རང་ཁུལ་གྱི་དངུལ་རྩ་ཡི་དབུལ་སྐྱོར་ཞིང་ཕན་གྱི་ལས་གྲྭར་ཐོག་མའི་གྲུབ་འབྲས་ཐོབ།

ཨན་རུང་མེས་བསྒྱུར།        2014-04-25

 ད་ལོའི་དུས་ཚིགས་དང་པོ་ནས་བཟུང་།རང་ཁུལ་གྱི་དངུལ་རྩ་ལས་རིགས་འཁོར་སྐྱོད་ཀྱི་གནས་ཚུལ་བཟང་བ་དང་།དབུལ་སྐྱོར་དང་ཞིང་ཕན་གྱི་ལས་གྲྭར་རྒྱབ་སྐྱོར་བྱས་ནས་ཐོག་མའི་གྲུབ་འབྲས་ཐོབ་ཡོད།
    དུས་ཚིགས་དང་པོའི་ཟླ་བ3པའི་ཟླ་མཇུག་ཏུ་དངུལ་རྩ་ལས་ཁུངས་ཀྱི་ཕྱི་རྒྱལ་གྱི་དངུལ་ལོར་བཅོལ་དངུལ་དང་དངུལ་བུན་གྱི་ལྷག་གྲངས་དེ་ཁག་བགོས་ན་སྒོར་དུང་ཕྱུར425.56དང་སྒོར་དུང་ཕྱུར171.2ཡོད་པས།ལོ་གོང་མ་ལས་བརྒྱ་ཆ15.98དང་བརྒྱ་ཆ10.06འཕར་བ།ཉེན་འགོག་འགན་ལེན་ལས་རིགས་ཀྱིས་ཉེན་འགོག་འགན་ལེན་གྱི་ཡོང་འབབ་སྒོར་ཁྲི7194.39དངོས་སུ་བསྒྲུབས་པས་ལོ་གོང་མ་ལས་བརྒྱ་ཆ28.98འཕར་བ།ཉེན་འགོག་འགན་ལེན་ཐད་ཀྱི་སྐྱིན་ཚབ་སྤྲོད་དངུལ་དེ་སྒོར་ཁྲི3240.09ཡིན་པས།ལོ་གོང་མ་ལས་བརྒྱ་ཆ27.61འཕར་བ།འགན་ལེན་ཀུང་སིས་མ་དངུལ་མཉམ་འདུ་འགན་ལེན་གྱི་ལྷག་གྲངས་དེ་སྒོར་ཁྲི4416.6ཡོད་པས།ལོ་གོང་མ་ལས་བརྒྱ་ཆ11.36འཕར་བ།གྲངས་ཆུང་གི་དངུལ་བུན་ཀུང་སིའི་ལྷག་གྲངས་དེ་སྒོར་ཁྲི5605.6ཡོད་པས་ལོ་གོང་མ་ལས་བརྒྱ་ཆ30.41འཕར་ཡོད།
    རང་ཁུལ་གྱི་དངུལ་རྩ་ཡིས་རྒྱབ་སྐྱོར་བྱ་རྒྱུ་དེ་གཅིག་བསྡུས་དང་ཡུག་གཅིག་ཏུ་སྦྲེལ་ནས་ཆེས་དབུལ་ཕོངས་ས་ཁུལ་ལ་བྱེད་པའི་དབུལ་སྐྱོར་ཞིང་ཕན་གྱི་ལས་གྲྭ་དེ་ན་ལོའི་ཟླ་བ3པར་འགོ་བཙུགས་པ་ནས་བཟུང་།མིག་སྔར་སླེབས་དུས་ཁུལ་ཡོངས་ཀྱི་དངུལ་རྩའི་སྤྱི་གྲངས་དེ་རྒྱུན་མཐུད་དང་བརྟན་པོའི་སྒོས་འཕར་བ་དང་།དངུལ་རྩ་ཞབས་ཞུ་དང་དབུལ་སྐྱོར་གསར་སྦོལ་གྱི་ལས་ཆོད་མཐོར་འདེགས་གཏོང་ཡོད།རྫོང་ཁོངས་དངུལ་རྩ་ལས་རིགས་འཕེལ་རྒྱས་མགྱོགས་སུ་བྱུང་བ་དང་དངུལ་རྩ་ཡིས་ཞིང་གསུམ་ལ་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བ།ཁེ་ལས་འབྲིང་ཆུང་གི་དངུལ་བུན་གཡར་ཚད་མགྱོགས་ཙམ་འཕར་བར་སྲུང་འཛིན་བྱེད་ཡོད།དངུལ་རྩ་ཡིས་ཁེ་ལས་ཆུང་གྲས་ལ་ཞབས་ཞུ་བྱེད་རྒྱ་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ།དངུལ་རྩ་ཡིས་ཞབས་འདེགས་ཞུ་རྒྱ་ནུས་ལྡན་གྱིས་རྒྱ་སྐྱེད་གཏོང་བ།ཀུན་ཕན་དངུལ་རྩ་ཡིས་ཞབས་ཞུ་བྱས་ཚུལ་དེ་དམངས་འཚོ་དང་དེ་བས་འཕྲོད་པ།དུས་མཚུངས་སུ་ཁུལ་ཡོངས་ཀྱི་སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྲུན་གྱི་བཀོད་སྒྲིག་ལྟར་བྲག་འགོ་རྫོང་གིས་གཙོ་བོ་བྱས་པའི་ཞིང་སྡེའི་ཡིད་རྟོན་མ་ལག་ཚོད་ལྟ་བྱེད་ས་འཛུགས་སྐྲུན་གྱི་ལས་ཀ་དང་།དར་མདོ་དང་ལྕགས་ཟམ་རྫོང་གཉིས་ཀྱིས་གཙོ་བོ་བྱས་པའི་དངུལ་རྩ་སྐྱེ་ཁམས་ཁོར་ཡུག་དཔེ་སྟོན་རྫོང་འཛུགས་སྐྲུན་བྱ་རྒྱུ་དང་ཁ་དན་ཚིག་གནས་ཀྱི་ཁེ་ལས་འབྲིང་ཆུང་གསོ་སྦྱོང་བྱ་རྒྱུ་དེས་གཙོ་བོ་བྱས་པའི་ཁེ་ལས་འབྲིང་ཆུང་གི་ཡིད་རྟོན་མ་ལག་འཛུགས་སྐྲུན་སོགས་ཀྱི་ལས་ཀར་སྐུལ་འདེད་གཏིང་ཟབ་ཏུ་གཏོང་ཡོད་པ་དང་།ཞིང་ཆེན་ཡོངས་སུ་དང་ཐོག་དཀར་མཛེས་ཁུལ་གྱི་ཁེ་ལས་འབྲིང་ཆུང་གི་ཡིད་རྟོན་དང་ཆ་འཕྲིན་ཞབས་ཞུའི་ལྟེ་གནས་བཙུགས་ནས།དཀར་མཛེས་ཁུལ་གྱི་ཁེ་ལས་འབྲིང་ཆུང་གི་ཡིད་རྟོན་དང་ཆ་འཕྲིན་རོགས་སྐྱོར་དོ་དམ་མ་ལག་དང་ཁེ་ལས་འབྲིང་ཆུང་གི་སྡུད་དགོས་པའི་རྩིས་ཐོའི་དངུལ་གྲངས་དེ་བུ་ལོན་གཏའ་མ་གཞག་རྒྱུའི་དངུལ་རྩ་ཞབས་ཞུ་དྲ་བ་བཙུགས་ནས་ཁེ་ལས་དུད་ཚང1940ལ་ཡིད་རྟོན་ཡིག་ཚགས་བཟོས་པ་དང་ལེགས་གྲུབ་ངང་ཡིད་རྟོན་གྱི་ཁེ་ལས་འབྲིང་ཆུང45གསོ་སྐྱོང་བྱས་པ།ཁྱོན་བསྡོམས་ཡིག་ཚགས་བཟོས་པའི་ཞིང་པ་དུད་ཚང་དང་ཡིད་རྟོན་ཁེ་ལས་ལ་དངུལ་བུན་སྒོར་དུང་ཕྱུར11གཏོང་ཡོད།
  • ལེ་ཚན་སྔོན་མ།:ད་ལོར་ཀྲུང་དབྱང་གིས་སྔོན་རྩིས་ནང་ཞིང་གསུམ་ལ་གཏོང་བའི་མ་དངུལ་གྱི་གཞི་ཁྱོན་དང་བསྡུར་ཚད་དེ་ན་ལོ་ལས་བརྒལ
  • ལེ་ཚན་རྗེས་མ།:བོད་ལྗོངས་ཀྱིས་ད་ལོར་བོད་ནས་ཨང་རྟགས2000མུའུ་ཁྲི38ལ་ཉེ་བ་འདེབས་པ་ཁྱབ་གདལ་དུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།