ཞིང་ལས་དངུལ་ཁང་འདབ་པ་རྫོང་ཡན་ལག་དངུལ་ཁང་གིས“ཞིང་གསུམ”ལ་ཞབས་ཞུ་ཤུགས་ཆེན་བྱས།

ཀུན་དགས་བསྒྱུར།        2014-06-06

ད་ལོ་ནས་བཟུང་ཞིང་ལས་དངུལ་ཁང་འདབ་པ་རྫོང་ཡན་ལག་དངུལ་ཁང་གིས་བྱེད་ཐབས་སྣ་མང་སྤྱད་ནས་ཞིང་གསུམ་ལ་ཞབས་ཞུ་བྱེད་ཤུགས་མཐོ་རུ་གཏོང་བ་རེད།
    དངུལ་ཁང་དེས་མཐའ་འཁོབ་ས་ཁུལ་གྱི་གྲོང་གསེབ་ཏུ་དངུལ་ལེན་ས་ཚུགས10དང་དངུལ་བཅོལ་ལེན་བྱེད་ཆོག་པའི་གཅིག་འདུས་འཕྲུལ་ཆས2སྒྲིག་སྦྱོར་བྱས་ནས་ཞིང་འབྲོག་མང་ཚོགས་དང་ལྗོངས་རྒྱུ་བར་དངུལ་བཅོལ་བ་དང་དངུལ་ལེན་པ།དངུལ་སྐུར་བ་བཅས་ཀྱི་ཐད་སྟབས་བདེ་བྱས་པ་རེད།ཞིང་དུད་ཁྱིམ་ཚང་ལ་དངུལ་བུན་གཏོང་ཤུགས་མཐོ་རུ་བཏང་ནས་དངུལ་བུན་སྒོར་ཁྲི100ཡན་ཆད་གཏོང་རྒྱུར་བརྩོན་ལེན་བྱས་པ་དང་།ལྗོངས་རྒྱུའི་ཁྱད་ཆོས་ལྡན་པའི་ཐོན་རྫས་གསར་སྤེལ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དངུལ་བུན་སྒོར་ཁྲི5000ཡན་ཆད་འགྲེམ་གཏོང་བྱ་རྒྱུར་བརྩོན་ལེན་བྱས་པ་རེད།ད་དུང་དབུལ་ཕོངས་དུད་ཚང་ལ་ཞིང་ཆེན་ཞིང་ལས་དངུལ་ཁང་གི་རོགས་སྐྱོར་མ་དངུལ་བརྩོན་ལེན་བྱས་པ་དང་།དྲ་བས་ཞབས་ཞུའི་ནུས་པ་དང་ཆུ་ཚད་ཇེ་མཐོ་རུ་བཏང་ནས་མཁོ་མཁན་གྱི་ཡི་རང་ཚད་མཐོ་རུ་གང་ཐུབ་བྱས་པ་རེད།
  • ལེ་ཚན་སྔོན་མ།:ལི་ཐང་རྫོང་སྨན་བཅོས་རུ་ཁག་གིས་འབུ་རྐོའི་འབྲོག་པ་ཚོར་ཞབས་འདེགས་ཞུས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་དབྱར་རྩྭ་རྐོ་བའི་དུས་ཚིགས་ཀྱི་མང་ཚོགས་ལས་ཀ་ཡག་པོ་བསྒྲུབས།
  • དོ་སྣང་ཆེ་བའི་རྩོམ།