མང་ཚོགས་ཀྱི་འདོད་བློ་ཁེངས་རྒྱུ་དེ་ལས་ཀ་ཚད་འཇལ་ས་བྱེད།

        2014-05-20

 དཀར་མཛེས་རྫོང་གིས་དོན་དངོས་དང་ཟུང་འབྲས་བྱས་ཏེ་ཕན་ནུས་ལྡན་པའི་སྒོ་ནས་སློབ་གསོའི་བྱེད་སྒོ་སྤེལ་ནས་གཞི་རིམ་དུ་བསྐྱོད།དེང་སྐབས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས།སྤྱི་ཚོགས་བརྟན་བརླིང་བཅས་ལེགས་པོ་སྒྲུབ་པའི་ལྟེ་གནས་ལས་ཀ་དང་ཟུང་འབྲེལ་བྱས་ཏེ།མང་ཚོགས་ལས་ཀའི་ལས་སྒྲུབ་ཚོ་ཆུང262འོག་རིམ་དུ་མངག་གཏོང་བྱས་ཤིང་།ལས་བྱེད་པ་སྟོང་ལ་ཉེ་བ་ཤང(གྲོང་རྡལ)སོ་སོར་བཏང་སྟེ།ཤང་དང་གྲོང་གསེབ་ཏུ་བསྡད་ནས་མང་ཚོགས་ལས་ཀ་སྤེལ་ཞིང་།ལས་ཁུངས་སོ་སོའི་ཏང་ཡོན1013གྲོང་གསེབ་ཀྱི་ཏང་ཀྲིའུ་པུའུ་སར་ལས་ཀ་སྤེལ་དུ་འགྲོ་ཡོད།ལས་བྱེད་པ་རྣམས་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་འཚམས་འདྲི་ཞུས་ནས་ཁོ་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཡོད་ཅིང་།གཞི་རིམ་གྱི་མང་ཚོགས་དང་ཞབས་ཞུ་བྱེད་ཡུལ་ལ་འཚམས་འདྲི་ཞུས་ཏེ་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཚོད་འཛིན་བྱེད་པ་དང་ལས་བྱེད་པའི་ཀུན་སྤྱོད་ཐད་དམིགས་སུ་ཐོན་པའི་གནད་དོན་ལ་རྒྱུས་ལོན་བྱས་པ་རེད།
    རྫོང་དེའི་ཞིང་འབྲོག་ཚན་རྩལ་ཅུས་ཀྱིས་བློ་འཁེལ་ཆོག་པའི་ཞིང་སྤྱོད་དངོས་རྫས་གྲོང་གསེབ་ཏུ་བསྐྱལ་བས་མ་ཚད་ཞིང་ལས་ལག་རྩལ་བསླབས་ནས་ཧུར་ཐག་གིས་ཞིང་པ་མང་ཚོགས་ཀྱིས་དཔྱིད་རྨོད་ཐོན་སྐྱེད་ལས་ཀ་སྤེལ་བར་ཁྲིད་སྟོན་བྱས་ཡོད།རྫོང་ནགས་ལས་ཅུས་ཀྱིས་རང་རེའི་སྡེ་ཁག་གི་ལས་ཀའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ལྗང་མདོག་གི་དཀར་མཛེས་ཞེས་པའི་བྱེད་སྒོ་སྤེལ་བར་སྒྲིག་འཛུགས་ཞིབ་ཕྲ་བྱས།བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་ཅུས་ཀྱི་ལས་བྱེད་མི་སྣས་བྲེལ་འཚུབ་ཀྱིས་མང་ཚོགས་ལ་བཟའ་བཅའ་དང་སྨན་རྫས།ཆང་དང་དུ་བ་སོགས་ཀྱི་ཚོང་རྫས་ཁྲོད་ཀྱི་ཐོན་རྫས་རྫུན་མ་ཡིན་མིན་དབྱེ་འབྱེད་བྱེད་སྟངས་བསླབས།འཕྲོད་བསྟེན་མ་ལག་གི་སྨན་བཅོས་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་གྲོང་གསེབ་དང་དུད་ཁྱིམ་དུ་སོང་བའི་དུས་མཉམ་དུ་གྲོང་མིར་འོས་འགན་གྱིས་ནད་གཞི་ཞིབ་བཤེར་བྱས་ཏེ་དངོས་གནས་ཀྱིས་ལས་བྱེད་པས་དཀའ་ལས་རྒྱག་པའི་གྲངས་ཀ་ལས་མང་ཚོགས་ཡིད་ཚིམ་པའི་རྣམ་པ་མངོན་འགྱུར་བྱུང་བ་རེད།
  • ལེ་ཚན་སྔོན་མ།: དཀའ་སྤྱད་ཚད་མེད་བྱས་ནས་དམངས་ལ་ཁེ་ཕན་བསྒྲུབས།
  • ལེ་ཚན་རྗེས་མ།:མང་ཚོགས་ལམ་ཕྱོགས་ལག་ལེན་གྱི་ལམ་བུར།ཨ་མ་རྒན་མོའི་སྡུག་གི་ཁུར་པོ་ཐང་དུ་ཕབ།
  • དོ་སྣང་ཆེ་བའི་རྩོམ།