ལི་ཐང་རྫོང་སྨན་བཅོས་རུ་ཁག་གིས་འབུ་རྐོའི་འབྲོག་པ་ཚོར་ཞབས་འདེགས་ཞུས།

རུང་མེས་བསྒྱུར།        2014-06-05

ཉེ་ཆར།ལི་ཐང་རྫོང་འཕྲོད་བསྟེན་ཅུས་ཀྱིས་ལས་སྒྲུབ་མི་སྣ་སྒྲིག་འཛུགས་བྱས་ནས་མཆོད་རྟེན་ཤང་གི་ཨ་སྐྱ་མདོ་དང་ཧོར་རྙིང་ཤང་གཉིས་ཀྱི་དབྱར་རྩྭ་དགུན་འབུ་རྐོ་སར་ཕྱིན་ནས་ཉིན་4རིང་གིས་སྨན་བཅོས་ཞབས་ཞུའི་ལས་ཀ་སྤེལ་བ།
    སྨན་བཅོས་རུ་ཁག་གི་ལས་སྒྲུབ་མི་སྣ་ཚོ་དབྱར་རྩྭ་དགུན་འབུ་རྐོ་སར་སྐྱོད་མ་ཐག་ལམ་སང་འོས་འགན་གྱི་ཞབས་ཞུ་དང་ལུས་ཁམས་བདེ་ཐང་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བ་རེད།བྱེད་སྒོའི་ནང་ལས་སྒྲུབ་མི་སྣས་འབྲོག་པ་ཚོར་རིན་པ་མི་དགོས་ནས་ཁྲག་ཤེད་ལྟ་བ་དང་Bསྒྲ་འདས་ནད་བརྟག་འཕྲུལ་ཆས་སྤྱད་ནས་འབྲོག་པ་ཚོའི་ལུས་པོར་ཞིབ་བཤེར།སྨན་སྐྱེལ་སོགས་ཀྱི་ཞབས་འདེགས་ཞུས་པས་འབྲོག་པ་མང་ཚོགས་ཀྱི་དགའ་བསུ་ཐོབ་པ་རེད།མང་ཚོགས་ལ་འཕྲོད་བསྟེན་དང་ལུས་ཁམས་བདེ་སྲུང་།རྒྱུན་མཐོང་ནད་སྔོན་འགོག་གི་འབྲེལ་ཡོད་ཤེས་བྱ་བཅས་དེ་བས་ཡག་པོ་ཤེས་སུ་འཇུག་ཆེད།སྨན་བཅོས་རུ་ཁག་གི་ལས་སྒྲུབ་མི་སྣས་ད་དུང་ཞིང་སྡེའི་སྨན་བཅོས་མཉམ་ལས་གསར་པ་སོགས་འཕྲོད་བསྟེན་ཐད་ཞིང་ཕན་གྱི་སྲིད་ཇུས་དང་ཞིང་སྡེར་རྒྱུན་མཐོང་གི་ནད་དང་ན་མང་བའི་ནད་སོགས་འབྲེལ་ཡོད་ཀྱི་ནད་འགོག་བཅོས་ཀྱི་ཤེས་བྱ་དྲིལ་བསྒྲགས་དང་འགྲེམ་བཤད་བརྒྱབ་པར་མ་ཟད།མང་ཚོགས་ཀྱིས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལ་བཏོན་བའི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས་པ་རེད།
    སྡོམ་རྩིས་བྱས་པར་གཞིགས་ན།ཐེངས་འདིའི་བྱེད་སྒོ་ནང་རིན་མི་དགོས་པར་མི་གྲངས5850ལ་འོས་འགན་གྱི་སྨན་བཅོས་བྱེད་པ་དང་མི་གྲངས1606ལ་ཐུམ་འབུ་ནད་ཡོད་མེད་ཞིབ་བཤེར་བྱས་པ།རིགས་སྣ་ཚོགས་ཀྱི་དྲིལ་བསྒྲགས་རི་མོ500དང་དྲིལ་བསྒྲགས་ཀྱི་ལག་དེབ་ཆུང་ཆུང290 ཤང་དང་གྲོང་ཚོ་རིམ་པར་ཁྱབ་ཆེ་རུ་གཏོང་བའི་རིམས་འགོག་སྨན་ཁབ་རྒྱག་རྒྱུའི་དྲིལ་བསྒྲགས་དེབ300སྤྲོད་པ།སྒོར39000རི་བའི་སྨན་སྒམ་8རིན་པ་མི་དགོས་ནས་སྐྱེལ་བ་བཅས་བྱས་ཡོད།
  • ལེ་ཚན་སྔོན་མ།:སྐབས་གསུམ་པའི་ཀྲུང་གོའི་མི་རྒན་གྱི་རྒྱལ་སྤྱིའི་རིག་གནས་ལྗོངས་རྒྱུའི་དུས་ཆེན་དར་མདོར་ཚོགས་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:ཞིང་ལས་དངུལ་ཁང་འདབ་པ་རྫོང་ཡན་ལག་དངུལ་ཁང་གིས“ཞིང་གསུམ”ལ་ཞབས་ཞུ་ཤུགས་ཆེན་བྱས།
  • དོ་སྣང་ཆེ་བའི་རྩོམ།