གླིང་གེ་སར་གྱི་རི་མོའི་སྐོར་གླེང་བ།

བོད་ལྗོངས་རྡོ་རྗེ་ནས།        2010-12-23

ཐང་ག་འདིའི་རི་མོ་གཙོ་བོ་ནི། ཇོ་རུས་རྫོང་ཕབ་པ་དང་རྟ་རྒྱུག་གི་སྐོར་ཞིག་སྟེ། འདིའི་གཙོ་ལྷ་ནི། བཙན་ཡབ་ཤུད་དམར་པོ་མི་དམར་རྟ་དམར་ཅན། ཕྱག་གཡས་ན་མདུང་དར་དང་གཡོན་ན་ལྕགས་ཀྱུའི་ཞག་པ་བསྣམས་པ།དེའི་སྟེང་དབུས་སུ། པྲ་སྟེང་དབུས། པྲ་ལྷ་ཧ་ནི། དོན་ཡོད་གྲུབ་པ། རྡོ་རྗེ་བདུད་པ་འཇོམས། གཡས་དབུས་སུ། ཇོ་རུ་དགུང་གྲངས་བཅུའི་དུས་མ་དྲོས་ཡུལ་མཚོ་ཁ་ནས་གའུ་བུ་མོ་སྣང་བ་འོད་ཟེར་ལ་གླུ་བླངས་ནས་གསེར་སྒམ་བླངས་ཚུལ། གནམ་སྨན་དཀར་མོའི་ལུང་བསྟན་ལྟར། རྒ་ན་མོ་ཞ་བུད་མེད་ཞར་བས་ཁུར་ཚུལ། བྱབ་ཆུབ། ངོ་དམར་མ། བྱང་རྗེའི་བུ་མོ། བྱང་གི་འཕྲུལ་རྫོང་དེ་རྨ་རི་སྲིད་པའི་གཞི་བདག་གིས་གླིང་ལ་བསྐྱལ་ཚུལ། ཇོ་སྐྱིད་ཀྱིས་མི་ཡུལ་ལ་གསེར་འགྱེད་མཛད་ཚུལ། བྱང་རྗེའི་བུ་མོས་དཀར་མཛོད་ཇོ་རུ་བཏང་ཚུལ། ཇོ་རུ་ཞལ་ལུ་གཉིས་ཀྱིས་ཁྲོ་ཐུང་བརྡུང་པ་དང་བཟུང་ནས་ཞུ་བ་ཕུལ། ཇོ་རུས་ཇ་འདྲེན་བཞག་ཚུལ་དང་བེ་ལུ་གླིང་ལ་ཁྲིད་ཚུལ། ཁྲོ་ཐུང་གིས་གསེར་སྒམ་མ་ཁྱག་ནས་འགྲེས་ཚུལ། ཇོ་རུའི་སྐུ་སྤྲུལ་དམག་ཇོ་རུའི་ཡོན་ཏན་གྱི་སྤྲུལ་པས་ལྕགས་ཀྱི་ཏི་ཚས་བྱང་དཔོན་སུམ་ཅུ་བསད་ཚུལ། རྨ་སྟོང་བཙན་སོགས་ཕུ་ནུ་སུམ་ཅུས་བྱང་དཔོན་རྣམས་བསད་ཚུལ། ཇོ་རུར་བྱ་བ་རོག་གི་ལུང་བསྟན་བྱུང་ཚུལ །གཡོན་དབུས་སུ། ཇོ་སྐྱིད་དགུང་གྲངས་བཅུ་གཉིས་དུས་ཨ་བསེའི་མཚོ་ནས་ཁྲབ་རྫོང་ཕབ་ཚུལ། དར་ལེགས་གླིང་ལ་བསུས་ཚུལ། མི་ཡི་ཡུལ་ལ་ཁྲབ་འགྱེད་བྱས་ཚུལ། ཇོ་རུའི་སྐུས་ལྗོན་ཤིང་ལ་སྦྲུལ་ཚུལ། སེང་སྟག  ཉ་ཚ་ཨ་བརྟན། མི་སྟག་ལ་སྤྲུལ་དུས་ཞལ་ལུ་ལུ་ལ་ཇོ་སྐྱིད་ཀྱིས་ཞལ་ཆེམ་མཛད་ཚུལ། སྤྲུལ་བའི་སྟག་གཞན་དུ་བྲོས་ཚུལ། ཇོ་རུས་ཨ་བསེའི་མི་སྟག་ཁྲ་བོ་བསད་ཚུལ། གཡས་དཀྱིལ་འགྲམ། བྱང་དཔོན་སུམ་ཅུ། ཇོ་རུ་ཕོག་པ་དང་འགྲོ་བ།
