མི་གཞན་གྱི་ཡིད་ཆེས་ཐོབ་པའི་རྒྱུ་རྐྱེན་གཙོ་བོ་གསུམ།

        2010-12-16

 
མི་གཞན་གྱི་ཡིད་ཆེས་འཐོབ་པར་བྱེད་པ་ནི་ཚོང་ལམ་ལྷོངས་ཡོང་རྒྱུའི་ཐབས་ཤེས་ཤིག་ཡིན་ཞིང་ཀུང་སི་ཞིག་གིས་དེ་སྔ་བརྟག་དཔྱད་སྙན་ཞུ་ཞིག་སྤེལ་ནས་མི་གཞན་གྱི་ཡིད་ཆེས་འཐོབ་རྒྱུའི་རྒྱུ་རྐྱེན་གཙོ་བོ་གསུམ་བཤད་པ་རེད།འཇོན་ཐང་ཆེ་བ།མི་མང་ཆེ་བའི་ཡིད་ཆེས་འཐོབ་མཁན་ཚང་མ་ནི་ཧ་ཅང་འཇོན་ཐང་ཆེ་བ་ཤ་སྟག་ཡིན་པ་དང་གལ་ཏེ་ཁྱེད་ཀྱིས་མཁོ་དོན་བྱས་པའི་གནས་ཚུལ་གནད་ལ་འཁེལ་བ་དང་།བཀོད་ཇུས་མཁས་མཛངས་ལྡན་པ།ཁ་བཤད་ལག་བསྟར་བཅས་བྱུང་ཚེ་ལས་རོགས་ཀྱིས་ཁྱེད་ལ་ཡིད་ཆེས་བྱེད་ཀྱི་རེད།མཉམ་ལས་བྱེད་པ།ཁ་གཏད་དུ་མ་ལངས་ཚེ་མི་གཞན་གྱིས་ཁྱེད་ལ་ཡིད་ཆེས་བྱེད་ཀྱི་རེད།རང་ཉིད་ཁོ་ན་མཚོན་ཐབས་བྱས་ཚེ་འབྲེལ་བར་ཤུགས་རྐྱེན་ངན་པ་ཐེབས་སྲིད།ཁེངས་སྐྱུང་དང་གུས་ཞབས་བྱེད་པ།གལ་ཏེ་ཁྱེད་ཀྱིས་ནོར་འཁྲུལ་ཁས་ལེན་པ་དང་དོགས་གནད་མཚོན་པར་བྱས་ནས་འཇོན་ཐང་མེད་པ་ཞིག་ལ་ངོས་འཛིན་བྱས་ཚེ་ནོར་འཁྲུལ་ཆེན་པོ་ཤོར་སྲིད།བརྟག་དཔྱད་བྱས་པ་བརྒྱུད་ནོར་འཁྲུལ་ཁས་ལེན་པ་དང་མི་གཞན་གྱི་ཡིད་ཆེས་འཐོབ་པར་བྱ་རྒྱུ་གཉིས་འབྲེལ་བ་དམ་ཟབ་ཡོད།གང་ལགས་ཤེ་ན།ལས་རོགས་ཀྱིས་ཁྱེད་ནི་འུད་ཤོབ་ཤོད་མི་ཤེས་པའི་བློས་འགེལ་ཆོག་པའི་མི་ཞིག་ཡིན་པར་ངོས་འཛིན་བྱེད་པས་རེད།
  • ལེ་ཚན་སྔོན་མ།:མི་གང་ཞིག་གིས་དགུན་དུས་ཆམས་ནད་ཕོག་རྒྱུར་སྔོན་འགོག་བྱེད་དགོས་སམ།
  • ལེ་ཚན་རྗེས་མ།:མི་རེ་འགས་གཉིད་ཁུག་དུས་སོ་བརྡར་བའི་རྒྱུ་མཚན་ཅི་ཡིན་ནམ།
  • དོ་སྣང་ཆེ་བའི་རྩོམ།