དཀར་མཛེས་ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

མིག་དམར་དང་བདེ་ཆེན། ཀུན་དགའ།        2011-01-17

ཟླ་བ་དང་པོའི་ཚེས12ཉིན་གྱི་ཕྱི་དྲོར་དཀར་མཛེས་ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།
འགྱུར་མེད་ཀྱིས་ཚོགས་ཆེན་གྱི་གཙོ་འགན་བཞེས།
ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལིའུ་ཏའོ་ཕིང་དང་།འགྱུར་མེད།ཀྲོའུ་ཝུན་མང་།མ་ཧུང་ཧོ །རྟ་མགྲིན་ནོར་བུ།ལི་ཆི་ཧྥུ།ཀའོ་ཐེན་ཧྥུ་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།
  ཐེངས་འདིའི་ཚོགས་ཆེན་ནང་ཞུགས་དགོས་པའི་འཐུས་མི43 ཡོད་པ་དང་། དངོས་སུ་ཞུགས་པའི་འཐུས་མི31ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།
ཐེངས་འདིའི་གྲོས་ཚོགས་ཀྱི་གྲོས་རིམ་གཙོ་བོ་ནི་།ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་གཞི་ཐག་གཅོད་སྔོན་རྩིས་ཞིབ་བཤེར་ཨུ་ཡོན་ལྷན་གྱི་འཆར་གཞི་འཆར་ཟིན་དང་སྔོན་རྩིས་འཆར་ཟིན་སྐོར་གྱི་ཞིབ་བཤེར་སྙན་ཞུ་བརྡས་ཐག་ཆབས་ནས་གྲོས་འཆམས་བྱས་པ།ཁུལ་མི་དམངས་སྲིད་གཞུང་གི་ལས་ཀའི་སྙན་ཞུ་དང་། འཆར་གཞིའི་སྙན་ཞུ། ནོར་སྲིད་ཀྱི་སྙན་ཞུ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་ཞུ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་ཀའི་སྙན་ཞུ། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་འཆར་ཟིན་བཅས་གྲོས་འཆམས་བྱས་པ་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་གཞིའི་རྩ་གནད་》སྐོར་གྱི་གྲོས་ཆོད་(འཆར་ཟིན)གྲོས་འཆམས་བྱས་པ།
 
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བཅུ་པའི་གྲོས་ཚོགས་ཐེངས་བཞི་པའི་《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་དོན་གྱི་ཁྲིམས་སྲོལ་》སྐོར་གྱི་(འཆར་ཟིན)གྲོས་ཆོད(འཆར་ཟིན)གྲོས་འཆམས་བྱས་པ།
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་(་སི་ཁྲོན་ཞིང་ཆེན་ཡུལ་སྐོར་ལྗོངས་རྒྱུའི་ཁྲིམས་སྲོལ་)བསྟར་བྱ་རྒྱུའི་》སྐོར་གྱི་བབ་བསྟུན་བསྒྱུར་བཅོས་ཀྱི་གྲོས་ཆོད(འཆར་ཟིན)གྲོས་འཆམས་བྱས་ནས་འཐུས་མི་ཚོགས་པ་སོ་སོར་གྲོས་ཞིབ་བྱ་རྒྱུ་འབུལ་རྒྱུའི་གྲོས་ཐག་བཅད་པ་རེད༎(ངེད་གསར་འགོད་པ་བདེ་ཆེན་དང་ཀུན་དགའ།མིག་དམར་བཅས་ཀྱིས་བྲིས།)
