དཀའ་སྤྱད་ཚད་མེད་བྱས་ནས་དམངས་ལ་ཁེ་ཕན་བསྒྲུབས།

        2014-05-20

དཀའ་སྤྱད་ཚད་མེད་བྱས་ནས་དམངས་ལ་ཁེ་ཕན་བསྒྲུབས།

ཞིང་ལས་དངུལ་ཁང་ཉག་ཆུ་རྫོང་ཡན་ལག་དངུལ་ཁང་གིས་ཞིང་པར་ཕན་པའི་དངུལ་ལེན་ས་ཚུགས་བཀོད་སྒྲིག་བྱས་ཚུལ་བཀོད།

    ཞིང་པར་ཕན་པའི་དངུལ་ལེན་ས་ཚུགས་བསྐྲུན་རྒྱུ་ནི་ཞིང་སྡེའི་མ་དངུལ་གཏོང་སྤྲོད་ཀྱི་མ་ལག་འཛུགས་སྐྲུན་བྱེད་རྒྱུའི་ནང་དོན་གལ་ཆེན་ཞིག་དང་།ཞིང་ལས་དངུལ་ཁང་གིས་ཞིང་གསུམ་ལ་ཞབས་ཞུ་བྱེད་པའི་གལ་ཆེའི་འགན་ལེན།རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ལ་ཁེ་ཕན་སྐྲུན་པའི་བྱེད་ཐབས་གལ་ཆེན་བཅས་ཡིན་པ་རེད།ཉེ་ཆར་ཞིང་ལས་དངུལ་ཁང་ཉག་ཆུ་རྫོང་ཡན་ལག་དངུལ་ཁང་གིས་ལས་སྒྲུབ་ཚོ་ཆུང་བཞི་བཙུགས་ཏེ་ཁག་བགོས་ནས་ཉག་ཆུ་རྫོང་གི་ཆུས་དང་ཤང་།གྲོང་སྡེ་སོ་སོར་ཕྱིན་ནས་ཞིང་པར་ཕན་པའི་དངུལ་ལེན་ས་ཚུགས་བཙུགས་ནས་རྒྱ་ཆེ་བའི་ཞིང་འབྲོག་མི་དམངས་ལ་སྟབས་བདེ་སྤྲད་པ་རེད།
    ལས་སྒྲུབ་ཚོ་ཆུང་གིས་ངལ་གསོའི་དུས་ཚོད་སྤྱད་ནས་བགོས་པའི་འཕྲུལ་ཆས་དང་དཔྱད་ཡིག་ཁྱེར་ནས་རླངས་འཁོར་བཏང་སྟེ་ཉིན་དེའི་ཞབས་ཞུ་བྱེད་འགོ་བཙུགས་པ་རེད།
    རླངས་འཁོར་དལ་མོའི་ངང་གྲོང་གསེབ་ཀྱི་གཞུང་ལམ་ཀྱག་ཀྱོག་ཐོག་བརྒྱུད་བཞིན་འདུགལམ་ལྟག་ནི་རི་འགོ་ནས་ནམ་ཡང་ས་རྡོ་ལྷུང་ཉེན་ཆེ་ལ་ལམ་འོག་ནི་ཟབ་ཚད་གཏིང་དཔག་དཀའ་བའི་ཉག་ཆུ་རེད།ཁ་ལོ་བས་གཟབ་གཟབ་ངང་རླངས་འཁོར་གཏོང་བཞིན་པ་དང་།དེ་མིན་བློ་མཐུན་ཚོས་ཡང་ཡང་རི་འགོ་དང་མཐའ་སྐོར་གྱི་གནས་ཚུལ་ལ་ལྟ་ཞིབ་བྱེད་བཞིན་མཆིས།སྒོ་ནས་བུད་མ་ཐག་ཁར་རླངས་འཁོར་ནང་ཁ་མཚར་དང་གླུ་དབྱང་གིས་ཁེངས་བཞིན་འདུག་པས།སྐབས་དེར་རླངས་འཁོར་འོག་མནན་པའི་རྡོ་ཧྲུག་དང་རླངས་འཁོར་སྤྲུག་གསིག་བྱེད་སྐབས་ཀྱི་སྐད་སྒྲ་མ་གཏོགས་ཅི་ཡང་གོ་རྒྱུ་མེད་པར་གྱུར།རི་འགོ་ནས་ལྷུང་ཡོང་པའི་རྦབ་རྡོས་ལམ་བཀག་རྗེས་ཚང་མ་རླངས་འཁོར་ནས་མར་བབ་ཏེ་གཙང་བཤེར་བྱེད་དགོས་བྱུང་བ་དང་།ལམ་ཀྱོག་ཆེན་པོའི་གཞུང་ལམ་དང་འཕྲད་ཚེར་ཁ་ལོ་བས་རླངས་འཁོར་ཕྱིར་ནུད་ཐེངས་གཉིས་བརྒྱབ་རྗེས་དེ་ནས་དལ་མོའི་ངང་གཏོང་དགོས་ཀྱི་འདུགགྱེན་ལ་དང་འཕྲད་ཚེར་བློ་མཐུན་ཚོ་རླངས་འཁོར་ནས་མར་བབ་ཏེ་ཡར་འདེད་རོགས་བྱེད་དགོས་ཀྱི་ཡོད།དཀའ་ངལ་དང་ཉེན་ཁ་ཆེན་པོ་དེ་འདྲ་ཡོད་ཀྱང་ཚོ་ཆུང་སོ་སོའི་མདུན་སྐྱོད་ཀྱི་གོམ་སྟབས་མཚམས་མ་བཞག་པར་འབད་བརྩོན་པར་བརྒྱུད་ཚོ་ཆུང་ཡོངས་རྫོགས་བདེ་བླག་ངང་དམིགས་སར་སླེབས་པ་རེད།
