སྔོན་འགོག་གི་སྐོར།

        2010-05-12

དོན་ཚན་བདུན་པ།རིམ་པ་ཁག་གི་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་སྒྲིག་འཛུགས་བྱས་ནས་འགོས་ནད་སྔོན་འགོག་ཤེས་བྱ་དང་འགོག་བཅོས་བྱེད་ཐབས་ཀྱི་འཕྲོད་བསྟེན་དང་ལུས་ཁམས་བདེ་ཐང་གི་སློབ་གསོ་སྤེལ་དགོས།
དོན་ཚན་བརྒྱད་པ།རིམ་པ་ཁག་གི་སྲིད་གཞུང་གིས་རྒྱལ་གཅེས་འཕྲོད་བསྟེན་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱེད་དགོས།
ལྕགས་ལམ་དང་།འགྲིམ་འགྲུལ།དམངས་སྤྱོད་མཁའ་འགྲུལ་བཅས་སྡེ་ཁག་གིས་འགྲིམ་འགྲུལ་ཡོ་བྱད་ཀྱི་བྱི་བའི་གནོད་འཚེ་མེད་པར་བཟོ་རྒྱུའི་སྒྲིག་འཛུགས་བྱེད་པའི་འགན་འཁུར་དགོས།
ཞིང་ལས་དང་ནགས་ལས་སྡེ་ཁག་གིས་ཞིང་ཁ་དང་རྩྭ་ར།ནགས་ཁུལ་བཅས་ཀྱི་བྱི་བའི་གནོད་འཚེ་མེད་པར་བཟོ་བའི་སྒྲིག་འཛུགས་བྱེད་པའི་འགན་འཁུར་དགོས།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་པུའུ་ཨུའི་དུང་འབུའི་གནོད་འཚེ་སེལ་པའི་ལས་བགོས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་གཏན་འབེབས་ལྟར་སྒྲུབ་དགོས།
དོན་ཚན་དགུ་པ།གཅིག་བསྡུས་རྣམ་པའི་ཆུ་མཁོ་སྤྲོད་བྱེད་པ་དེ་ངེས་པར་དུ་རྒྱལ་ཁབ་ཀྱི་《འཚོ་བའི་འཐུང་ཆུའི་འཕྲོད་བསྟེན་ཚན་གཞི》དང་མཐུན་དགོས།
སྡེ་ཁག་སོ་སོའི་རང་སྒྲིག་ཆུ་འགོ་དེ་གྲོང་ཁྱེར་འཛུགས་སྐྲུན་སྡེ་ཁག་དང་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་ཆོག་མཆན་མ་གནང་གོང་།གྲོང་ཁྱེར་དང་གྲོང་རྡལ་གྱི་གཅིག་བསྡུས་ཆུ་སྤྲོད་མ་ལག་དང་འབྲེལ་མཐུད་བྱེད་མི་ཆོག དོན་ཚན་བཅུ་པ།ས་གནས་ཀྱི་རིམ་པ་ཁག་གི་སྲིད་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་སྤྱི་པའི་འཕྲོད་བསྟེན་སྒྲིག་བཀོད་འཛུགས་སྐྲུན་དང་ལེགས་བཅོས་བྱེད་དགོས།
གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་སྒྲིག་བཀོད་ཀྱི་ཚད་གཞི་ལྟར་སྤྱི་པའི་གསང་སྤྱོད་དང་།གད་སྙིགས་དང་གཅིན་སྐྱག་གནོད་མེད་དུ་བཟོ་བའི་ས་ཚིགས་དང་།ཆུ་སྙིགས་དང་ཆར་ཆུ་ཕྱིར་འབུད་ཐག་གཅོད་མ་ལག་སོགས་སྤྱི་པའི་འཕྲོད་བསྟེན་སྒྲིག་བཀོད་འཛུགས་སྐྲུན་བྱེད་དགོས།  གྲོང་གསེབ་ཀྱིས་རིམ་བཞིན་གསང་སྤྱོད་ལེགས་བཅོས་བྱས་ནས།གཅིན་སྐྱག་དེ་གནོད་མེད་ཅན་དུ་བཟོ་བ་དང་།སྤྱི་པའི་འཚོ་བའི་འཐུང་ཆུའི་གཙང་སྦྲ་དོ་དམ་ལ་ཤུགས་སྣོན་བྱེད་པ།དགོས་ངེས་ཀྱི་གཙང་སྦྲ་དོ་དམ་ལམ་ལུགས་འཛུགས་དགོས།
