ལ་གཞས།

    དཀར་མཛེས་ཉིན་རེའི་ཚགས་པར་ལས་དྲངས།    2010-05-12

ལ་གཞས།

བཀྲ་ཤིས་པའི་ཉིན་ལུང་གོང་མ་ན།
རིགས་མི་འདྲ་རྟ་བརྒྱ་བསྐོར་ཡོད་གོ།
ཕྱུག་པོའི་རྟ་དེ་སྤུ་མདོག་ཡག།
བཙན་པོའི་རྟ་དེ་འཕྲ་ཁ་ཚ།
དབུལ་པོའི་རྟ་དེ་འགྲོས་གོམ་བདེ།
ང་འགྲོས་གོམ་ཅན་གྱི་རྟ་ལ་དགའ།
བཀྲ་ཤིས་པའི་ཉིན་ལུང་བར་མ་ན།
རིགས་མི་འདྲ་མཛོ་བརྒྱ་བསྐོར་ཡོད་གོ།
ཕྱུག་པོའི་མཛོ་དེ་རྭ་ཁ་ཡག།
བཙན་པོའི་མཛོ་དེ་རྭ་ཁ་ཚ།
དབུལ་པོའི་མཛོ་དེ་ཤ་ཤེད་ཆེ།
ང་ཤུགས་ཆེན་ཅན་གྱི་མཛོ་ལ་དགའ།
བཀྲ་ཤིས་པའི་ཉིན་ལུང་འོག་མ་ན།
རིགས་མི་འདྲ་བུ་མོ་མང་པོ་འཛོམས།
ཕྱུག་པོའི་བུ་མོ་ཁེབས་རྒྱ་ཆེ།
དབུལ་པོའི་བུ་མོ་ཤེས་རྒྱ་ཆེ།
ང་ཤེས་རྒྱ་ཅན་གྱི་བུ་མོར་དགའ།
 
  • ལེ་ཚན་སྔོན་མ།:ལ་གཞས།
  • ལེ་ཚན་རྗེས་མ།:བོད་ཀྱི་ལ་གླུ།