རེག་དུག་གི་ནད་དེ་གང་འདྲ་བྱས་ནས་སྔོན་འགོག་བྱེད་དགོས་སམ།(1)

        2010-05-12

༡ཤུགས་ཆེན་པོས་འཕྲོད་བསྟེན་དྲིལ་བསྒྲགས་ལས་ཀ་སྤེལ་ནས་དམངས་ཡོངས་སུ་རེག་དུག་དང་ཨེ་ཙི་འགོས་ནད་འགོག་བཅོས་ཀྱི་ཤེས་བྱ་ཁྱབ་སྤེལ་བཏང་སྟེ།མང་ཚོགས་རང་ཉིད་ཀྱི་འགོག་བཅོས་འདུ་ཤེས་མཐོ་རུ་བཏང་ནས་རེག་དུག་གིས་མི་སྒེར་དང་ཁྱིམ་ཚང་།སྤྱི་ཚོགས་བཅས་ལ་གནོད་འཚེ་ཇེ་ཉུང་དུ་གཏོང་དགོས།
༢རེག་དུག་འགོག་བཅོས་ལས་ཁུངས་ཀྱིས་ནན་ཏན་གྱིས་དོ་དམ་ལམ་ལུགས་དང་ལག་རྩལ་སྤྱོད་ལུགས་ལག་ལེན་བསྟར་ནས་རེག་དུག་གི་འབྱུང་ཁུངས་སྔོན་འགོག་བྱེད་པ་དང་སྤྱོད་ཐེངས་གཅིག་གི་སྨན་ཁབ་དང་ཡོ་བྱད་སྤྱོད་རྒྱུ་ཁྱབ་སྤེལ་བྱེད་དགོས།དམིགས་བསལ་ལས་གནས་ཀྱི་ལས་སྒྲུབ་མི་སྣ་དང་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་མི་སྣའི་བདེ་ཐང་ལ་ཞིབ་བཤེར་བྱེད་སྐབས་ཁྲིམས་སྲོལ་གཞིར་བཟུང་ནས་འགྲོ་ལུགས་ལྟར་སྒྲུབ་དགོས།
༣རིམ་པ་སོ་སོའི་སྨན་བཅོས་རིམས་འགོག་དང་ལུས་ཁམས་བདེ་སྲུང་ལས་ཁུངས་ཀྱིས་སྦྲུམ་མར་རེག་དུག་འགོས་པ་ཤེས་མ་ཐག་མགྱོགས་མྱུར་དུ་སྨན་བཅོས་བྱེད་དགོས།
HLVའགོས་ནད་འགོས་པ་དང་ཁྱབ་སྤེལ་འགྲོ་སྟངས།
ཨེ་ཙི་འགོས་ནད་ཀྱི་ནད་དུག་དེ་གང་བྱུང་གིས་ཕོག་སླ་བ་དང་འགོས་སླ་པོ་ཞིག་མིན།དེ་ནི་ནད་དུག་གི་སྐྱེ་དངོས་རྒྱུ་མཚན་དང་རང་ཉིད་ཀྱི་ཉེན་ཁ་ཆེ་བའི་བྱ་སྤྱོད་བྱེད་སྟངས་ཀྱིས་ཤུགས་རྐྱེན་ཐེབས་ནས།ཁྲག་དང་ཐིག་ལེ།སྐྱེ་ལམ་གྱི་ཟགས་ཐོན་གཤེར་གཟུགས།ནུ་ཞོ།རྨ་ཁའི་ཁྲག་བཅས་ཟགས་ཐོན་གཤེར་གཟུགས་མཉམ་འདྲེས་བྱེད་པའི་ཐབས་ལམ་ཐོག་ནས་འགོས་པ་དང་ཁྱབ་སྤེལ་དུ་འགྲོ་བ་རེད།  