ཆུ་ཁོལ་མང་ཙམ་བཏུང་ན། གཟུགས་གཞི་བདེ་བར་འགྱུར།

        2014-10-14

ཞོགས་པ་གཉིད་སད་མ་ཐག་ལམ་སེང་ཆུ་འཐུང་རྒྱུ་ནི་དེང་སང་ཉི་ཧོང་དུ་དར་ཁྱབ་ཧ་ཅང་ཆེ་ལ་ཚན་རིག་བརྟག་དཔྱད་མང་པོ་ཞིག་གིས་དེའི་རིན་ཐང་ར་སྤྲོད་བྱས་ཡོད།
    གཤམ་དུ་ང་ཚོས་ཀློག་མཁན་ཚོར་ཆེད་དུ་དམིགས་ནས་ཆུ་བེད་སྤྱོད་བྱེད་སྟངས་སྐོར་གྱི་ཤེས་བྱ་ཞིག་ངོ་སྤྲོད་བྱེད་རྒྱུ་ཡིན།
    ནད་གཞི་རྙིང་པ་དང་ནད་ཐུ་མོ་དང་ཡང་མོའི་རིགས་གང་ལ་མཚོན་ན་ཡང་།ཆུས་གསོ་བཅོས་བྱས་ན་དགེ་ཕན་ཧ་ཅང་ཆེ་བ་མ་ཟད།ཉི་ཧོང་གི་འཕྲོད་བསྟེན་ཚན་རིག་སྡེ་ཁག་ཅིག་གིས་གཤམ་གྱི་ནད་གཞི་ཁག་ཆུའི་གསོ་བཅོས་ལ་བརྟེན་ན་བརྒྱ་ཆའི་བརྒྱ་ཐམ་པ་གསོ་བཅོས་བྱེད་ཐུབ་པ་ཤེས་རྟོགས་བྱུང་ཡོད།
    མགོ་ན་བ་དང་གཡན་པ(ལུས་པོར་ཟ་འཕྲུག་ལངས་པའི་པགས་ནད།)སྙིང་གི་འཕར་ལྡིང་མགྱོ གས་པ། དབང་རྩའི་གཟའ་གྲིབ། ཚད་བརྒལ་རྒྱགས་པ། གློ་ཡུའི་གཉན་ཚད། གློ་སུད།(དབུགས་འཚང་བའི་ནད།)གློ་བའི་གཉན་ཚད། ཀླད་སྐྱིའི་གཉན་ཚད། མཁལ་མ་དང་གཅིན་ལམ་གྱི་ནད་རིགས། སྐྱུགས་བྲོ་བ། ཕོ་སྐྲངས་ཀྱི་ནད། བཤལ་ནད། བཤང་འབྲུམ། གཅིན་སྙིའི་ནད། རྩ་ཆུ་འགག་ནད། མིག་ནད་ཡོངས། བུ་སྣོན་ཀྱི་ནད། སྐྲན་ནད། ཟླ་མཚན་དུས་ལྟར་མི་འབབ་པ། རྣ་དང་སྣ། མགྲིན་པ་བཅས་ཀྱི་ནད།
    གསོ་བཅོས་བྱེད་ཐབས།
    1. ཞོགས་པ་གཉིས་ལས་སད་མ་ཐག་སྟེ། སོ་མ་འཁྲུ་བའི་སྔོན་ལ་ཆུ་ཤེས་ཕོར་བཞི་རེ་འཐུང་། (ཤེལ་ཕོར་ཆེ་ཆུང་160M)
    2. དེའི་རྗེས་སུ་ཁ་དང་སོ་གཙང་མར་འཁྲུད། ཡིན་ན་ཡང་། དུས་ཡུན་སྐར་མ45རིང་ལ་བཟའ་བཏུང་གང་ཡང་བྱེད་མི་རུང་།
    3. སྐར་མ45ཡི་རྗེས་སུ་ནམ་རྒྱུན་བཞིན་བཟའ་བཏུང་ལ་རོལ་ཆོག
    4. ཞོགས་ཟས་དང་གུང་ཟས། ནུབ་ཟས་བཅས་གྲུབ་རྗེས་ཀྱི་སྐར་མ15རྗེས་ཀྱི་དུས་ཡུན་ཆུ་ཚོད་གཉིས་རིང་ལ་བཟའ་བཏུང་གང་ཡང་བྱེད་མི་རུང་།
