རི་ཁའི་ལྟོ་རྟེན་རི་ཡིན།

        2010-12-21

བཀྲ་ཤིས་ནོར་བུ། ཕུན་ཚོགས། ལྷ་མོ་བཅས་ནས་རང་རང་གི་ཨ་ཁུ་ལ་ཆེར་བསྟོད་འདི་ལྟར་བྱེད་འདི་ལྟར་བྱེད་དེ། བཀྲ་ཤིས་ཀྱིས་ངའི་ཨ་ཁུ་གོས་ཚོང་ཁང་དུ་ལས་ཀ་སྒྲུབ་བཞིན་ཡོད་པས། ཁོས་གོན་ཆས་ཚོད་ལྟ་བྱེད་པར་ཉིན་རེ་རེ་བཞིན་སྣ་ཁ་མི་འདྲ་བའི་གོས་གྱོན་བཞིན་ཡོད་ཟེར།
  ནོར་བུས་དེ་ཧ་ལས་རྒྱུ་ཅི་ཡོད། ངའི་ཨ་ཁུ་མགྲོན་ཁང་ཆེན་མོའི་མ་ཆེན་ཡིན་པས།ཟས་ཀྱི་བྲོ་བ་ཚོད་ལེན་བྱེད་པར་ནམ་རྒྱུན་བྱ་དང་ཉ་ཤ་སོགས་རྩ་ཆེ་བའི་ཟས་མཆོག་སྣ་མང་བཟས་བཞིན་ཡོད་ཅེས་བཤད།
  ཕུན་ཚོགས་ཀྱིས་དེ་ལ་ཡ་མཚན་ཅི་ཡོད། ངའི་ཨ་ཁུ་ཟོང་མང་ཉོ་ཚོང་ཁང་གི་སྤྱི་གཉེར་བ་ཡིན་པས། གློག་ཆས་བེད་སྤྱོད་ཚོད་ལྟ་བྱེད་པར་ཁྱིམ་སྤྱོད་ཀྱི་གློག་ཆས་འདྲ་མིན་སྣ་ཚོགས་ཡོད་ཅེས་ཟེར།
   ལྷ་མོས་ཁྱོད་ཚོ་དངོས་གནས་མཐོང་རྒྱ་ཆུང་ན་ཡ་མཚན་ཆེ་ཟེར་བ་མ་ཡིན་ནམ། འདི་ནི་རི་ཁའི་ལྟོ་རྟེན་ཆུ་ཞེས་པ་ཡིན་ཏེ། ངའི་ཨ་ཁུ་གཉེན་སྒྲིག་མཚམས་སྦྱོར་ལས་ཁུངས་སུ་ལས་ཀ་བྱེད་བཞིན་ཡོད་པས། ནམ་རྒྱུན་ཁོ་རང་བཙལ་མཁན་གྱི་བུ་མོ་གཞོན་ནུ་མི་ཉུང་བ་ཡོད་ཅིང་། ཉེ་ཆར་ཁོས་གཉེན་སྒྲིག་ཚོད་ལྟ་རུ་བུ་མོ་ཆུང་ཆུང་ཞིག་དང་མཉམ་སྡོད་བྱས་པ་རེད་ཅེས་ཟེར་རོ།།
  • ལེ་ཚན་སྔོན་མ།:སྒོར་མོ་གྲོན་ཆུང་གཏོང་བ།
  • ལེ་ཚན་རྗེས་མ།:ཟས་ཁང་དུ་སོང་བ།