དུང་དཀར་ལུང་པའི་མཛེས་ལྗོངས་ས་ཁུལ་གྱིས་རིམ་པ་ལྔ་ཅན་གྱི་ལྗོངས་རྒྱུའི་མཛེས་ཁུལ་སྐྲུན་གང་ཐུབ་བྱས།  

དབྱངས་ཅན་གྱིས་བསྒྱུར།        2014-08-18

རིམ་པ་ལྔ་ཅན་གྱི་ལྗོངས་རྒྱུའི་མཛེས་ལྗོངས་ས་ཁུལ་གསར་སྐྲུན་བྱ་རྒྱུར་སྐུལ་འདེད་ཇེ་མགྱོ གས་སུ་གཏོང་བ་དང་། མཛེས་ལྗོངས་ས་ཁུལ་གྱི་རྨང་གཞི་སྒྲིག་ཆས་དང་ལྗོངས་རྒྱུའི་སྣེ་ལེན་གྱི་ནུས་པ་མཐོར་འདེགས་གཏོང་ཆེད། ད་ལོར་དུང་དཀར་ལུང་པའི་མཛེས་ལྗོངས་ས་ཁུལ་གྱིས་མ་དངུལ་སྒོར་ཁྲི163698བཏང་ནས་རིམ་པ་ལྔ་ཅན་གྱི་གསར་སྐྲུན་རྣམ་གྲངས24སྤེལ་འགོ་ཚུགས་པ་རེད།
    ཤེས་རྟོགས་བྱུང་བར་ལྟར་ན། མིག་སྔའི་བར་དུ་སླེབས་དུས། མཛེས་ལྗོངས་ས་ཁུལ་གྱི་གཞུང་ལམ་གཙོ་བོའི་ཨར་ལས་ཕལ་ཆེར་ལེགས་འགྲུབ་བྱུང་ཟིན་ནས་མཇུག་བསྡུ་བའི་དུས་རིམ་དུ་སླེབས་པ་དང་། འབོ་ཞབས་ཁྲོམ་ལམ་རྙིང་པའི་རྣམ་པ་བསྒྱུར་བཀོད་བྱ་རྒྱུ་དང་། མའོ་ཙེ་ཏུང་གི་སྡོད་གནས་རྙིང་པའི་མཛེས་ལྗོངས་ས་ཁུལ་གྱི་རྨང་གཞི་སྒྲིག་ཆས་ཀྱི་དུས་རིམ་དང་པོའི་འཛུགས་སྐྲུན་ལས་ཀ་ལེགས་འགྲུབ་བྱུང་ཟིན། གསང་སྤྱོད་ཁང་དང་མཚོན་རྟགས་སྒོ་བྱང་དག་གི་འཛུགས་སྐྲུན་ལས་ཀ་དམ་འཛིན་བྱེད་བཞིན་པའི་སྒང་རེད། མའོ་ཙི་ཕིང་ནས་འབོ་ཞབས་བར་གྱི་གཞུང་ལམ་བསྒྱུར་བཀོད་ཀྱི་ལས་ཀའི་སུས་འཇོན་དེ་འགུག་དང་སུས་འཇོན་དེ་ལེན་གྱི་ལས་ཀ་ལེགས་འགྲུབ་བྱུང་ནས་ཨར་ལས་ཀྱི་དུས་རིམ་དུ་སླེབས་གྲབས་ཡོད་པ། མཛེས་ལྗོངས་ས་ཁུལ་གྱི་གཞུང་ལམ་གྱི་དུས་རིམ་གཉིས་པ་དང་། བློ་གྲོས་ལྡན་པའི་མཛེས་ལྗོངས་ས་ཁུལ། ལྗོངས་རྒྱུ་བའི་ལྟེ་གནས། འཁྱགས་རོམ་དངོས་མང་བཤམས་སྟོན་ཁང་སོགས་རྣམ་གྲངས་ཀྱི་སྔོན་འགྲོའི་ལས་ཀ་གྲུབ་ཟིན། འབོ་ཞབས་གྱི་ཞན་ཧྭ་གྲོང་རྡལ་དང་། ཁྱད་ཆོས་ལྡན་པའི་རྐང་ལམ་ཕྲ་མོ། གཉའ་རྒྱབ་སྒང་གི་རྡོ་དམར་གླིང་གའི་གཞུང་ལམ་བཟོ་བཅོས་བྱ་རྒྱུ། དུང་དཀར་ལུང་པའི་མཛེས་ལྗོངས་ས་ཁུལ་གྱི་ལྗོངས་རྒྱུའི་རླངས་འཁོར་ས་ཚུགས་སོགས་ཀྱིས་དུས་སྐབས་སྔོན་འགྲོའི་ལས་ཀ་སྒྲུབ་བཞིན་པའི་སྒང་ཡིན། དུང་དཀར་ལུང་པའི་འཁྱགས་རོམ་དང་གངས་ཤུད་རྒྱག་སའི་འཆར་གཞི་ཇུས་འགོད་བྱ་རྒྱུ་ལེགས་འགྲུབ་བྱུང་བ། རིམ་པ་གཉིས་ཅན་གྱི་རི་བོའི་དཔྱང་ཟམ་ཞིབ་འཇུག་བྱེད་འཐུས་པའི་བཟོ་འགོད་ལས་ཀ་སྤེལ་འགོ་ཚུགས་པ་རེད།
  • ལེ་ཚན་སྔོན་མ།:ལོ་སྟོད་དུ་ཕྱག་ཕྲེང་དང་འདབ་པ།སྡེ་རོང་བཅས་རྫོང་གསུམ་གྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་འབོར་འཕར་སྣོན་བྱུང་།  
  • ལེ་ཚན་རྗེས་མ།:ཧུའུ་ཁྲང་ཧྲེང་གིས་རོང་བྲག་རྫོང་སྟོང་འགོ་ཤང་གི་གནོད་སྐྱོན་ཐེབས་ཡུལ་ལ་ཁྲིད་སྟོན་བྱེད་སྐབས་རྗེས་བྱུང་གནོད་འཚེ་འགོག་སྲུང་ནན་པོ་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་ཁག་ཐེག་བྱེད་དགོ
  • དོ་སྣང་ཆེ་བའི་རྩོམ།