ཉག་རོང་རྫོང་རྩི་ཐོག་གཤིས་ས་གནས་འགྱུར་ལྡོག་འགྲོ་བཞིན་ཡོད་པའི་གནས་ཚུལ།
   རྩི་ཤིང་སྣ་ཚོགས་ཀྱིས་མཛེས་ཤིང་མི་རྣམས་ཀྱི་གཤིས་ཀ་ཧ་ཅང་འཇམ་ལ་རྩི་ཐོག་གཤིས་ཞེས་མིང་དུ་ཆགས།  དེར་ཡང་གནའ་དུས་སྔ་མོ་ནས་ཆགས་ཚུལ་དང་།  དེང་སྐབས་མིག་སྔར་འགྱུར་ལྡོག་འགྲོ་བཞིན་པའི་རྣམ་པ་གཉིས་ལས།  དང་པོ་གནའ་སྔ་མོ་ལྟར་ན་ས་གནས་འདི་རྒྱ་ཁྱོན་ཡངས་པ་དང་ཐང་ཆེ་ནའང་ཁྲོམ་ཚོགས་ཆེན་ཞིག་ཀྱང་འདི་ན་མེད།  རྩྭ་ཆུ་དང་འབྲུ་སྣ་རྩི་ཤིང་སྣ་ཚོགས་རྒྱས་ཤིང་རོང་འབྲོག་ཟུང་ལྡན་གྱི་འཚོ་བར་རོལ་བ་མ་གཏོགས་གཞན་ཚོང་ལས་དང་འཛུགས་སྐྲུན་སྣ་ཚོགས་ཀྱིས་འཚོ་བ་འཚོལ་བའི་ཐབས་ལ་ཅུང་ཞན།  འོན་ཀྱང་དྲང་བདེན་ཀྱིས་ལམ་བུ་ནས་མིའི་འགྲོ་ལུགས་དང་བསྟུན་པ་ལས་གཞན་གཡོ་ཐབས་འདྲ་མིན་གྱིས་ཕ་རོལ་པོ་ལ་གནོད་འཚེའི་བྱ་བ་ཐབས་རྡུགས་སྤྱོད་མཁན་ཧ་ཅང་ཉུང་། 
གཉིས་པ་དེང་སྐབས་འགྱུར་ལྡོག་འགྲོ་བཞིན་པ་ནི།  ལོ་འགའི་རིང་ས་གནས་འདི་ལ་སྔར་མེད་ཀྱི་ལམ་དང་ཟམ་པ།  འགྲིམ་འགྲུལ་འཕྲུལ་ཆས་དང་གློག་བཪྙན་གློག་འཕྲིན་སོགས་ཀྱི་ཆ་རྐྱེན་ཇེ་ཚང་དུ་གྱུར་རྗེས།  སྤྱི་ཚོགས་ཁོར་ཡུག་གི་འགྱུར་ལྡོག་ཆེ་བ་དང་བསྟུན་ནས་མི་རྣམས་ཀྱི་བསམ་བློ་ཡང་འགྱུར་སླ་བའི་སྟབས་གྱིས་ཅུང་ཟད་ཡིད་རྟོན་བྱེད་མི་འོས་པ་མངོན་ལྐོག་མེད་པའི་བྱ་བ་སྣ་མང་ལ་ཞུགས་ནས།  ཚོད་འཛིན་མེད་པར་སྔར་དང་མི་འདྲ་བའི་མིའི་གཤིས་ཀ་ཡང་ཇེ་ངན་གྱི་ཕྱོགས་སུ་འགྱུར་ལ་ཉེ་བའི་གནས་ཚུལ་ཚབས་ཆེན་ཞིག་བྱུང་།  སྐབས་དེ་དང་བསྟུན་ནས་མཁས་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་གཏན་འཁེལ་བྱས་པའི་སྒྲུབ་མི་ཆོག་པ་དང་བསྒྲུབ་དགོས་ངེས་ཀྱི་བསླབ་ཁྲིམས་དག་ལ་གཞིར་འཛིན་དང་།  དེའི་ཁར་ཚེ་དབང་རྡོ་རྗེ་ལགས་ནས་ཀྱང་ཡང་བསྐྱར་ཁ་བསྣོན་དང་བཅས་ནན་མོས་བསླབ་ཁྲིམས་ཡང་བསྡམས་བྱས་ཤིང་།  ལོ་རེར་ཕྱོགས་བསྡོམས་བྱེད་ཚེ་གལ་ཏེ་ཁྲིམས་དེ་དག་དང་འགལ་ཡོད་ན་ས་གནས་ཡུལ་ཁམས་དེར་མི་ནག་གི་གྲས་སུ་ཕུད་ཅིང་ཁྲེལ་དང་ངོ་ཚ་གང་མང་ཕབ་པར་བྱས།  ཐབས་དེ་ལ་བརྟེན་ནས་ད་ལྟར་ཁྲིམས་དེ་དག་དང་འགལ་མཁན་ཇེ་ཉུང་དུ་སོང་བ་དང་།  ཁྲིམས་དེ་དག་ནི་དོན་ལ་ཆོས་སྲིད་གཉིས་ཕན་ཞིག་ཡིན་ཏེ།  སྲོག་ལྡན་སེམས་ཅན་ཡོད་དོ་ཅོག་ལ་ཕན་པའི་བྱ་བ་བཟང་པོ་ཡིན་པ་མ་ཟད།  ཏང་གི་རྩ་ཁྲིམས་དང་མཐུན་ཞིང་ཆབ་སྲིད་ཀྱི་རྩ་དོན་དང་འབྲེལ་བ་དམ་པོ་ཡོད་ལ།  ཁེ་ཕན་དང་འབྲས་བཟང་སྨིན་པའི་བྱ་བཞག་བླ་ན་མེད་པ་ཞིག་ཡིན་ངེས། 
