སྐབས་གསུམ་པའི་ཀྲུང་གོའི་མི་རྒན་གྱི་རྒྱལ་སྤྱིའི་རིག་གནས་ལྗོངས་རྒྱུའི་དུས་ཆེན་དར་མདོར་ཚོགས་འགོ་ཚུགས་པ།

དབྱངས་ཅན་གྱིས་བསྒྱུར།        2014-06-05

 ཟླ་བ5པའི་ཚེས19ཉིན།ཁུལ་མི་དམངས་སྲིད་གཞུང་དང་།ཀྲུང་གོའི་ན་རྒན་ལྗོངས་རྒྱུའི་མཉམ་འབྲེལ་སྒྲིག་གཞི་བཅས་ཀྱིས་ཐུན་མོང་དུ་གཙོ་གཉེར་བྱས་པ་དང་།ཁུལ་ལྗོངས་རྒྱུ་ཅུས་དང་།ཀྲུང་གོའི་མི་རྒན་གྱི་ལྗོངས་རྒྱུའི་མཉམ་འབྲེལ་སྒྲིག་གཞི་སི་ཁྲོན་ཡན་ལག་ལྷན་ཚོགས་ཀྱིས་སྒྲུབ་འགན་ཁུར་བའི་སྐབས་གསུམ་པའི་ཀྲུང་གོའི་དར་མདོམི་རྒན་གྱི་རྒྱལ་སྤྱིའི་རིག་གནས་ལྗོངས་རྒྱུའི་དུས་ཆེན་དར་མདོ་རྫོང་དུ་ཚོགས་འགོ་ཚུགས་པ་རེད།སྐབས་འདིའི་མི་རྒན་གྱི་རྒྱལ་སྤྱིའི་རིག་གནས་ལྗོངས་རྒྱུའི་དུས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི་དར་མདོའི་མཛའ་གཞས་བླངས་ཤིང་སྤྲོ་སེམས་འཕེལ་བའི་ལོ་ཟླ་ལ་རྗེས་དྲན་བྱས་ཏེ་མི་རྒན་ཚོའི་འཚོ་བ་དེ་བས་ཕུན་སུམ་ཚོགས་པར་གྱུར།
    ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་དར་མདོ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ཐང་ཆང་གིས་ཤིས་ཚིག་འབུལ་སྐབས་བསྟན་དོན།དཀར་མཛེས་ཁུལ་ནི་ཀྲུང་གོའི་ཤམ་བྷ་ལའི་མཛེས་ཁུལ་གྱི་ལྟེ་བའི་ས་ཁུལ་ཡིན་ཞིང་།འཛམ་གླིང་ཐོག་རྩེ་གྲས་ཀྱི་ལྗོངས་རྒྱུའི་ཐོན་ཁུངས་ཡོད་པས།རྒྱ་ཆེ་བའི་དར་མ་དང་མི་རྒན་གྲོགས་པོ་ཚོར་དཀར་མཛེས་ཁུལ་གྱི་མཛེས་ལྗོངས་ལ་དགའ་སྤྲོ་ཡིད་སྨོན་དང་།དཀར་མཛེས་ཁུལ་གྱི་དམངས་སྲོལ་ལ་ཉམས་ཞིབ།ཁམས་པའི་རིག་གནས་ལ་ཉམས་སུ་མྱོང་བ་སོགས་བྱས་ནས།རྒྱལ་ཁབ་ཕྱི་ནང་གི་དར་མ་དང་མི་རྒན་གྲོགས་པོ་ཚོ་དཀར་མཛེས་ཁུལ་ལ་ཕེབས་པ་དང་དར་མདོར་ཉམས་ལེན་བྱེད་པའི་འབྲེལ་ཟམ་འཛུགས་རྒྱུ་རེད།
    ཀྲུང་གོའི་མི་རྒན་གྱི་ལྗོངས་རྒྱུའི་མཉམ་འབྲེལ་སྒྲིག་གཞིའི་མཚན་འཛིན་ཚོགས་དཔོན་དང་སི་ཁྲོན་ཡན་ལག་ལྷན་ཚོགས་ཀྱི་ཚོགས་དཔོན་ཀྲང་ཞ་ཡིས་གསུངས་དོན།ཀྲུང་གོའི་མི་རྒན་གྱི་རྒྱལ་སྤྱིའི་ལྗོངས་རྒྱུ་དུས་ཆེན་ནི་ཀྲུང་གོའི་མི་རྒན་གྱི་ལྗོངས་རྒྱུའི་མཉམ་འབྲེལ་སྒྲིག་གཞིས་གསར་སྐྲུན་བྱས་པའི་མི་རྒན་གྱི་ལྗོངས་རྒྱུ་དང་།མི་རྒན་གྱི་རིག་གནས།མི་རྒན་གྱི་བདེ་ཐང་བཅས་ཕྱོགས་གཅིག་ཏུ་འདུས་པའི་མི་རྒན་གྱི་དུས་ཆེན་ཞིག་ཡིན།རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ཡོང་བའི་དར་མ་དང་མི་རྒན་གྲོགས་པོ་སྟོང་ཕྲག་ཁ་ཤས་ཀྱིས་གསར་བརྗེའི་གསུང་རབ་ལྗོངས་རྒྱུའི་མཛེས་ལྗོངས་གྲགས་ཅན་རྒྱལ་རོང་རྒྱལ་མོའི་རྔུལ་ཆུའི་ལྕགས་ཟམ་ཟམ་པ་དང་།ལོ་ཁྲི་ལྡན་པའི་འཁྱགས་རོམ་ས་ཁུལ་དུང་དཀར་ལུང་པ།དར་མདོའི་མཛའ་གཞས་ཀྱི་མཛེས་ལྗོངས་ས་ཁུལ་མི་རྒོད་མཚོ།པར་རྒྱག་སའི་ཞིང་ཁམས་ར་རྔ་ཁ།ལྷ་སྒང་རྩྭ་ཐང་།རོང་བྲག་གི་མཛེས་མ་ལུང་པ་སོགས་རང་ཁུལ་གྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་བོད་ཁུལ་གྱི་མཛེས་ལྗོངས་ལ་ལྟ་སྐོར་བྱེད་སར་འོང་རྒྱུ་རེད།དེའི་ནང་ཟླ་བ5པའི་ཚེས21ཉིན་དང་ཟླ་བ6པའི་ཚེས19ཉིན་ལ་ད་དུང་མི་སྟོང་ཕྲག་གིས་《དར་མདོའི་མཛའ་གཞས》ལེན་པ་དང་མི་སྟོང་གིས་བོད་ཀྱི་སྐོར་བྲོ་མཉམ་འཁྲབ་བྱེད་པ།སྒྱུ་རྩལ་འགྲེམ་སྟོན།དགེ་བ་བསྒྲུབས་ནས་ལེགས་སྐྱེས་སུ་འབུལ་བ།པར་རྒྱག་ཡུལ་ལ་པར་རྒྱག་འགྲོ་བ་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།
  • ལེ་ཚན་སྔོན་མ།:ཧྲུའུ་ཅི་གཞི་རིམ་དུ་ཕེབས་ཏེ་མི་སེར་གྱི་བདེ་སྡུག་ལ་རྒྱུས་ལོན་བྱས།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་སྨན་བཅོས་རུ་ཁག་གིས་འབུ་རྐོའི་འབྲོག་པ་ཚོར་ཞབས་འདེགས་ཞུས།
  • དོ་སྣང་ཆེ་བའི་རྩོམ།