ལྷ་རྒྱལ་ཚེ་རིང་།

མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་།    ནགས་ཁློང་ཁུ་བྱུག་འདུ་གནས།    2010-12-31

ལྷ་རྒྱལ་ཚེ་རིང་ནི་༡༩༦༢ལོའི་ཟླ་དྲུག་པར་མཚོ་སྔོན་ཁྲི་ཀ་རུ་སྐྱེས།༡༩༧༩ལོར་མཚོ་ལྷོ་མི་རིགས་དགེ་ཐོན་ཆེད་གཉེར་སློབ་གྲྭ་ནས་སློབ་མཐར་ཕྱིན་རྗེས་སློབ་ཆུང་གི་དགེ་རྒན་བྱས་ལ།༡༩༨༥ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན་རྗེས་དེ་རུ་དགེ་རྒན་གྱི་ཕག་ལས་གནང་།༡༩༨༨ལོར་གཙོས་མི་རིགས་མཇོལ་རིམ་དགེ་ཐོན་ཆེད་གཉེར་སློབ་གྲྭའི་བོད་ཡིག་སྡེ་ཁག་ཏུ་ལས་གནས་སྤོས།༡༩༨༣ལོ་ནས་བཟུང་རྩོམ་རིག་གསར་རྩོམ་ལ་གཞོལ་བ་དང་།སྙན་ངག་དང་སྒྲུང་གཏམ་བཅུ་ཕྲག་ལྷག་ལ་ཞིང་ལྗོངས་ལྔའམ་ཞིང་ཆེན་རིམ་པའི་གཟེངས་བསྟོད་བྱ་དགའ་ཐོབ།སྙན་ངག་གཅེས་བསྡུས《སྐྱ་རེངས་ལྷ་མོའི་འབོད་བརྡ》ཞེས་པ་ཀྲུང་དབྱང་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་འགྲེམ་སྤེལ་བྱས་པ་དང་།གཞན་དང་མཉམ་འབྲེལ་གྱིས་བྲིས་པའི་བསླབ་དེབ《བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་མཛད།ད་ལྟ་ཀན་སུའུ་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་པ་དང་ཀྲུང་གོ་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི།ཀན་སུའུ་ཞིང་ཆེན་གྱི་བོད་ཀྱི་ཤེས་རིག་མཐུན་ཚོགས་ཀྱི་རྒྱུན་ལས་པ།གཙོས་མི་རིགས་མཐོ་རིམ་དགེ་ཐོན་ཆེད་གཉེར་སློབ་གྲྭའི་སློབ་དཔོན་ཆེན་མོ་བ་གཞོན་པ་དང་བོད་རིགས་སྡེ་ཁག་གི་ཀྲུའུ་རིན་བཅས་ཡིན།
  • ལེ་ཚན་སྔོན་མ།:ལྗང་བུ།
  • ལེ་ཚན་རྗེས་མ།:སྐྱབས་ཆེན་བདེ་གྲོལ།