དེ་ཡང་དཔེར་ན་བཅའ་ཁྲིམས་ཀྱི་ནང་དུ་ཡོད་པའི་དོན་ཚན་ཁག་ལ་གཞིགས་ན།གྲི་དང་མཚོན་ཆའི་རིགས་རྩ་བ་ནས་བཏགས་མི་ཆོག་རྒྱུ་དང་།  རྐུ་ཇག་འཕྲོག་བཅོམ་གསུམ་བྱེད་མི་ཆོག་པ།  རིར་སྐྱེས་སྲོག་ཆགས་གསོད་མི་ཆོག་པ།  ཤོ་དང་རྒྱལ་སོགས་འཇོག་མི་ཆོག་པ།  ཆང་འཐུང་དང་ཕན་ཚུན་ནང་དམེ་བྱེད་མི་ཆོག་པ་སོགས་མི་ཆོག་པའི་བཅའ་ཁྲིམས་སྣ་མང་དང་།  སྒྲུབ་དགོས་ངེས་ཀྱི་བཅའ་ཁྲིམས་ཏེ།  ངེས་པར་དུ་མི་སུ་དང་སུ་ཡིན་རུང་རིག་གནས་སྦྱོང་དགོས་པ།  ཡང་སྒོས་སུ་བྱིས་པ་རྣམས་སློབ་གྲྭར་བསྐྱལ་དགོས་པ་སོགས་ཀྱི་བསླབ་བྱ་མང་དུ་བཏོན།  གོང་གི་དོན་ཚན་དེ་དག་ལ་ཞིབ་མོས་བསམ་བློ་གཏོང་ན་མི་སྒེར་དང་སྤྱི་ལ་ཕན་པ་ཡོད་ཅིང་ལེགས་ཕྱོགས་ཀྱི་མདུན་ལམ་ཪྙེད་པ་སྨོས་མ་དགོས་པ་རེད།
འདི་ནི་རང་འདོད་ཀྱི་ལྟ་བ་ཙམ་མ་ཡིན་པར་ཀུན་ལ་ཕན་འབྲས་དང་དགོས་པ་ཡོད་པར་ངེས་ཤིང་།  རིག་གནས་སྦྱོང་རྒྱུ་དེ་མིའི་བསམ་བློ་ཁ་ལོ་བསྒྱུར་ཅིང་བྱ་ངན་ལ་མི་ཞུགས་པའི་ཕན་པ་ཡོད་པས།  མདོར་ན་ཡུལ་ཁམས་དང་མི་རིགས་རྒྱལ་ཁབ་བཅས་བདེ་འཇགས་སྟེང་ནས་སྔར་ལས་ལྷག་པའི་གསལ་རྒྱས་ཚང་གསུམ་བྱུང་བ་དང་།  ཀུན་གྱིས་དགའ་འོས་པའི་བྱ་བ་བཞག་བཟང་པོ་ཞིག་ཡིན་པ་མིག་མཐོང་ལག་ཟིན་རེད།  འདི་ནི་སྔར་མེད་གསར་བྱུང་གི་འབྲས་བཟང་ཅན་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་བ་མངོན་གསལ་དོད་པོ་ཡིན།  དེའི་ཞོར་དུ་གནའ་རབས་ཀྱི་སྲོལ་རྒྱུན་བཟང་པོ་དང་།  དེང་རབས་ཅན་གྱི་རིག་གནས་ལ་ལག་བསྟར་དང་སློབ་སྦྱོང་བྱེད་རྒྱུའི་འཆར་གཞི་དང་སྒྲིག་བྱས་ཡོད།  དེ་དག་ནི་སྔར་མེད་ད་ཡོད་ཀྱི་གནས་ཚུལ་དང་མ་འོངས་པར་ཕན་འབྲས་ངེས་ཅན་གྱི་གནས་ཚུལ་ཡིན་གྱི།  ལོང་བས་ལག་སྙོག་ལྟ་བུ་དང་ཁ་བདེ་མོས་གང་དྲན་དྲན་བཤད་པ་ལྟ་བུ་ཞིག་མིན་ནོ། །ཉག་རོང་།(བསྟན་འཛིན་གྱིས།)
སྙན་ཞུ་ལ་ནན་ཏན་གྱིས་སློབ་སྦྱོང་དང་གྲོས་ཞིབ་བྱས་ཏེ་འཕེལ་རྒྱས་བསམ་བློ་གཏོང་དགོས།
