ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་གཡག་རྔ་བར་ཟླ་བ8པར་ལས་འགོ་ཚུགས་རྒྱུ།

ཡེ་མིང་གིས་བསྒྱུར།        2014-06-05

གསར་འགོད་པས་ཟླ་བ5པའི་ཚེས30ཉིན་ཁྲེང་ཏུའུ་ལ་འཚོགས་པའི་ཞིང་ཆེན་ཡོངས་ཀྱི་ལྕགས་ལམ་འཛུགས་སྐྲུན་སྐུལ་འདེད་ལས་ཀའི་གྲོས་ཚོགས་ཐོག་ནས་ཤེས་རྟོགས་བྱུང་རྒྱུར།རྒྱལ་ཁབ་ཀྱིས་ཁྲོན་བོད་ལྕགས་ལམ་ཁྲེང་ཏུའུ་ནས་གཡག་རྔ་བར་གྱི་ལྕགས་ལམ་དུམ་བུ་ལས་འགོ་ཚུགས་རྒྱུ་དང་།ཁྲེང་ཏུའུ་ནས་ཁུན་མིང་བར་གྱི་ལྕགས་ལམ་རྒྱས་སྐྲུན་བྱ་རྒྱུ་དེ་ད་ལོའི་འཆར་གཞི་ནང་བཞག་པ་རེད།རྣམ་གྲངས་འདི་གཉིས་ཁག་དབྱེ་ནས་ད་ལོའི་ཟླ་བ8པ་དང་ཟླ་བ12པའི་ནང་ལས་འགོ་ཚུགས་རྒྱུ་ཡིན་པ་རེད།དེ་དང་ཆབས་ཅིགཁྲོན་བོད་ལྕགས་ལམ་གྱི་གཡག་རྔ་ནས་དར་མདོའི་ར་ལྔ་ཁ་བར་གྱི་ལྕགས་ལམ་ཡང་སང་ལོར་ལས་འགོ་ཚུགས་རྒྱུར་བརྩོན་ལེན་བྱས་དང་བྱེད་བཞིན་ཡོད་པ་རེད།
    ན་ནིང་ལོ་ནས་བཟུང་།རང་རེའི་ཞིང་ཆེན་གྱིས་ཞིན་ཨན་ནས་ཁྲེང་ཏུའུ་བར་དང་།ཁྲེང་ཏུའུ་ནས་ཀུའེ་ཀྲོའུ་བར།ཁྲེང་ཏུའུ་ནས་ཁུན་མིང་བར་གྱི་ལྕགས་ལམ་རྒྱས་སྐྲུན་བྱ་རྒྱུ་སོགས་ཀྱི་རྣམ་གྲངས་དྲུག་གསར་དུ་ལས་འགོ་ཚུགས་པར་བརྟེན།ཞིང་ཆེན་ཡོངས་སུ་འཛུགས་སྐྲུན་བྱེད་བཞིན་པའི་ཨར་ལས་རྣམ་གྲངས16ཡོད་པ་དང་།ཞིང་ཆེན་ནང་ཁུལ་དུ་འཛུགས་སྐྲུན་བྱེད་བཞིན་པའི་ལྕགས་ལམ་རིང་ཚད་སྤྱི་ལེ2215ལ་ཟིན་པ་དང་དེའི་ཐད་གཏོང་འཇོག་བྱས་པའི་མ་དངུལ་སྒོར་དུང་ཕྱུར2700ལ་ཉེ་བས་གཏོང་འཇོག་བྱས་པའི་གཞི་ཁྱོན་དང་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་གྲངས་རྒྱལ་ཡོངས་ཀྱི་མདུན་གྲས་སུ་སླེབས་པ་རེད།
    མིག་སྔའི་བར་དུ་སླེབས་སྐབས།རང་རེའི་ཞིང་ཆེན་གྱི་འཁོར་སྐྱོད་དང་འཛུགས་སྐྲུན་བྱེད་བཞིན་པའི་ལྕགས་ལམ་གྱི་རིང་ཚད་སྤྱི་ལེ5755ལ་ཟིན་ཞིང་།ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་འགོ་ལ་སླེབས་དུས་འཁོར་སྐྱོད་དང་འཛུགས་སྐྲུན་བྱེད་བཞིན་པའི་ལྕགས་ལམ་རིང་ཚད་སྤྱི་ལེ7000ལ་ཟིན་ཐུབ་རྒྱུ་རེད།
  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་སྒོར་དུང་ཕྱུར2.19བཏང་ནས་ཞིང་སྡེ་གསར་པར་གཟབ་མཆོར་སྤྲས།
  • ལེ་ཚན་རྗེས་མ།:ཧྲུའུ་ཅི་གཞི་རིམ་དུ་ཕེབས་ཏེ་མི་སེར་གྱི་བདེ་སྡུག་ལ་རྒྱུས་ལོན་བྱས།
  • དོ་སྣང་ཆེ་བའི་རྩོམ།