མང་ཚོགས་ལམ་ཕྱོགས་ལག་ལེན་གྱི་ལམ་བུར།ཨ་མ་རྒན་མོའི་སྡུག་གི་ཁུར་པོ་ཐང་དུ་ཕབ།

བཀྲ་ཤིས་དང་སྒྲོལ་མ།        2014-05-20

མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་གྱི་བྱེད་སྒོ་སྤེལ་བའི་ནང་ལ་རྟའུ་རྫོང་ཞིབ་དཔྱོད་ཁང་གི་འགོ་ཁྲིད་དང་ལས་བྱེད་པ་རྣམས་དུས་རྒྱུན་དུ་གཞི་རིམ་དུ་སོང་ནས་མི་དམངས་རྣམས་ཀྱི་འཚོ་བ་དང་བསམ་བློའི་ཐད་ལ་རོགས་རམ་དང་སློབ་གསོ་བྱས་པ་རེད།
    དེ་དང་འདྲ་བའི་གྲོང་མི་ཀྲོང་ཡི་རེ་ཀོ་ནི་ཞིབ་དཔྱོད་ཁང་གི་འགོ་ཁྲིད་ཀྲུའུ་ཧྭ་ཁང་གིས་བསྒྲིགས་པའི་ཉེ་རིགས་ཡིན།ལོ30ཡི་སྔོན་ལ་ཀྲོང་ཡི་རེ་ཀོ་ཡི་སྒལ་གཞོང་ལ་ཤ་འབུར་ཞིག་བུད་ཀྱང་ཁྱིམ་ཚང་དབུལ་པོ་ཡིན་པས་སྨན་ཁང་དུ་འགྲོ་མ་ཐུབ་པར་ལུས་ཏེ་ད་ལྟར་སྤོ་ལོ་དང་འདྲ་བར་ཆེན་པོར་སྐྱེས་འདུགམོ་ནི་ཁྱིམ་ཚང་ནང་གི་ལས་ཀ་ལས་མཁན་གཙོ་བོ་དེ་ཡིན་ཡང་ནད་དེ་ཕོག་པ་ནས་བཟུང་ལས་ཀ་ལས་རྒྱུ་མ་ཟེར་འགྲོ་འདུག་ཉལ་གསུམ་ཡང་དཀའ་མོ་ལ་ཆགས་ཏེ་ད་བར་ལོ་30ཙམ་འདས་པ་རེད།གནས་ཚུལ་སྡུག་པོ་དེ་ཞིབ་དཔྱོད་ཁང་གི་འགོ་ཁྲིད་ཀྲུའུ་ཧྭ་ཁང་གིས་རིག་རྗེས་མགྱོགས་པོར་ཁྲེན་ཏུའུ་ཝུའུ་ཧོའུ་ཆུས་ཞིབ་དཔྱོད་ཁང་དང་འབྲེལ་བ་བྱས་ནས་ད་ལོའིཟླ་བ4པའི་ཚེས་27ལ་ཁྲེན་ཏུའུ་363སྨན་ཁང་དུ་གཤགས་བཅོས་བྱེད་སར་སོང་བ་རེད།
    སྨན་ཁང་དུ་སླེབས་རྗེས་སྨན་ཁང་གི་འགོ་ཁྲིད་དང་སྨན་པ་རྣམས་ཀྱིས་ཐུགས་ཁུར་ཆེན་པོ་ཡིས་མོ་ཡི་ལུས་པོ་ཚང་མ་ལ་བརྟག་དཔྱད་བྱས་རྗེས་ཤ་ཚིལ་གྱི་སྐྲན་ནད་ལ་ངོས་འཛིན་པས་མ་ཚད།ཅི་མགྱོགས་གང་མགྱོགས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་གཤགས་བཅོས་དང་ནད་གཡོག་བྱེད་རྒྱུའི་འཆར་གཞི་བཞགནད་པ་འཕྲེད་ཉལ་མ་གཏོགས་བྱེད་མ་ཐུབ་པས་འདྲེན་སྦུག་འཛུགས་དཀའ་བ་དང་ནད་པའི་ཤ་ཡི་པགས་པ་ལྕགས་རིགས་དང་ཐུག་མི་ཉན་པ་སོགས་དཀའ་ངལ་མང་པོ་ལ་འཕྲད་ཀྱང་སྨན་པ་རྣམས་ཀྱིས་བློ་ཐབས་མང་པོ་སྤྱད་དེ་གཤགས་བཅོས་ཀྱི་གྲ་སྒྲིག་ཡག་པོ་བྱས་པ་རེད།ཟླ4པའི་ཚེས30ཉིན་ལ་ནད་པ་ཀྲོང་ཡི་རེ་ཀོ་གཤགས་བཅོས་ཁང་དུ་བསྐྱལ།363སྨན་ཁང་གི་སྨན་པ་རྣམས་ཀྱིས་བློ་སེམས་གཅིག་སྒྲིམ་བྱེད་པ་ལ་བརྟེན་ནས་གཤགས་བཅོས་ལ་བགེགས་བར་ཆད་མེད་པར་མོ་ཡིས་ལོ་ངོ30རིང་ལ་རྒྱབ་ཏུ་འཁུར་བའི་ཁུར་པོ་དེ་ཐང་དུ་ཕབ་སོང་།གཤགས་བཅོས་ཚར་རྗེས་རྟའུ་རྫོང་ཞིབ་དཔྱོད་ཁང་གི་འགོ་ཁྲིད་དང་ལས་བྱེད་པ་རྣམས་ལ་དགའ་སྤྲོ་ཚད་མེད་སྐྱེསཔ་པས་མ་ཚད་ཐེངས་མང་པོར་སྨན་ཁང་དུ་མོ་ལ་བལྟ་སར་སོང་།ད་ལྟར་མོ་ཡིས་སྨན་ཁང་དུ་ལུས་པོ་གསོ་བཞིན་ཡོད་དོ།།
  • ལེ་ཚན་སྔོན་མ།:མང་ཚོགས་ཀྱི་འདོད་བློ་ཁེངས་རྒྱུ་དེ་ལས་ཀ་ཚད་འཇལ་ས་བྱེད།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་གྱི་ངོ་མཚར་ཅན་གྱི་རིག་གནས་ཐོན་རྫས་ཧྲེང་ཀྲེན་དུ་མངོན།
  • དོ་སྣང་ཆེ་བའི་རྩོམ།