  ཟླ་བ་དང་པོའི་ཚེས11ཉིན་གྱི་སྔ་དྲོར། སྐབས་བཅུ་པའི་དམངས་ཆེན་རྒྱུན་ཨུའི་གྲོས་ཚོགས་སུ་གསེར་རྟའི་འཐུས་མི་ཚོ་ཆུང་གིས་སྲིད་གཞུང་དང་འཆར་གཞི། ནོར་སྲིད་སོགས་ཀྱི་སྙན་ཞུ་ལ་ཉན་རྗེས་གྲོས་བསྡུར་གཟབ་ཅིང་ཞིབ་པ་ཞིག་བྱས་པ་རེད། འཐུས་མི་རྣམས་ཀྱིས་མཐའ་གཅིག་ཏུ་ངོས་འཛིན་བྱེད་རྒྱུར། སྙན་ཞུ་འདི་ནི་ལོ་ལྔའི་འཆར་གཞི་བཅུ་གཅིག་པར་ཕྱིར་འདང་བརྒྱབ་པ་དང་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་གྲོས་གཞི་འགོད་པ། 2011ལོའི་ལས་ཀའི་བཀོད་སྒྲིག་བྱས་པ་བཅས་ཡིན་པ་མ་ཚད་དངོས་ཐོག་བདེན་འཚོལ་དང་། བརྗོད་བྱ་གཙོ་བོ་འབུར་དུ་ཐོན་ཞིང་གསལ་བ། བྱེད་ཐབས་ཕུན་སུམ་ཚོགས་པའི་སྙན་ཞུ་ཞིག་ཀྱང་ཡིན་པ་རེད།
     འཐུས་མི་ཚུལ་ཁྲིམས་དར་རྒྱས་ཀྱིས་བཤད་རྒྱུར། གཅིག་ནི་ཁྲིམས་ལུགས་སློབ་གསོ་ལ་ཤུགས་སྣོན་བརྒྱབ་ནས་མུ་མཐུད་དེ་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་ལུགས་ཀྱི་འདུ་ཤེས་མཐོ་རུ་གཏོང་དགོས། གཉིས་ནི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་བརྒྱུད་རིམ་ནང་ཕྱོགས་གཅིག་ནས་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང་ཕྱོགས་གཞན་ཞིག་ནས་ཁོར་ཡུག་སྲུང་སྐྱོབ་ཀྱང་བྱེད་དགོས། གསུམ་ནི་མི་རིགས་ཀྱི་སྐད་ཡིག་ལས་ཀའི་ཁྲོད་དུ་སྐད་ཡིག་བེད་སྤྱོད་ཡང་དག་པར་བྱེད་རྒྱུར་ཤུགས་སྣོན་བྱེད་དགོས།
     འཐུས་མི་རས་པ་དང་བྱམས་རྡོས་བཤད་རྒྱུར། གཅིག་ནི་ན་གཞོན་ལས་དོན་མེད་པ་རྣམས་ལ་སློབ་གསོ་བྱས་ཏེ་བྱ་བ་ལ་འཇུག་ལྡོག་དང་ཁྲིམས་མཐུན་གྱི་བྱ་བ་བསྒྲུབ་པར་ཡང་དག་པའི་སྣེ་ཁྲིད་བྱེད་དགོས། གཉིས་ནི་མུ་མཐུད་ནས་ཁྲིམས་འགལ་ཉེས་ཅན་བྱ་སྤྱོད་ལ་རྡུང་རྡེག་བྱེད་པར་ཤུགས་སྣོན་རྒྱག་དགོས། གསུམ་ནི་སྨན་བཅོས་མི་སྣ་གསོ་སྦྱོང་དང་སྐྱེད་སྲིང་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་ཞིང་འབྲོག་མང་ཚོགས་ཀྱིས་སྨན་བསྟེན་དཀའ་བའི་གནས་དོན་ཐག་གཅོད་བྱེད་དགོས། བཞི་ནི་སྔར་ལྷག་གིས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་གྱི་བརྒྱུད་རིམ་དུ་སྤུས་ཀ་ལ་ལྟ་སྐུལ་དང་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་དགོས། ལྔ་ནི་སློབ་གསོ་ལ་མུ་མཐུད་ནས་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་དགོས།
  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པ་གཟབ་རྒྱས་ངང་མཇུག་བསྒྲིལ་
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་གི་འཐུས་མི་ཚོགས་པས་སྲིད་གཞུང་གི་ལས་ཀའི་སྙན་ཞུ་སྐོར་ལ་གྲོས་བསྡུས་བྱས་པའི་ཟུར་བྲིས།
  • དོ་སྣང་ཆེ་བའི་རྩོམ།