ལ་གཞས།

        2010-05-12

ལ་གཞས།

དཀར་མཛེས་ཉིན་རེའི་ཚགས་པར་ལས་དྲངས།
བཀྲ་ཤིས་ལ་ཡི་ལ་ཐོག་ལ།ཡང་སྐྱིད་དཀར་པོའི་གུར་གཅིག་ཕུབ།
གུར་འཐེན་དུས་ལྟ་ཞིབ་མ་བྱས་ན།རླུང་བསེར་མ་ཟེར་བའི་དགྲ་ཞིག་ཡོད།
གླུ་ལེན་ན་སྤྲོ་གླུ་སྙན་མོ་ལེན།མཆོད་འཕེན་ན་འོ་ཇ་དཀར་མོ་མཆོད།
ཆང་འཐུང་ན་འབྲུ་ཆང་བསིལ་མ་འཐུང་།
རོགས་བཙལ་ན་གཤིས་རྒྱུད་འཇམ་པོ་འཚོལ།
རྒྱ་ནག་པོའི་མཁར་ཁང་བོའུ་ཡིས་གང་།
ངའི་ཁུར་བོའུ་གང་ཡིན་ཁྲིགས་ཁྲིགས་མེད།སོག་སེར་པོའི་རྟ་རར་རྟ་ཡིས་གང་།
ངའི་འོག་རྟ་གང་ཡིན་ཁྲིགས་ཁྲིགས་མེད།སྡེ་ཆེན་པོའི་སྡེ་བར་རོགས་ཀྱིས་གང་།
ངའི་ཚེ་རོགས་གང་ཡིན་ཁྲིགས་ཁྲིགས་མེད།
 
  • ལེ་ཚན་སྔོན་མ།:གནས་སྐབས་མེད།
  • ལེ་ཚན་རྗེས་མ།:ལ་གཞས།