ཇོ་རུའི་གསུང་གི་སྤྲུལ་པས་ཤིང་སྤང་གསེར་གྱི་མཎྜལ་ཕུལ་ནས་གྲུབ་པའི་རྒྱལ་མོར་ཚེ་མདུད་ཞུས་ཚུལ། བྱང་ཕྱོགས་རྣམས་ཀྱིས་འབྲུག་མོ་མཐའི་བྲག་སྒར་ལ་བཀྱིག་ནས་བཞག་ཚུལ།ཇོ་རུས་ཕོག་པ་དེད་ཚུལ། ཇོ་རུའི་སྤྲུལ་པ་གཅིག་གིས་བཀྱིག་བཀྲོག་ཚུལ། གཡོན་དཀྱིལ་འགྲམ།མེ་སྣང་ནས་ཇོ་རུ་ཕབ་འོང་ཚུལ།ཇོ་རུས་རྫ་ལམ་བསལ་བའི་ལྷ་འབོད་མཛད་ཚུལ། ཨ་བསེའི་རྫ་བར་མའི་རྫ་འཁོར་ནང་ཕུ་ནུ་སུམ་ཅུ་ཞག་བདུན་ལུས་ཚུལ། མི་སྨུག་དུང་གི་སོ་སྒོ་ཅན་ལ་སྤྲུལ་ཚུལ། རྒྱ་ལྷ་ཁྲི་སྟག་ཞར་ས་ཁྲུ་བཅོ་བརྒྱད་དྲུང་ནས་བསད་ཚུལ།གླིང་རྟ་དེད་འོང་ཚུལ།ཇོ་རུ་དང་སྒྲོན་དཀར་གཉིས་ཀྱིས་ལྕུ་ཁྲིའི་རྟ་དེད་ཚུལ། ཇོ་རུའི་གསུང་གི་སྤྲུལ་པ། འོག་དཀྱིལ།  ཇོ་སྐྱིད་ཀྱིས་ལྕུ་ཁྲིའི་རྟ་རྫོང་ཕབ་ནས་མིའི་ཡུལ་ལ་རྟ་འགྱེད་བྱས་ཚུལ། ཇོ་སྐྱིད་ཀྱིས་ཨ་བྲ་སེང་ལ་བསྒྱུར་ཚུལ་ནས་ཆིབས་པའི་ཚུལ། ཇི་སྐྱིད་དགུང་གྲངས་བཅུ་གཅིག་དུས་སྤྱི་དཔོན་རྟ་རྣམས་ལྕུ་ལྷུ་ཁྲི་ལག་ལ་བསྐྱམ་པའི་བྱ་རོག་ལུང་བསྟན་བྱུང་ཚུལ། ཇོ་་རུས་ཡུས་འདུག་རྣམ་ས་ལ་འགྱེད་མཛད་ཚུལ། ཇོ་རུས་ཁྲོ་ཐུང་ལ་གླུ་བླངས་པར་ཁྲོ་ཐུང་གི་རྟ་བརྡབ་བྱུང་ཚུལ། འབྲུག་མོ་དང་ཇོ་རུ་ཞལ་མཇལ་ཚུལ། ཇོ་རུས་ཉི་མ་སྲིན་མཛུབ་ལ་བཏགས་པའི་ཚུལ། ཇོ་རུས་རྟས་བརྡབ་ཚུལ། ཇོ་འབྲུག་གཉིས་ཀྱིས་ཨབ་ཐང་གང་བ་མི་མིག་དར་དགུར་ཅན་བཟུང་། ཇོ་རུས་རྟ་ཆིབས་འབྲག་མོས་ཁའི་བཟུང་། ཇོ་འགོག་འབྲུག་གསུམ་ལྷན་འཛོམས་ཚུལ། འོག་གཡས་ཟུར། ཇོ་རུའི་སྤྲུལ་པ་སྡོང་པེ་རེ་ཉི་མ་རྒྱལ་མཚན་དང་འབྲུག་མོ་གཉིས་ཀྱིས་རྟེན་འབྲེལ་གྱི་མནའ་བཞག་ཚུལ། འོག་གཡོན་ཟུར། ཇོ་རུས་རྟས་བརྡབ་ཚུལ། ཇོ་སྐྱིད་ཀྱིས་རྐྱང་རྒོད་བཟུང་བའི་ལྷ་འབོད་མཛད་ཚུལ། འབྲུག་མོས་རྐྱང་རྒོད་བཟུང་ཚུལ། ཁྲོ་ཐུང་གི་རྟ་འདམ་དུ་ནུབ་ནས་ཇོ་རུར་མདའ་ཕུལ་ཚུལ། སྟོང་དཔོན་སྦྲ་ལི། ཁྲོ་ཐུང་། ཉ་ཚ་ཨ་བརྟན། ཀ་བཞི་དཔོན་པོ་ལྷུན་གྲུབ། ཚ་ཞིང་འདན་མ་བྱང་ཁྲ། སྐྱ་ལོའི་བུ་ཡག་འབྲུག་རྒྱས་སོགས་གླིང་གི་རྟ་རྒྱུག་འགྲན་པའི་ཚུལ་དང་བཅས་སོ། །