    5.ལོ་ན་བགྲེས་པའམ་ནད་ཀྱི་དབང་གིས་ཉིན་རེར་ཆུ་ཤེལ་ཕོར་བཞི་རེ་འཐུང་མི་ཐུབ་མཁན་ཚོས་དང་ཐོག་ཤེལ་ཕོར་གཅིག་རེ་འཐུང་བ་དང་། རྗེས་སུ་རིམ་གྱིས་ཉིན་རེར་ཆུ་ཤེལ་ཕོར་བཞི་རེ་འཐུང་ཐུབ་པ་བྱེད་ན་ཆོག
    གོང་གསལ་གྱི་བཅོས་ཐབས་ཀྱིས་ནད་པའི་ནད་སེལ་ཞིང་། གཞན་དག་ལ་བདེ་ཐང་གི་འཚོ་བ་རྒྱུན་སྲིང་བྱེད་ཐུབ།
    གཤམ་གསལ་གྱི་གྲངས་ཐོ་ཡིས་ནད་རིགས་གཙོ་བོ་ཁག་ཅིག་བཅོས་པ་ལ་བཅོས་ཐབས་འདི་ཉིན་གྲངས་ག་ཚོད་ལ་བསྟེན་དགོས་མིན་བསྟན་ཡོད།
    ནད་གཞི་དང་ཉིན་གྲངས།
    ཁག་ཤེད་མཐོན་པོ་ཅན་གྱིས་ཉིན30རིང་ལ་འཐུང་དགོས།
    ཕོ་བའི་སྐྲངས་ནད་ཅན་གྱིས་ཉིན10རིང་ལ་འཐུང་དགོས།
    གཅིན་སྙིའི་ནད་ཡོད་མཁན་གྱི་ཉིན30རིང་ལ་འཐུང་དགོས།
    རྩ་ཆུ་འགག་པའི་ནད་པས་ཉིན10རིང་ལ་འཐུང་དགོས།
    སྐྲན་ནད་ཅན་གྱིས་ཉིན180རིང་ལ་འཐུང་དགོས།
    གློ་བའི་གཉན་ཚད་ཅན་གྱིས་ཉིན90རིང་ལ་འཐུང་དགོས།
    གྲུམ་བུའི་ནད་པས་ཉིན་གྲངས་མི་གསལ། གྲུམ་བུའི་ནད་པ་ཚོས་བཅོས་ཐབས་འདི་ཐོག་མར་བསྟེན་དུས་ཀྱི་བདུན་ཕྲག་དང་པོར་ཉིན་གསུམ་ལ་བསྟེན་རྗེས་ལྷག་མའི་ཉིན་བཞིར་མཚམས་འཇོག་པ་དང་། བདུན་ཕྲག་གཉིས་པ་ནས་བཟུང་ཉིན་ལྟར་བསྟེན་དགོས།
    བཅོས་ཐབས་འདི་ལ་ཞོར་སྐྱོན་གང་ཡང་མེད། ཡིན་ན་ཡང་། བཅོས་ཐབས་འགོ་འཛུགས་དུས་ཁྱེད་རང་ཆབ་གསང་ལ་ཡང་ཡང་འགྲོ་དགོས་བ་འབྱུང་སྲིད།
    གསལ་བཤད། གསོ་བཅོས་བྱེད་ཐབས་འདི་ནི་ལོ་ངོ་དྲུག་བཅུའི་སྔོན་ཉི་ཧོང་ནས་དར་ཁྱབ་བྱུང་ཞིང་། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་གསར་ཤོག་བརྒྱུད་ནས་ཉི་ཧོང་མི་མང་ཡོངས་ལ་ཁྱབ་སྤེལ་བཏང་བར་བཤད།
  • ལེ་ཚན་སྔོན་མ།:དབྱར་དུས་སུ་སྒ་སྨུག་མང་ཙམ་སྤྱད་ན་ལུས་པོར་ཕན།
  • ལེ་ཚན་རྗེས་མ།: སྐོམ་ཆུ་ཡུན་རིང་བཏུང་ན་བདེ་ཐང་ལ་གནོད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10