དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་འཚོགས།

མིག་དམར་དང་བདེ་ཆེན་གྱིས་བྲིས།        2011-01-12

 ཟླ་བ་དང་པོའི་ཚེས10ཉིན་གྱི་སྔ་དྲོར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་དེ་དར་མདོའི་ཟློས་གར་ཁང་དུ་འཚོགས་པ་རེད།
     ཐེངས་འདིའི་གྲོས་ཚོགས་ཐོག་གྲོས་ཚོགས་ཀྱི་བརྒྱུད་རིམ་འཆར་ཟིན་བརྡས་ཐག་བཅད་པ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་འདེམས་སྒྲུག་བྱས་པ། ཀྲུའུ་ཞི་ཚོགས་པས་མིང་འདོན་པར་བརྩིས་ཏེ་འཐུས་མི་ཚོགས་པ་སོ་སོར་གྲོས་མོལ་བྱ་རྒྱུ་སྤྲད་པ་རེད། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་བ་གཞོན་པ་གཏན་འཁེལ་བྱས་པ་རེད། གྲོས་གཞིའི་གཏན་འབེབས་ཀྱི་འཆར་ཟིན་སྐོར་གྱི་ཆོད་དོན་དང་འཐུས་མིས་གྲོས་གཞི་འདོན་མཚམས་འཇོག་རྒྱུའི་དུས་ཚོད་གཏན་འཁེལ་བྱས་པ་རེད།
  • ལེ་ཚན་སྔོན་མ།:སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་ཁུལ་ཨུ་ལྷན་གྱི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས14པ་འཚོགས།
  • ལེ་ཚན་རྗེས་མ།:སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།