   ཐང་ག་འདིའི་རི་མོ་གཙོ་བོ་ནི། གླིང་གི་དཔའ་ཐུལ་རྣམས་ཀྱི་སྐུ་མཁར་རམ་རྫོང་རྣམས་ཏེ། འདིའི་གཙོ་ལྷ་ནི། ཀླུ་གཙུག་ན་རིན་ཆེན་གླང་ཆེན་ཆིབས་པ། ཕྱག་གཡས་ན་ནོར་བུ་དང་གཡོན་ན་བུམ་པ་བསྣམས་པ། དེའི་དཀྱིལ་དབུས་སུ། ན་ག་ཛུ་ན། སྣང་བ་མཐའ་ཡས། རྒྱལ་དབང་མཆོག་དབྱངས། གཡས་དབུས་སུ། སེང་གེ་གནམ་རྫོང་ན་མི་ཆེན་རྒྱལ་པོ་ལྷུན་གྲུབ། བོ་བྲག་སྟག་རྩེར་སྐྱ་ལོ་བསྟན་པ་རྒྱལ་མཚན། མཁར་གའུ་གསེར་རྫོང་ན་འབུམ་ཆོས་ལུ་དར་འཕེན། མཁར་སྨུག་པོ་ཅུག་དཀྲིས་ན་སེང་སྟག་ཨ་དོམ། ཕོ་བྲང་གུ་གུ་གནམ་རྫོང་ན་སྟོང་བཙན་ཨ་སྤེན། གཡོན་དབུས་སུ། གནམ་ལྕགས་ཁྲོ་མཁར་ན་སྐྱེས་མཆོག་མཁར་བེལ་སྟེང་སྟག་རྫོང་ནས་སྟག་རོང་གཟིག་འཕེན། ཕྱི་རུ་སྟག་རྩེ་ན་རོང་ཚ་དམར་ལེབ། དཀྱིལ་གཡས་འགྲམ། ཁྲ་སྟོད་གནམ་རྫོང་ཕྱུག་མོ་ན་སྤྱི་དཔོན་རོང་ཚ་ཁྲ་རྒན་ཡབ་སྲས། ཐང་རྫོང་རིང་མོ་ན་རིན་ཆེན་དར་ལུ། མཁར་ཁྲི་རྡུལ་བྲག་རྫོང་ན་ཨ་ནུ་དཔལ་དྲག  དཀྱིལ་གཡོན་འགྲམ། ཕོ་བྲང་དངུལ་ཆུ་ཁྲོ་རྫོང་ན་རྒྱ་ཚ་ཞལ་དཀར། མཁར་རྫོང་བསམ་འགྲུབ་འབུམ་ཐུབ་ན་ཉི་འབུམ་དར་ཡག   མཁར་ཤ་ལུང་རི་དྲུག་ན་ཚ་ཞིང་འདན་པ་སྤྱང་ཁྲ། འོག་དཀྱིལ་ཕོ་བྲང་བསམ་འགྲུབ་སྟག་རྩེ་ནས་འཛམ་གླིང་སེང་ཆེན་རྒྱལ་པོ་ཡབ་སྲས་འཁོར་བཅས། འོག་གཡས་ཟུར། བརྒྱ་དཔོན་གསར་གྱི་ཨརྒྷམ། སྟོང་དཔོན་སྤྲ་རྩི་ཤིལ་ལྕགས། གཡུ་ཡག་མགོན་པོ། གནས་གཟུག་པ་ནག་ཐུང་། འོག་གཡོན་ཟུར། གསེར་གྱི་ཨ་རྒྱས། མོ་མ་ཀུན་ཤེས་མཐོང་པོ། ལྷ་རྗེ་ཀུན་དགའ་ཉི་མ། ཕོ་རོག་སྙིང་རྗེ་ན་སྟག་རོང་ཁྲོ་རྒྱལ་ཡབ་སྲས་བཅས་བཞུགས་སོ། །
  • ལེ་ཚན་སྔོན་མ།:གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་རི་མོ་མཐོང་བ་ཀུན་སྨོན།
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱི་ལྷ་རིས་པ་སྤེན་པ་ཚེ་རིང་གིས་བྲིས་པའི་གེ་སར།