ཐབས་འདོན་ཇུས་འདོན་བྱས་ཏེ་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱེད་དགོས་གསུངས།

མིག་དམར་དང་ཀུན་དགའ། བདེ་ཆེན་དབང་མོ་བཅས་ཀྱིས་བྲིས།        2011-01-14

དཀར་མཛེས་ཁུལ་སྐབས་བཅུ་པའི་མི་དམངས་རྒྱུན་ཨུའི་གྲོས་ཚོགས་ཐེངས་བཞི་པའི་ནང་བཞུགས་པའི་འཐུས་མི་རྣམས་ཀྱིས་ཁུལ་སྲིད་གཞུང་ལས་ཀའི་སྙན་ཞུ་ལ་དམིགས་ནས་གྲོས་ཞིབ་བྱས་པ་རེད།འཐུས་མི་ཚང་མས་མཐའ་གཅིག་ཏུ་ངོས་འཛིན་བྱེད་རྒྱུར།ད་ལོ་སྲིད་གཞུང་ལས་ཀའི་སྙན་ཞུ་འདི་ནི་ནང་དོན་ཕུན་སུམ་ཚོགས་པ་དང་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས2010འི་གཡུར་དུ་ཟ་བའི་འབྲས་བུ་ལ་ཕྱོགས་བསྡོམས་བྱས་ལ།ད་ལོའི་ལས་དོན་བཀོད་སྒྲིག་ནི་གཙོ་གནད་འབུར་དུ་ཐོན་ཞིང་དོན་དངོས་དང་མཐུན་པས་མ་ཟད་མཛུབ་སྟོན་གྱི་བསམ་བློ་དང་ལས་དོནགྱི་དམིགས་ཡུལ་ཡང་གསལ་བ་ཞིག་འདུག།
     དམངས་ཆེན་འཐུས་མི་ཀྲུའུ་དབྱི་ཧུང་གིས་བཤད་རྒྱུར།དམངས་འཚོ་དང་དམངས་ཕན་།དམངས་ཀྱི་བློར་བབ་མིན་བཅས་དེ་སྲིད་གཞུང་ལས་ཀའི་འགོ་འཛུགས་ས་བྱས་ནས་དུས་དང་རྣམ་པར་ཀུན་དུ་མི་དམངས་མང་ཚོགས་ཀྱི་ལྟོ་གོས་འགྲོ་སྡོད་དང་དྲོད་གྲང་ཉེན་ཁ་བཅས་ལ་སེམས་ཁུར་བྱས་ཡོད་ལ།ཞིང་སྡེའི“འགན་ཁུར་མཁན་གསུམ”གྱི་ལས་བྱེད་པ་དང་“རྒས་གྲས་གསུམ”གྱི་ལས་བྱེད་པའི་ཁ་གསབ་དང་།དགེ་རྒན།སྨན་བཅོས་ཀྱི་ལས་ཆོད་བྱ་དགའི་གླ་ཕོགས།ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་པའི་ཁ་གསབ་རོགས་དངུལ་དང་
     དོན་ལས་སྡེ་ཚན་གྱི་ལས་བཟོའི་འཚོ་བའི་ཁ་གསབ་རོགས་དངུལ་ཚང་མ་དུས་བཀག་ལྟར་དོན་འཁྱོལ་བྱས་ཡོད་པས་མུ་མཐུད་ནས་རྒྱུན་འཁྱོངས་བྱས་ཏེ་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བའི་ཁོར་ཡུག་འཛུགས་སྐྲུན་བྱེད་དགོས།
     ཧོང་ཀྲེང་ཀང་དང་ཧོང་སི་ཅིའུ་ཡིས་བཤད་རྒྱུར།ན་ལོར་རང་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་མངོན་གསལ་བྱུང་སོང་།རྒྱལ་ཁབ་རིམ་པའི་གཞུང་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ།གྲོང་གསེབ་ཀྱི་གཞུང་ལམ་     བཅས་སྤྱི་ལེ15725གསར་རྒྱག་དང་ལེགས་བཅོས་བྱས་ཡོད།སྣུམ་སྙིགས་གཞུང་ལམ་ཤར་གཏོང་ཐུབ་པའི་ཤང60དང་གཞུང་ལམ་ཤར་གཏོང་ཐུབ་པའི་གྲོང་སྡེ1824གསར་འཕར་བྱུང་བ་དང་འཛུགས་སྐྲུན་བྱེད་བཞིན་ཡོད་པའི་གཞུང་ལམ་སྤྱི་ལེ1913ཡོད།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་གསུམ་ཆ་གཉིས་ལྷག་གིས་དྭངས་གཙང་གི་ནུས་ཁུངས་སྤྱོད་བཞིན་ཡོད་པ་མ་ཚད་བོད་ཁུལ་གྱི་ཆ་འཕྲིན་ཅན་གྱི་ཁུལ་སྟོབས་ལྡན་འཛུགས་གང་ཐུབ་བྱས་ཏེ་སྐུད་མེད་ཁ་པར་གྱི་བརྡ་བར་གསེབ་མེད་པར་ཤང་དང་གྲོང་སྡེ་ཚང་མར་ཁེབས།གཏན་འཇགས་ཁ་པར་དང་ཤོང་ཆེའི་གློག་འཕྲིན་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་བརྒྱ་ཆ90ལྷག་ལ་ཁྱབ་ཐུབ་ཡོད་ལ་མ་འོངས་འཆར་འགོད་རྣམས་མགྱོགས་མྱུར་དུ་འགོ་བཙུགས་ནས་རང་ཁུལ་གྱི་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བའི་རྣམ་པ་གསར་པ་ཞིག་བསྐྲུན་པར་འབད་དགོས།
  • ལེ་ཚན་སྔོན་མ།:ལིའུ་ཏའོ་ཕིང་གིས་དཀར་མཛེས་འཐུས་མི་ཚོགས་པའི་ནང་ཞུགས་ནས་གྲོས་བསྡུར་གནང་སྐབས་གོ་སྐབས་དམ་འཛིན་དང་ཁ་གཏད་འ
  • ལེ་ཚན་རྗེས་མ།:ཐུན་མོང་དུ་རྒྱལ་དོན་གྲོས་མོལ་བྱས་ཤིང་འཕེལ་རྒྱས་གཏོང་ཐབས་འཚོལ་ཞིབ་བྱེད་པ།
  • དོ་སྣང་ཆེ་བའི་རྩོམ།