རྫས་ལུད་བཀོལ་སྤྱོད་ཐད་ཀྱི་རྒྱུན་མཐོང་ཤེས་བྱ་འགའ།

ཤ་བོ་རིན་མཚོ།    མཚོ་སྔོན་བོད་སྐད་རླུང་འཕྲིན།    2011-01-17

གཅིག ཐཱན་སྐྱུར་ཆིང་ཨན་དྲོད་ཁང་ནང་དུ་གཏོར་ན་མི་འོས།
   རྒྱུ་མཚན་ནི་ཐཱན་སྐྱུར་ཆིང་ཨན་དྲོད་ཁང་ནང་དུ་གཏོར་ཚེ་ཨན་རླངས་སུ་དབྱེ་ཕྲལ་བྱས་ཏེ་ཡལ་འགྲོ་བ་རེད།
  གཉིས། མུ་ཟི་སྐྱུར་ཨན་ཡུན་རིང་དུ་བཀོལ་མི་འོས།
   རྫས་ལུད་འདི་ནི་གཟུགས་ཁམས་སྐྱུར་བ་རང་བཞིན་གྱི་རྫས་ལུད་ཁོངས་སུ་གཏོགས་པས། ཞིང་ས་གཅིག་གི་ནང་དུ་ཡུན་རིང་ལ་གཏོར་ནས་ས་རྒྱུའི་སྐྱུར་བའི་རང་བཞིན་ཇེ་ཆེར་ཕྱིན་ཏེ་ས་རྒྱུའི་ཆགས་རིམ་ལ་གཏོར་བརླག་ཐེབས་པར་བྱེད། བ་ཚྭ་རང་བཞིན་གྱི་ས་རྒྱུའི་ནང་དུ་མུ་ཟི་སྐྱུར་ཨན་ཁྲོད་ཁྱི་ཨན་གྱེས་རྡུལ་བསྡུ་ལེན་བྱེད་པ་དང་། དེ་ཡང་མུ་ཟི་སྐྱུར་རྩྭའི་གྱེས་རྡུལ་ས་རྒྱུའི་ནང་དུ་ལྷག་ཏེ་ཀལ་དང་ཕན་ཚུན་བར་ལ་ནུས་པ་བྱུང་ནས། ས་རྡོག་ཇེ་སྲ་རུ་འགྱུར་བར་བྱེད།
   གསུམ། ཐཱན་སྐྱུར་ཆིང་ཨན་ས་ཁར་གཏོར་ན་མི་འོས།
   ཐཱན་སྐྱུར་ཆིང་ཨན་གཏོར་བའི་གཏིང་ཚད་ནི་ལི་སྨིས་དྲུག་ཡན་ཡིན་ན་ལེགས་པར་མ་ཟད། ད་དུང་གཏོར་རྗེས་དུས་ཐོག་ཏུ་དེའི་སྟེང་དུ་ས་འགེབས་དགོས།
   བཞི། རུལ་བསྙལ་ཀྱི་སྐྱེ་ལྡན་ལུད་དང་བ་ཚྭ་རང་བཞིན་གྱི་རྫས་ལུད་གཉིས་བསྲེས་ནས་བཀོལ་མི་འོས།
   གལ་ཏེ་བ་ཚྭ་རང་བཞིན་གྱི་རྫས་ལུད་དང་བསྲེས་ཏེ་བཀོལ་ན། ཨན་ཡལ་ནས་སྐྱེ་ལྡན་ལུད་ཀྱི་ལུད་བཅུད་ཀྱི་འདུས་ཚད་ཇེ་དམའ་ཡིན།
   ལྔ། ཟེ་ཚྭ་འདུས་པའི་ཨན་ལུད་དང་སྐྱེ་ལྡན་ལུད་གཉིས་བསྲེས་ཏེ་བཀོལ་ན་མི་འོས།
   སྐྱེ་ལྡན་ལུད་ཀྱིས་འདུས་ཚད་ཅུང་མང་པོའི་སྐྱེ་ལྡན་དངོས་པོ་དེ་ཟེ་ཚྭ་འདུས་པའི་ཨན་ལུད་དང་འཕྲད་ཚེ་དེའི་ནང་གི་ཨན་རྒྱུ་ལ་གྱོང་གུད་ཐེབས་པར་བྱེད་།
  • ལེ་ཚན་སྔོན་མ།:ཞིང་ལས་འཕྲུལ་ཆས་བཀོད་དུས་ཀྱི་ཡིད་འཇོག་བྱེད་ས་བཞི།
  • ལེ་ཚན་རྗེས་མ།:ཕྱུགས་ཟོག་ལ་གཟན་ཆས་སྟེར་བའི་གནད་འགག་འགའ།
  • དོ་སྣང་ཆེ་བའི་རྩོམ།