སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་དར་མདོར་མཇུག་བསྒྲིལ།

ཡེ་མགོན་དང་གངས་སྐྱིད་ཀྱིས་བྲིས།        2011-01-13

ལིའུ་ཁྲང་ཙེ།ཧྥན་ཝུན་ཧྭ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་།ལིའུ་ཡུང་ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོར་བདམས་ཐོན་བྱུང་།     ཟླ་བ་དང་པོའི་ཚེས12ཉིན་གྱི་ཕྱི་དྲོར།སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པ་དར་མདོར་མཇུག་བསྒྲིལ་བ་རེད།
     ཨ་རྒྱས་ཕུན་ཚོགས།ཧོ་ཐའོ།སྐལ་བློ།རྒྱལ་བསྟན་བློ་བཟང་བྱམས་པ།ཀྲོའུ་ཏུང་ཞིའུ།བློ་བཟང་ཆོས་འཕེལ།ཀརྨ་རྒྱལ་མཚན།ཅ་ཧྲེན་གོ།གོ་ཁྲང་ཕིང་།ཅང་ཞིའུ་དབྱིན་ཚོགས་ཆེན་ནང་ཞུགས་པ་རེད།     ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ཨུ།ཁུལ་སྲིད་གཞུང་།ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་།ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་གདན་ཞུ་ལྟར་ཚོགས་ཆེན་ནང་ཞུགས་པ་རེད།ཐེངས་འདིའི་ཚོགས་ཆེན་ནང་ཞུགས་དགོས་པའི་ཨུ་ཡོན287ཡིན་པ་དང་།དངོས་སུ་ཞུགས་པའི་ཨུ་ཡོན205ཡོད་པ་རེད།     ཚོགས་ཆེན་གྱིས་དང་ཐོག་སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་འདེམས་བསྐོ་བྱེད་ཐབས་དང་།སྤྱི་ཁྱབ་འདེམས་ཤོག་ལྟ་སྐུལ་པ་དང་འདེམས་ཤོག་ལྟ་སྐུལ་པ།སྤྱི་ཁྱབ་འདེམས་ཤོག་རྩིས་མཁན་དང་འདེམས་ཤོག་རྩིས་མཁན་གྱི་མིང་ཐོ།སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་གྲོས་གཞི་ཞིབ་བཤེར་བྱས་ཚུལ་གྱི་སྙན་ཞུ།སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་ཆོད་དོན་བཅས་གྲོས་འཆམས་བྱུང་བ་རེད།     ཚོགས་ཆེན་ཐོག་མིང་འགོད་མེད་པའི་འདེམས་ཤོག་འཕངས་པར་བརྒྱུད།ལིའུ་ཁྲང་ཙེ།ཧྥན་ཝུན་ཧྭ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་།ལིའུ་ཡུང་ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོར་བདམས་ཐོན་བྱུང་བ་རེད།     ལིའུ་ཏའོ་ཕིང་གིས་མཇུག་བསྒྲིལ་བའི་ཚོགས་འདུའི་ཐོག་གསུང་བཤད་གནང་བ་རེད།ཁོང་གིས་གསུངས་རྒྱུར།ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དམིགས་ཡུལ་གཙོ་བོ་དེ་ཁོང་དུ་ཡག་པོ་ཆུད་དགོས།ལོ་ལྔའི་འཆར་གཞི་བཅུ་གཅིག་པའི་ནང་ཁུལ་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་བརྒྱ་ཆ14ཡས་མས་འཕར་སྣོན་ཡོང་རྒྱུ་དང་།2015ལོར་སླེབས་སྐབས་སྒོར་དུང་ཕྱུར260ལ་ཟིན་པ་བྱེད་དགོས།ས་གནས་ནོར་སྲིད་ཀྱི་སྤྱིར་བཏང་གི་སྔོན་རྩིས་ཡོང་འབབ་ཆ་སྙོམས་ལོ་རེར་བརྒྱ་ཆ20ཡན་ཆད་འཕར་བ་བྱེད་དགོས།2015ལོར་སླེབས་སྐབས་སྒོར་དུང་ཕྱུར38ལ་ཟིན་པ་བྱེད་དགོས།གྲོང་ཁྱེར་དང་གྲོང་གསེབ་ཡུལ་མིས་བཀོལ་སྤྱོད་གཏོང་ཆོག་པའི་མི་རེའི་ཆ་སྙོམས་ཡོང་འབབ་དེ་ཆ་སྙོམས་ལོ་རེར་བརྒྱ་ཆ12ཡན་ཆད་འཕར་བ་བྱེད་དགོས།2015ལོར་སླེབས་སྐབས་སྒོར26100ལ་ཟིན་པ་བྱེད་དགོས།ཞིང་འབྲོག་མི་དམངས་ཀྱི་ཆ་སྙོམས་མི་རེའི་ཡོང་འབབ་སྒོར་དེ་ཆ་སྙོམས་ལོ་རེར་བརྒྱ་ཆ20ཡན་ཆད་འཕར་བ་བྱས་ནས2015ལོར་སླེབས་སྐབས་སྒོར6550ལ་ཟིན་པ་བྱེད་དགོས།ཁོང་གིས་ནན་གསུང་གནང་རྒྱུར།ནུས་ཤུགས་ཡོད་དགུས་གཤམ་གསལ་གྱི་དམིགས་བསལ་གནད་དོན་ཐག་གཅོད་བྱེད་དགོས།གཅིག་ནི་རྨང་གཞིའི་སྒྲིག་ཆས་ཀྱི་ཆ་རྐྱེན་ལེགས་བཅོས་བྱེད་དགོས་པ་དང་།གཉིས་ནི་དགེ་མཚན་ལྡན་ལ་ཁྱོད་ཆོས་ཡོད་པའི་ཐོན་ལས་འཕེལ་རྒྱས་གཏོང་དགོས།གསུམ་ནི་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་མཐོ་རུ་གཏོང་གང་ཐུབ་བྱེད་དགོས།བཞི་ནི་གཞི་རྩའི་སྤྱི་པའི་ཞབས་ཕྱི་ཁྱོན་ཡོངས་ནས་མཐོར་འདེགས་བྱེད་དགོས།ལྔ་ནི་སྐྱེ་ཁམས་ཁོར་ཡུག་དེ་བས་ལེགས་བཅོས་བྱེད་དགོས།དྲུག་ནི་སྤྱི་ཚོགས་དེ་བས་འཆམ་མཐུན་བརྟན་བརླིང་ཡོང་བ་བྱེད་དགོས་བཅས་རེད།ལིའུ་ཏའོ་ཕིང་གིས་ཐུགས་རེ་གནང་རྒྱུར།ཁུལ་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་ཚོས་དཀར་མཛེས་ཁུལ་མཆོང་བརྒལ་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་སྐུལ་འདེད་བྱ་རྒྱུས་གཟི་བརྗིད་ལས་འགན་བྱས་ནས་རང་ཁུལ་གྱི་ལས་ཀ་སོ་སོའི་ནང་ཐབས་འདོན་ཇུས་འདོན་བྱེད་དགོས།རང་ཉིད་ཀྱི་དཔེར་སྟོན་བྱ་སྤྱོད་ཐོག་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཤུགས་རྐྱེན་དང་སྣེ་ཁྲིད་བྱས་མཐར།ཕུལ་དུ་བྱུང་བའི་བྱས་རྗེས་ཐོག་ནས་རང་ཉིད་ཀྱི་ཆབ་སྲིད་དགེ་མཚན་དང་མི་ཚེའི་རིན་ཐང་མཚོན་པ་བྱེད་དགོས།     ཨ་རྒྱས་ཕུན་ཚོགས་ཀྱིས་བསྟན་དོན།མཐུན་སྒྲིལ་དང་དམངས་གཙོ་ནི་སྲིད་གྲོས་ལས་ཀ་ཧྲིལ་པོར་བརྒྱུད་པའི་བརྗོད་བྱ་ཆེན་པོ་གཉིས་རེད།འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱ་རྒྱུ་ནི་ང་ཚོས་དཔལ་འབྱོར་འཕེལ་དང་བརྟན་བརླིང་སྲུང་སྐྱོང་།དམངས་འཚོ་ལེགས་བཅོས་བྱེད་རྒྱུ་སོགས་ལས་ཀ་མཐའ་དག་གི་འགོ་ཚུགས་ས་དང་རྐང་པ་འཛུགས་ས་ཡིན་པ་རེད།ཁོང་གིས་གསུངས་རྒྱུར།མི་དམངས་སྲིད་གྲོས་དེ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་མཚོན་རྟགས་ཡིན་པའི་ཆ་ནས་བཤད་ན།སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱེད་པའི་གོ་རིམ་ཁྲོད་དུ་འགན་འཁྲི་གལ་ཆེ་ཡིན་ལ་ལས་འགན་གཟི་བརྗིད་ལྡན་པ་རེད།ཁུལ་དང་རྫོང་གི་སྲིད་གྲོས་ཀྱིས་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་བྱས་པར་ཁྱབ་རྒྱ་ཆེ་བའི་ཆབ་སྲིད་རྨང་གཞི་འདོན་སྤྲོད་བྱས་ཏེ་ཏང་ཨུ་དང་སྲིད་གཞུང་།མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་ལ་འབྲེལ་བ་བྱེད་མཁན་རྒྱུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་རང་གིས་ནུས་པ་ཅི་ལྕོགས་ཀྱིས་ཞིང་འབྲོག་མང་ཚོགས་ཚོའི་དངོས་གནས་དཀའ་ངལ་ཐག་གཅོད་བྱེད་རོགས་བྱེད་དགོས།
  • ལེ་ཚན་སྔོན་མ།:སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོ
  • ལེ་ཚན་རྗེས་མ།:སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་
  • དོ་སྣང་ཆེ་བའི་རྩོམ།