མོ།

2021/3/19 9:16:30 གཡུ་ཁོག་དོན་གཅེས་ཀྱིས་པར་བླངས།


    མདོ་ཁམས་གཡུ་ཁོག་ཅེས་ས་བཅུད་གཡང་གི་སྤར་ཁ་མ་ལུས་ཀུན་ནས་ཚང་བའི་ཡུལ་གྲུ་འདི་ནི་ཤར་ན་མདོ་མུར་ཤོག་གསུམ་དང་། ལྷོ་ན་མི་ཉག་དང་ཏྲེ་ཧོར། ནུབ་ན་ལི་གཙང་སྟོད་སྨད། བྱང་ན་རྒྱལ་རོང་ཁྲོ་སྐྱབས་བཅས་ཀྱིས་བསྐོར་བའི་ཡུལ་དབུས་ཀྱི་ཡུལ་ལྗོངས་ཉམས་དགའ་བ་དེར་བརྗིད་ཀྱིས་ཆགས་ཤིང་། གཡུ་སྟོད་ན་གངས་ཀྱི་རི་བོ་ནམ་མཁའི་དབྱིངས་སུ་སྙེགས་ཤིང་རི་ཕྲན་མང་པོས་མཐའ་ནས་བསྐོར་བ། གཡུ་སྨད་དུ་རྒྱ་ཤོད་ཞིང་གི་རེའུ་མིག་རྣམ་པར་བཀྲ་བ་ལས་འབྲུ་རིགས་སྣ་ཚོགས་ཀྱི་འབྲས་བུ་གཡུར་དུ་ཟ་བ། ཕྱོགས་མཚམས་རྣམས་སུ་རྔམ་ཞིང་བརྗིད་པའི་ནགས་རི། མཐོ་ལ་གཟར་བའི་རྫ་རི་དང་བྲག་རི། འཇམ་ལ་ཟླུམ་པའི་སྤང་རི་སོགས་ཕྱི་སྣོད་ཀྱི་མཛེས་སྡུག་གི་ངོ་མཚར་ཀུན་ནས་འཛོམས་ཤིང་རོང་འབྲོག་ཉི་ཟླ་ཟུང་གིས་ཡུལ་འདིའི་ལུགས་གཉིས་ཀྱི་དགེ་མཚན་མཐོ་རུ་བསྒྲེངས་བའི་མི་ཡུལ་གྱི་དག་ཞིང་ཞིག་ལགས་སོ།།