པར་པ་འོད་གསལ་རྡོ་རྗེའི་འདྲ་པར་བརྩམས་ཆོས་བདམས་བཀོད།

2018/1/2 12:05:00 འོད་གསལ་རྡོ་རྗེ།


པར་ལེན་པ་འོད(འོད་གསལ་རྡོ་རྗེ)ནི1987ལོར་ཁམས་མི་ཉག་ཏུ་སྐྱེས། ད་ལྟ་མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། མགོ་ལོག་ཁུལ་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། གངས་ཕྲུག་པར་ལེན་རུ་བའི་ཚོགས་མི། འོད་རབ་གསལ་མཛེས་རྩལ་སྤྱི་སྟེགས་ཀྱི་བདག་གཉེར་མཁན་བཅས་ཡིན། 2014ལོར་ཀྲུང་གོའི(མཚོ་སྔོན)གཙང་གསུམ་འབྱུང་ཁུངས་རྒྱལ་སྤྱིའི་པར་ལེན་དུས་སྟོན་ལ་ཞུགས་ནས་པར་རིས་བརྩམས་ཆོས《མཐོ་བརྗིད།》 ཅེས་པར་བྱ་དགའ་ཐོབ། ན་གཞོན་པར་ལེན་པ་ཁོང་གིས་འབད་པ་ལྷོད་མེད་ཀྱིས་གངས་ལྗོངས་ཀྱི་སྣོད་བཅུད་གཉིས་ཀ་པར་མིག་ཟིན་བྲིས་སུ་འདེབས་མུས་སུ་མཆིས་པའོ།།