མེ་ལོང་།

        2010-12-20

གྲོང་ཁྱེར་དང་རྒྱང་ཐག་རིང་བའི་ས་ཆ་ཞིག་ལ་ཡུལ་སྐོར་བས་བོར་བརླག་ཤོར་བའི་མེ་ལོང་དེ་ས་དེའི་མི་གིས་རྙེད། མི་དེས་མེ་ལོང་ལ་བལྟས་པ་དང་ཁེར་བཤད་བྱེད་བཞིན། འདི་ངའི་ཕ་རྒན་རྒད་པོ་མ་རེད་དམ། བློ་ཡུལ་ལས་འདས་པ་ནི་ཁོས་ཀྱང་འདྲ་པར་ལེན་མྱོང་འདུག་ཅེས་འདུག
   མི་དེ་ཁྱིམ་དུ་སླེབས་པ་དང་ལྐོག་ཏུ་མེ་ལོང་ཉར་ཚགས་བྱས་རུང་ཁོའི་ཆུང་མས་མཐོང་། མི་དེ་ལས་ཀ་སོང་ཤུལ་དུ་ཆུང་མས་མེ་ལོང་ལ་བལྟས་པ་དང་ཧ་ལས་པའི་ངང་ནས་ཨ་ཙི་ཙི། རྒན་མོ་མདོག་སྡུག་པ་འདི་ནི་ཁོའི་དགའ་གྲོགས་ཡིན་འདུག་ཟེར་བཞིན་དུ་ངུ་བཞིན་དུ་ཁོའི་མ་རྒན་ལ་ཞུ་གཏུག་བྱས།
   ཁོའི་མ་རྒན་ཁོང་ཁྲོ་ཆེན་པོས་རྒྱུགས་ཡོང་ནས་དབུགས་ཧལ་ཧལ་གྱིས་གཅིག་བལྟས་པ་ན་ཞི་འཇམ་ངང་། བུ་མོ། དེ་ལ་ཁོང་ཁྲོ་ལངས་རྒྱུ་ཅི་ཡོད། རྒན་མོ་དེ་ཅི་འདྲའི་རྒས་འཁོགས་ཤིག་རེད། ཁྱོད་དེ་འདྲའི་ལོ་ན་ཆུང་བས་སེམས་ཁྲལ་བྱེད་དགོས་པ་ཅི་ཡང་མི་འདུག་ཟེར་རོ། །
  • ལེ་ཚན་སྔོན་མ།:རླངས་འཁོར་ཨང་རྟགས།
  • ལེ་ཚན་རྗེས་མ།:ཨ་རག་ཤེལ་དམ་དོ།