ཕྲུ་གུ་དམར་འབྱར་ཉལ་སའི་གློག་མཚན་མོར་བསད་ན་འཚམས་པ།

        2010-12-16

ཉམས་གསོ་བྱས་ཟིན་པའི་ཁམས་བྲག་འགོ་དགོན།
ལོ་ན་གཞོན་པའི་བཟའ་ཚང་མི་ཉུང་བ་ཞིག་གིས་མཚན་མོར་ཕྲུ་གུ་དམར་འབྱར་ལ་ནུ་མ་སྟེར་བའམ་ཆབ་གདན་བརྗེ་བདེ་ཕྱིར་ཉལ་ཁང་ནང་གི་གློག་རྟག་ཏུ་མཚན་གང་སྤོར་རྒྱུར་དགའ་པོ་བྱེད་ཀྱི་ཡོད་པ་རེད།དེ་ལྟར་བྱས་ཚེ་ཕྲུ་གུ་དམར་འབྱར་གྱི་གཟུགས་པོའི་ཆོས་ཉིད་འཁྲུགས་ནས་གཉིད་མི་ཁུག་པའི་གནས་ཚུལ་ཡོང་བ་དང་ཐ་ན་ཟས་འཇུ་དཀའ་བའང་ཡོང་གི་ཡོད་པ་རེད།ཞིབ་འཇུག་མི་སྣས་བརྟག་དཔྱད་བྱས་པའི་འབྲས་བུར་གཞིགས་ན།ཉིན་མཚན་དབྱེ་བ་ཡོད་པར་བརྟེན་མཚན་མོར་གློག་བསད་ན་ཕྲུ་གུ་དམར་འབྱར་གཉིད་ཁུག་ཡུན་རིང་བ་དང་གཟུགས་པོའི་ལྗིད་ཚད་འཕར་མགྱོགས་སུ་འགྲོ་བ་མ་ཟད།ལྟོ་ཆས་ཀྱི་དང་ག་ཡང་བདེ་རུ་འགྲོ་བའི་ར་འཕྲོད་བྱུང་བ་རེད།
  • ལེ་ཚན་སྔོན་མ།:ཕྲུ་གུ་དམར་འབྱར་ཁ་སྦུབ་བསློགས་ནས་བསྙལ་རྒྱུ་མེད།
  • ལེ་ཚན་རྗེས་མ།:ཕྲུ་གུའི་བདེ་ཐང་ལ་གནོད་པའི་སྣང་ཚུལ་དགུ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10