ཕུན་ཚོགས་བཀྲ་ཤིས།

མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གིས།    ནགས་ཀློང་ཁུ་བྱུག་འདུ་གནས།    2011-01-12

ཕུན་ཚོགས་བཀྲ་ཤིས་ལགས་ནི་༡༩༥༩ལོར་བོད་ལྗོངས་གཙང་གཞིས་ཀ་རྩེ་རུ་འཁྲུངས་ཤིང་༡༩༨༧ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་རྒྱ་ཡིག་ཚན་ཁག་ནས་སློབ་མཐར་ཕྱིན་པ་དང་སྔ་རྗེས་སུ་གཞིས་ཀ་རྩེ་རུ་རྒྱ་ཡིག་དགེ་རྒན་དང་ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་སུ་གཞུང་ཡིག་རྙིང་བའི་ཡིག་སྒྱུར།བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་སུ་རྩོམ་སྒྲིག་པ་བཅས་བྱས་མྱོང་།ཁོང་གིས་སྒྲུང་གཏམ་དང་དཔྱད་བརྗོད།གཏམ་བརྗོད་ཟློས་གར་ཐུང་གྲས།དགོད་བྲོའི་གཏམ་གླེང་སོགས་ཡིག་འབྲུ་ས་ཡ་ལོངས་པ་གསར་རྩོམ་གནང་ཞིང་།དེ་ལས་གཏམ་བརྗོད་ཟློས་གར་ལ་བྱ་དགའ་ཐེངས་མང་ཐོབ་པ་མ་ཟད།༡༩༩༥ལོར་བོད་ཀྱི་ལོ་བཅུའི་རྩོམ་རིག་གྲུབ་འབྲས་གཟེངས་བསྟོད་བྱ་དགའ་ཡང་ཐོབ།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས༡༩༩༧ལོར་ཁོང་གི་སྒྲུང་གཏམ་ཕྱོགས་བསྒྲིགས་སྲིད་ཆོས་དང་ཁོའི་ཕྲུ་གུ་ལྔའི་ཕ་རྣམས་དང༡༩༩༩ལོར་འཁྲབ་གཞུང་ཕྱོགས་བསྒྲིགས་འཁྲབ་གཞུང་འཛུམ་ཤོར་དོན་ལྡན་ཞེས་པ་གཉིས་པར་སྐྲུན་འགྲེམ་སྤེལ་བྱས།ད་ལྟ་ཁོ་ནི་བོད་ཀྱི་དམངས་སྲོལ་ཞེས་པའི་དུས་དེབ་རྩོམ་སྒྲིག་ཁང་དུ་གཙོ་འགན་རྩོམ་སྒྲིག་སྐུ་གཞོན་གྱི་ལས་ལ་གཞོལ་མུས་སུ་མཆིས།
  • ལེ་ཚན་སྔོན་མ།:ཨ་རྡོར།
  • ལེ་ཚན་རྗེས་མ།:སྙན་ངག་མཁན་པོ་ཡི་དམ་ཚེ་རིང་མཆོག་གི་ལོ་རྒྱུས་ཐོར་བུ།