ལིའུ་ཡུས་ཧྲུན་གྱིས་རང་ཁུལ་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོར་ལྟ་སྐུལ་ཁྲིད་སྟོན་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2014-05-20

ཟླ་བ5པའི་ཚེས7ཉིན་ནས་ཚེས8ཉིན་གྱི་བར།ཞིང་ཆེན་ཏང་ཨུའི་རྒྱུན་ཨུ།ཞིང་ཆེན་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཡུས་ཧྲུན་རང་ཁུལ་དུ་ཕེབས་ནས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བར་ལྟ་སྐུལ་ཁྲིད་སྟོན་གནང་བ་རེད།ཁོང་གིས་དཀར་མཛེས་ཁུལ་གྱིས་སྔར་ལྷག་གིས་སློབ་སྦྱོང་སློབ་གསོ་ཇེ་ཟབ་ཏུ་གཏོང་ཞིང་།ཏན་ཏིག་གིས་གྲོས་བསྡུར་བྱེད་པ་གསུམ་སྤེལ་བ་དང་ཟུང་འབྲེལ་བྱེད་དགོས་པ་ལྔ་རྒྱུན་འཁྱོངས་བྱས་ནས་སློབ་སྦྱོང་བྱེད་བཞིན་ཞིབ་བཤེར་ལེགས་བཅོས་བྱེད་པ་དང་།དམིགས་ཚད་མཐོན་པོ་དང་སྤུས་ཚད་མཐོན་པའི་ཐོག་ནས་སློབ་གསོ་ལག་ལེན་བྱེད་སྒོ་ལ་ཕན་འབྲས་དངོས་ཐོབ་པར་ཁག་ཐེག་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།
    ཁུལ་ཡོངས་ཀྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོའི་སྐུལ་སྤེལ་ཚོགས་འདུའི་ཐོག་ཁུལ་ཨུའི་ཧྲུའུ་ཅི།ཁུལ་ཨུའི་སློབ་གསོ་ལག་ལེན་བྱེད་སྒོ་འགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་ཧུའུ་ཁྲང་ཧྲེང་གིས་རང་ཁུལ་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་དང་སློབ་སྦྱོང་ལག་ལེན་བྱེད་སྒོ་སྤེལ་ཚུལ་སྙན་སེང་ཞུས།ཁུལ་སྲིད་གཞུང་གི་གཞུང་ལས་ཁང་དང་རྟའུ་རྫོང་།ཉག་ཆུ་རྫོང་།གསེར་ཐར་རྫོང་།ལི་ཐང་རྫོང་།དར་མདོ་རྫོང་བཅས་ཀྱི་བསམ་འཆར་སྤེལ་རེས་ཀྱི་གཏམ་བཤད་བྱས་པ་རེད།ལིའུ་ཡུས་ཧྲུན་གྱིས་རང་ཁུལ་གྱི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་སྦྱོང་དང་སློབ་གསོ་ལག་ལེན་བྱེད་སྒོ་ལ་ཁས་ལེན་གང་ལེགས་གནང་།ཁོང་གིས་དཀར་མཛེས་ཁུལ་གྱི་གནས་ཚུལ་དངོས་ལ་གནས་ཏེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་བའི་སྙིང་དོན་རབ་དང་རིམ་པ་ལག་ལེན་བསྟར་བ་དང་བཀོད་སྒྲིག་བྱེད་པར་རྩ་འཛུགས་འགན་སྲུང་ནུས་ལྡན་དང་འགོ་ཁྲིད་ཀྱིས་རྒྱུན་འབྱམས་མིག་དཔེ་།བྱེད་སྒོ་ཁག་ཁྱད་ཆོས་ལྡན་པ་བཅས་བྱེད་ཐུབ་ཡོད་པར་ངོས་འཛིན་གནང་།ཁོང་གིས་རིམ་པ་ཁག་གི་ཏང་ཨུས་སློབ་སྦྱོང་སློབ་གསོ་དེ་གཙོ་གནད་གལ་ཆེན་གྱི་གནས་སུ་བཞག་ནས་ཐོག་མཐའ་བར་གསུམ་དུ་དམངས་ཀྱི་དོན་དུ་ལས་དོན་སྒྲུབ་པ་དང་སྤྱོད་གཙང་གིས་བརྗོད་བྱ་གཙོ་བོར་བྱ་རྒྱུར་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིས་ཕིང་གི་གལ་ཆེའི་གསུངས་བཤད་རབ་དང་རིམ་པ་དང་།ཁྱད་པར་དུ་ལན་ཁོབ་དུ་གལ་ཆེན་གསུང་བཤད་གནང་བའི་སྙིང་དོན་སློབ་སྦྱོང་ཟབ་མོ་བྱེད་དགོས།སྒོ་ཕྱེ་ནས་བྱེད་སྒོ་སྤེལ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་གཞི་རིམ་དུ་སྐྱོད་པའི་བྱེད་སྒོ་ཟབ་མོ་སྤེལ་ཞིང་།ཐོག་མཐར་བར་གསུམ་དུ་སྤྱོད་ངན་བཞིའི་གནད་དོན་ལ་དོ་སྣང་དང་མང་ཚོགས་ཀྱི་གྲོས་འགོ་དང་བསམ་འཆར་བསྡུ་ལེན་བཅས་བྱེད་དགོས།སློབ་སྦྱོང་བྱེད་བཞིན་ཞིབ་བཤེར་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྤྱོད་བཟང་ཁྲིམས་མཐུན་གྱི་ཆེད་གཉེར་དག་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་གཙོ་བོའི་གནད་དོན་དང་དཀའ་ངལ་སེལ་རོགས་བྱེད་དགོས་ཞེས་ཐུགས་རེ་གནང་བ་རེད།
  • ལེ་ཚན་སྔོན་མ།:འདབ་པ་རྫོང་གིས་ཏང་གི་མང་ཚོགས་ལམ་ཕྱོགས་དང་སློབ་གསོ་ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ།
  • ལེ་ཚན་རྗེས་མ།: དཀའ་སྤྱད་ཚད་མེད་བྱས་ནས་དམངས་ལ་ཁེ་ཕན་བསྒྲུབས།
  • དོ་སྣང་ཆེ་བའི་རྩོམ།