ཉིན་གཅིག་ནང་གི་དུས་ཚོད་ལེགས་ཤོས་དང་ཞན་ཤོས།

        2010-12-16

འཇར་མན་གྱི་སྐྱེ་དངོས་རྫས་འགྱུར་མཁས་ཅན་གྱི་ཞིབ་འཇུག་གསར་ཤོས་ཀྱི་ཐོག་ནས།
ཕྲུ་གུ་དམར་འབྱར་ཆེས་མང་ཆེ་བ་ནི་མཚན་མོའི་ཆུ་ཚོད་བཅུ་གཉིས་ནས་བཞི་པའི་བར་མི་ཡུལ་ལ་སླེབས་ཀྱི་ཡོད་པ་དང་།
ཐོ་རེངས་ཀྱི་ཆུ་ཚོད་གཉིས་པ་ནི་ཁ་ལོ་བའི་མཐོང་ཤུགས་ཞན་ཤོས་ཡིན་པ།
ཆུ་ཚོད་གསུམ་པ་ནས་བའི་པའི་བར་ནི་མཚན་ལས་བྱེད་མཁན་བཟོ་པར་ནིར་འཛོལ་ཡོང་སླ་ཤོས་ཡིན་པ།
ཆུ་ཚོད་བཞི་པ་ནས་ལྔ་པའི་བར་མིའི་ཁྲག་ཤེད་དམའ་ཤོས་སུ་སླེབས་ཀྱི་ཡོད་པ།
ཆུ་ཚོད་བརྒྱད་པར་ལུས་པོའི་འཁྲིག་སྐུལ་རྒྱུའི་ཟགས་ཐོན་འཕེལ་ཆེ་ཤོས་ཡིན་པ།
ཆུ་ཚོད་དགུ་པ་དང་བཅུ་པའི་བར་མིའི་ལག་ཤུགས་ཆེ་ཤོས་ཡིན་པ།
ཆུ་ཚོད་དགུ་པའི་སྐབས་ཤ་ལྤགས་ལ་ཁབ་རྒྱག་པའི་ཚོར་སྣང་དེ་ཞན་ཤོས་ཡིན་པ།
ཆུ་ཚོད་བཅུ་པ་དང་བཅུ་གཉིས་པའི་བར་ཀླད་ཆེན་སྒུལ་ཤུགས་ཆེ་ཤོས་ཡིན་པ།
ཆུ་ཚོད་བཅུ་གསུམ་ལ་ཕོ་བིའ་ཆུ་སྐྱུར་ཐོན་མང་ཤོས་ཡིན་པ།
ཆུ་ཚོད་བཅོ་ལྔ་ནས་བཅུ་དྲུག་བར་ལག་པའི་མཛུབ་མོ་སྐྱེན་པོ་ཡོད་པས་ལག་ཤེས་ཀྱི་ལས་ཀ་བྱས་ན་འཚམ་ཤོས་ཡིན་པ།
  • ལེ་ཚན་སྔོན་མ།:ཉི་འོད་ཐབ་བེད་སྤྱོད་གཏོང་སྐབས་དོ་སྣང་བྱ་རྒྱུའི་གནད་དོན་འགའ།
  • ལེ་ཚན་རྗེས་མ།:དག་ཕྱེས་མགོ་འཁྲུ་རྒྱུ་མེད་པ།
  • དོ་སྣང་ཆེ་བའི་རྩོམ།