    སྔོན་དུ་སྙོམ་སྒྲིག་ཚོད་ལྟ་བྱས་ཟིན་པའི་འཕྲུལ་ཆས་སྒོ་ཕྱེ་ཟིན་རྗེས་ཚོ་ཆུང་གཅིག་གིས་བརྡ་རྟགས་བྱུང་ཁུངས་འཚོལ་གང་ཐུབ་བྱས་ནས།རང་ཉིད་ཀྱིས་ཁྱེར་ཡོད་པའི་བུན་གཡར་གཏོང་ལེན་བརྗེད་ཐོ་བྱང་བུ་སྤྱད་ནས་མཐར་ཆ་འཕྲིན་ཤར་གཏོང་མི་ཐུབ་པའི་ཕྱིར་འཕྲུལ་ཆས་མཉམ་འབྲེལ་བྱེད་ཐབས་མེད་པས།སྔོན་མའི་ལས་ཀ་ཡོད་ཚད་དྲ་བ་ཕྱེ་མི་ཐུབ་ནས་སྟོང་ཟད་དུ་གྱུར་པ་རེད།ཚོ་ཆུང་གཞན་ཞིག་གི་རུ་མིས་ལེགས་འགྲུབ་ངང་འཕྲུལ་ཆས་ཚོད་ལྟ་བྱས་ཟིན་པ་དང་།ཚོ་ཆུང་གི་གྲུབ་མིས་རྒྱ་བོད་སྐད་གཉིས་ཀྱི་ཐོག་ནས་ངང་རྒྱུད་རིང་པོས་ཚོང་གཉེར་དུད་ཚང་ལ་བེད་སྤྱོད་གང་འདྲ་བྱེད་སྟངས་སློབ་པ་རེད།ད་དུང་ཚོ་ཆུང་ཞིག་གི་རུ་མིས་སྙོམ་སྒྲིག་ཚོད་ལྟ་བྱས་ཟིན་ནས་ཚོང་གཉེར་དུད་ཚང་ལ་བེད་སྤྱོད་གཏོང་སྟངས་སློབ་པ་དང་།ཚོང་གཉེར་དུད་ཚང་གིས་ཡུལ་དེའི་མི་སེར་གྱི་བྱང་བུ་སྤྱད་ནས་དངུལ་ལེན་རོགས་བྱེད་པ་རེད།ལས་སྒྲུབ་ཚོ་ཆུང་གིས་ཞིང་འབྲོག་པ་ཚོས་ཚོང་གཉེར་དུད་ཚང་གི་ལག་ནས་ལག་དངུལ་འཕྲོད་པའི་སྤྲོ་སྣང་མཐོང་ཚེ་དགའ་སྤྲོ་ཚད་མེད་སྐྱེད་བཞིན་འདུགཉིན་དེར་ཞིང་པར་ཕན་པའི་དངུལ་ལེན་ས་ཚུགས་ཁག་5བཀོད་སྒྲིག་བྱས་པ་དང་ས་ཚུགས་7གསར་དུ་བདམས་ཐོན་བྱས་པ་རེད།
    དགོང་མོར་སླེབས་སྐབས།ཀྱག་ཀྱོག་གི་གཞུང་ལམ་ཐོག་རླངས་འཁོར་གྱི་གློག་ཞུའི་འོད་ཟེར་འཁྱགས་སེ་འཁྱག་བཞིན་པ་དང་རླངས་འཁོར་ནང་ཐལ་བས་གང་བ།ལས་སྒྲུབ་ཚོ་ཆུང་གི་གྲུབ་མི་ཚོས་ངལ་དུབ་ཆེན་པོ་མྱངས་ནས་སེམས་ནང་འོག་ལ་ཞིང་པར་ཕན་པའི་དངུལ་ལེན་ས་ཚུགས་གང་དུ་འཛུགས་དགོས་རྒྱུ་བསམ་བློ་གཏོང་བ་དང་།ཆེས་བསམ་བློ་གཏོང་རྒྱུ་མང་བ་ནི་གང་འདྲ་བྱས་ཏེ་འཕྲུལ་ཆས་དེ་བེད་སྤྱོད་གཏོང་ཚད་མཐོར་འདེགས་གཏོང་རྒྱུ་དང་ཞིང་པར་ཕན་པའི་དངུལ་ལེན་ས་ཚུགས་དེ་དངོས་གནས་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་ཀྱི་དངུལ་རྩའི་ཞབས་ཞུ་བྱེད་སར་གྱུར་ཐུབ་རྒྱུ།ཁོ་ཚོར་ཉེན་མེད་དང་སྟབས་བདེ།ལས་ཆོད་མཐོན་པོ་བཅས་ཀྱི་དངུལ་རྩའི་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་རྒྱུ་བཅས་ཀྱི་བསམ་བློ་གཏོང་བ་རེད།
 

  • ལེ་ཚན་སྔོན་མ།:ལིའུ་ཡུས་ཧྲུན་གྱིས་རང་ཁུལ་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོར་ལྟ་སྐུལ་ཁྲིད་སྟོན་གནང
  • ལེ་ཚན་རྗེས་མ།:མང་ཚོགས་ཀྱི་འདོད་བློ་ཁེངས་རྒྱུ་དེ་ལས་ཀ་ཚད་འཇལ་ས་བྱེད།
  • དོ་སྣང་ཆེ་བའི་རྩོམ།