སྐྱེ་ཁམས་རྒྱུ་རྐྱེན་དང་རང་ཉིད་ཀྱི་ཉེན་ཁ་ཆེ་བའི་བྱ་བ་བྱེད་སྟངས་ཀྱི་ཤུགས་རྐྱེན་ཐེབས་ནས་ཁྱབ་སྤེལ་འགྲོ་སྟངས།ཁྲག་ལས་ཁྱབ་པ།མཉམ་དུ་སྦགས་བཙོག་ཐེབས་ཟིན་པའི་སྨན་ཁབ་སྤྱོད་པ་དང་ཁྲིམས་འགལ་ལུགས་འགལ་གྱིས་ཁྲག་ལེན་པ།ཉེན་ཁ་ཆེ་བའི་བྱ་སྤྱོད།དུག་རྫས་ཁབ་བརྒྱབ་ནས་སྤྱོད་མཁན།ཁྲིམས་འགལ་ལུགས་འགལ་གྱིས་ཁྲག་བཙོང་མཁན།སྦགས་བཙོག་ཐེབས་ཟིན་པའི་ཁྲག་རྒྱག་མཁན།  གོང་གསལ་གྱི་མི་དེ་ཚོའི་བཟའ་ཟླ་དང་དེ་ཚོ་དང་ལུས་འབྲེལ་གྱི་བྱ་སྤྱོད་ཡོད་མཁན་དང་།དུག་རྫས་འཐེན་མཁན་གྱིས་མཉམ་དུ་ཁབ་རྒྱག་ཡོ་བྱད་སྤྱད་རྐྱེན་དུག་འཐེན་མཁན་ཕལ་ཆེར་ཟླ་བ་འགའི་ནང་ཨེ་ཙི་འགོས་ནད་ཕོག་པ་རེད།ལུས་འབྲེལ་གྱི་བྱ་སྤྱོད་ལས་ཁྱབ་པ།བདེ་སྲུང་བྱེད་ཐབས་མེད་པ།ལྐོག་འཆལ་མ།འཆལ་པོ།མཚན་མཐུན་དགའ་རོགས་སྒྲིག་མཁན།ལུས་འབྲེལ་བྱེད་རོགས་མང་པོ་ཡོད་མཁན།གོང་གསལ་གྱི་མི་དེ་དག་གི་བཟའ་ཟླ་བཅས་རེད།ཨེ་ཙི་འགོས་ནད་དེ་དུས་གཅིག་ཏུ་ལུས་འབྲེལ་གྱི་བྱ་སྤྱོད་མང་པོ་ཡོད་མཁན་གྱི་མི་ཚོགས་ནང་ཁྱབ་མགྱོགས་པ་དང་སྦྱར་ནད་སོགས་ནད་ཡོད་མཁན་ལ་ཨེ་ཙི་རིམས་ནད་འགོས་པ་དེ་མི་སྤྱིར་བཏང་པ་ལས་ལྡབ་གཉིས་ནས་དགུའི་མང་བ་རེད།  ཨེ་ཙི་འགོས་ནད་ཡོད་མཁན་གྱི་སྦྲུམ་མས་བྱིས་པ་ལ་འགོས་པ།ཨེ་ཙི་འགོས་ནད་ཕོག་པའི་ཨ་མས་སྦྲུམ་ཆགས་དུས་དང་བྱིས་པ་སྐྱེ་དུས།འོ་མ་སྣུན་པ་བཅས་ཀྱི་དུས་ལ་ཨེ་ཙི་འགོས་ནད་རང་ཉིད་ཀྱི་བྱིས་པ་ལ་འགོས་སྲིད་པ་ནི་བརྒྱ་ཆའི་༣༠ཡིན་པ་རེད།
  • ལེ་ཚན་སྔོན་མ།:སྔོན་འགོག་གི་སྐོར།
  • ལེ་ཚན་རྗེས་མ།:བུད་མེད་ཀྱི་བདེ་སྲུང་སྐོར་གྱི་ཤེས་བྱ།
  • དོ་སྣང་ཆེ་བའི་རྩོམ།