འཐུང་ཆུའི་ཆུ་འགོའི་ཉེ་འགྲམ་དུ་རྫབ་དོང་དང་ལུད་ཕུང་སོགས་འབག་བཙོག་གི་འབྱུང་ཁུངས་ཡོད་མི་ཆོག འཐུང་ཆུའི་ཆུ་འགོའི་ཉེ་འགྲམ་དུ་ཆབ་ཏོག་དང་གཅིན་སྐྱག་སྐྱེལ་འདྲེན་ཡོ་བྱད་འཁྲུད་མི་ཆོག
དོན་ཚན་བཅུ་གཅིག་པ།རྒྱལ་ཁབ་ཀྱིས་འཆར་གཞི་ལྡན་པའི་སྒོ་ནས་སྔོན་འགོག་འགོག་སྨན་རྒྱག་པའི་ལམ་ལུགས་ལག་བསྟར་བྱེད་པ་ཡིན།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ནང་གི་མི་སུ་ཞིག་ཡིན་རུང་ཚང་མས་འབྲེལ་ཡོད་གཏན་འབེབས་ལྟར་སྔོན་འགོག་གི་འགོག་སྨན་རྒྱག་རྒྱུ་དང་ལེན་བྱེད་དགོས།
ཞིང་ཆེན་དང་།རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར་སོ་སོའི་སྲིད་གཞུང་གི་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་ས་གནས་དེའི་འགོས་ནད་ཁྱབ་པའི་གནས་ཚུལ་ལ་དམིགས་ནས་སྔོན་འགོག་གི་འགོག་སྨན་རྒྱག་པའི་རྣམ་གྲངས་ཁ་སྣོན་བྱེད་ཆོག
དོན་ཚན་བཅུ་གཉིས་པ།རྒྱལ་ཁབ་ཀྱིས་བྱིས་པར་སྔོན་འགོག་གི་འགོག་སྨན་རྒྱག་པའི་ལག་ཁྱེར་སྤྲོད་པའི་ལམ་ལུགས་ལག་བསྟར་བྱེད་པ་ཡིན།
ལོ་རན་བྱིས་པས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་སྔོན་འགོག་འགོག་སྨན་རྒྱག་རྒྱུ་དང་ལེན་བྱེད་དགོས།ལོ་རན་བྱིས་པའི་ཁྱིམ་བདག་གམ་ལྟ་སྐྱོང་བྱེད་མིས་དུས་ཐོག་ཏུ་སྨན་བཅོས་དང་ལུས་ཁམས་བདེ་སྲུང་ལས་ཁུངས་ལ་སྔོན་འགོག་གི་འགོག་སྨན་རྒྱག་པའི་ལག་ཁྱེར་ལེན་རྒྱུའི་རེ་ཞུ་བྱེད་དགོས། བུ་བཅོལ་ལས་ཁུངས་དང་སློབ་གྲྭས་བུ་བཅོལ་ཁང་དང་སློབ་གྲྭར་ཞུགས་དུས།སྔོན་འགོག་གི་འགོག་སྨན་རྒྱག་པའི་ལག་ཁྱེར་ལ་ཞིབ་བཤེར་བྱེད་དགོས་ཤིང་།གཏན་འབེབས་ལྟར་འགོག་སྨན་མ་བརྒྱབ་པའི་བྱིས་པར་དུས་ཐོག་ཏུ་འགོག་སྨན་རྒྱག་དགོས།
དོན་ཚན་བཅུ་གསུམ་པ།རིམ་པ་ཁག་དང་ལས་རིགས་སོ་སོའི་སྨན་བཅོས་དང་ལུས་ཁམས་བདེ་སྲུང་ལས་ཁུངས་ཀྱི་སྔོན་འགོག་དང་ལུས་ཁམས་བདེ་སྲུང་རྩ་འཛུགས་སམ་མི་སྣས་རང་ཉིད་ཀྱི་སྡེ་ཚན་དང་འགན་འཁུར་ས་ཁུལ་ནང་གཤམ་གསལ་གྱི་ལས་འགན་འཁུར་དགོས་པ་སྟེ།
  • ལེ་ཚན་སྔོན་མ།:བོད་ཀྱི་གསོ་རིག་གསུང་རབ་འདེམ་ཀློག་གི་སློབ་ཚན《གསོ་རིག་རྒྱུད་བཞི》
  • ལེ་ཚན་རྗེས་མ།:རེག་དུག་གི་ནད་དེ་གང་འདྲ་བྱས་ནས་སྔོན་འགོག་བྱེད་དགོས་སམ།
  • དོ་སྣང་ཆེ་བའི་རྩོམ།