རྨི་ལམ་དང་དོན་དངོས།

    བོད་ཀྱི་སློབ་གསོ་ལས་གདམས།    2010-12-21

ཁང་བདག་གི་ལྕམ་མོས་སྤྲང་པོ་ཞིག་གླིང་ཀའི་འདུག་སྟེགས་སྟེང་གཉིད་འདུག་པར་སྙིང་རྗེ་སྟེ། ཁོ་ཚང་གི་མགྲོན་ཁང་དུ་འདུག་ཏུ་བཅུག  ཕྱི་ཉིན་ཞོགས་པར། སྤྲང་པོ་ཡོང་ནས་མོ་ལ་སྐུ་དྲིན་ཆེ་ཞེས་ཞུས་རྗེས། ང་རང་གླིང་ཀའི་འདུག་སྟེགས་སྟེང་གཉིད་དུ་བདེ་ཟེར། ཁོ་མོས་རྒྱུ་མཚན་ཅི།་འདི་ནས་མི་བདེའམ།ཞེས་དྲིས་པར། སྤྲང་པོས་ཁྱོད་ཀྱིས་སེམས་ཁུར་ལ་ངོ་མས་སྐུ་དྲིན་ཆེ། ཡིན་ནའང་འདུག་སྟེགས་སྟེང་གཉིད་དུས། རྨི་ལམ་དུ་རང་ཉིད་དྲོ་ལ་བདེ་བའི་འབོལ་གདན་མལ་ཁྲིའི་སྟེང་ཡོད་པ་རྨིས་མོད། འོན་ཀྱང་མདང་དགོང་། ངའི་རྨི་ལམ་དུ་ང་རང་ཉིད་འཁྱག་ཅིང་མི་བདེ་བའི་འདུག་སྟེགས་སྟེང་གཉིད་ཡོད་པ་རྨིས། ངོ་མ་སྐྱིད་པོ་ཞིག་མི་འདུག་ཟེར།
 

  • ལེ་ཚན་སྔོན་མ།:ཨ་རག་ཤེལ་དམ་དོ།
  • ལེ་ཚན་རྗེས་མ།:ལས་ཞུགས་ཆད་པ།