སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་ཁུལ་ཨུ་ལྷན་གྱི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས14པ་འཚོགས།

ཡེ་མིང་དང་གངས་སྐྱིད།        2011-01-11

     སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་འཚོགས།
     ཟླ་བ་དང་པོའི་ཚེས9ཉིན་གྱི་ཕྱི་དྲོར།སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་རེད།
     གྲོས་ཚོགས་ཐོག་སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་པོའི་འདེམས་སྒྲུག་མི་སྣའི་མིང་ཐོ་གསལ་བཤད་ལ་ཉན་འཇོག་བྱས་པ་དང་།སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་གསབ་འདེམས་དང་དྲུང་ཡིག་ཆེན་པོའི་འདེམས་སྒྲུག་མི་སྣའི་མིང་ཐོ་ལ་གྲོས་ཞིབ་བྱས་ནས་ཚོགས་ཆེན་ལ་འདེམས་བསྐོ་བྱ་རྒྱུ་སྤྲད་པ་རེད། སྲིད་གྲོས་སྐབས་བཅུ་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་འདེམས་བསྐོ་བྱེད་ཐབས་གྲོས་ཞིབ་བྱས་ནས་ཚོགས་ཆེན་གྲོས་ཞིབ་བྱ་རྒྱུ་སྤྲད་པ་རེད།འདེམས་ཤོག་སྤྱི་ཁྱབ་ལྟ་སྐུལ་པ་དང་ལྟ་སྐུལ་པ།སྤྱི་ཁྱབ་འདེམས་ཤོག་རྩིས་མཁན་དང་།འདེམས་ཤོག་རྩིས་མཁན་གྱི་མིང་ཐོ་ལ་གྲོས་ཞིབ་བྱས་ནས་ཚོགས་ཆེན་ལ་གྲོས་ཞིབ་བྱ་རྒྱུ་སྤྲད་པ་རེད། སྲིད་གྲོས་སྐབས་བཅུ་པའི་དཀར་མཛེས་ཁུལ་ཨུ་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་ཆོད་དོན(འཆར་ཟིན།)ལ་གྲོས་ཞིབ་བྱས་ནས་ཚོགས་ཆེན་ལ་གྲོས་ཞིབ་བྱ་རྒྱུ་སྤྲད་པ་རེད། ཟླ་བ་དང་པོའི་ཚེས8ཉིན་གྱི་སྔ་དྲོར།སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་ཁུལ་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེབས14པ་འཚོགས་པ་རེད།
     གྲོས་ཚོགས་ཀྱིས་སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་གྲོས་རིམ(འཆར་ཟིན།)དང་སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་ཁུལ་ཨུ་ལྷན་གྱི་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་ཞུ(གྲོས་གཞི།)དང་སྙན་སེང་ཞུ་མཁན།སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་ཁུལ་ཨུ་ལྷན་གྱི་རྒྱུན་ལས་ཨུ་ལྷན་གྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་གསུམ་འཚོགས་ཚུན་གྱི་གྲོས་གཞི་ལས་ཀའི་སྐོར་གྱི་སྙན་སེང(འཆར་ཟིན།)དང་སྙན་སེང་ཞུ་མཁན།སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་ཁུལ་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྒྱུའི་སྐོར་གྱི་ཆོད་དོན(འཆར་ཟིན།)དང་།སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་ཁུལ་ཨུ་ལྷན་གྱི་རྒྱུན་ལས་ཨུ་ལྷན་གྱིས་ཀྲུའུ་ཞི་གྲོས་ཚོགས་ལ་སྐབས་བཅུ་གཅིག་པའི་ཁུལ་སྲིད་གྲོས་ཀྱི་རྒྱུན་ལས་གྲོས་ཚོགས་ཐེངས་བཅུ་བཞི་པས་འགྲུབ་མ་ཚར་བའི་དོན་དག་གྲོས་ཞིབ་བྱ་རྒྱུའི་དབང་ཆ་སྤྲོད་པའི་སྐོར་གྱི་ཆོད་དོན་དང་།མི་དོན་སྐོར་གྱི་དོན་ཚན་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
     སྐབས་བཅུ་གཅིག་པའི་ཁུལ་སྲིད་གྲོས་ཀྱི་རྒྱུན་ཨུ40གྲོས་ཚོགས་ནང་ཞུགས་ཡོད།རྫོང་ཁག་སོ་སོའི་སྲིད་གྲོས་ཀྲུའུ་ཞི་དང་ཁུལ་སྲིད་གྲོས་ཀྱི་རྒྱུན་ཨུ་མིན་པའི་ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ།ཆེད་དོན་ཨུ་ལྷན་གྱི་འགན་འཁུར་མི་སྣ་གྲོས་ཚོགས་ལ་ཟུར་ཞུགས་བྱས་པ་རེད། (ངེད་གསར་འགྱུར་ཐོ་འགོད་པ་ཡེ་མིང་དང་གངས་སྐྱིད་ཀྱིས་བྲིས།)
 
  • ལེ་ཚན་སྔོན་མ།: སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཚོགས་ཐེངས་བཞི་པ་དར་མདོ་རུ་གཟབ
  • ལེ་ཚན་རྗེས་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་ཀྲུའ
  • དོ་སྣང་ཆེ་བའི་རྩོམ།