སྐྱུ་རུའི་ཚི་སྣུམ་འདེབས་འཛུགས་བྱས་ཏེ་ཕྱུག་འགྱུར་གྱི་འབྲས་བུ་འདེབས་གསོ་བྱས།

        2014-04-25

 ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ཝུའུ་ཏུའུ་ཁུལ་གྱིས་སྐྱུ་རུའི་ཚི་སྣུམ་ཐོན་ཡུལ་གྲོང་འཛུགས་རྒྱུའི་དམིགས་འབེན་བྱས་ནས་ཡུལ་བབ་དང་བསྟུན་པ་དང་འོས་པའི་སར་འོས་པའི་ཤིང་སྡོང་འཛུགས་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་།ཁྱད་ཆོས་ལྡན་པའི་དཔལ་འབྱོར་གྱི་ཤིང་སྡོང་འདེབས་འཛུགས་དང་ཤིང་ནགས་གསོ་སྐྱོང་བྱ་རྒྱུ་མཉམ་འབྲེལ་བྱས་པ་དང་།འོས་འགན་ཤིང་འཛུགས་དང་ས་རྒོད་སྔོ་ལྗང་བྱ་རྒྱུ་མཉམ་འབྲེལ་བྱས་ཏེ་སྔོ་ལྗང་ཅན་དང་སྐྱུ་རུའི་ཚི་སྣུམ་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་པ་རེད།
    ཝུའུ་ཏུའུ་ཁུལ་པའེ་ལུང་གཙང་པོའི་འགྲམ་ངོགས་ནི་རང་རྒྱལ་གྱི་སྐྱུ་རུའི་ཚི་སྣུམ་སྐྱེ་པར་འཚམས་པའི་ས་ཁུལ་ཡིན་ཞིང་།མིག་སྔར་སྐྱུ་རུའི་ཚི་སྣུམ་མུའུ་ཁྲི24འཕེལ་རྒྱས་བྱས་པས་སྐྱུ་རུའི་ཚི་སྣུམ་ཐོན་པའི་དཔལ་འབྱོར་ཕན་ནུས་དེ་ཁུལ་ཡོངས་ཀྱི་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་གི་བརྒྱ་ཆ12ལ་ཟིན།འཆར་འགོད་ལ་གཞིགས་ན།2020ལོར་ཝུའུ་ཏུའུ་ཁུལ་ལ་སྐྱུ་རུའི་ཚི་སྣུམ་གྱི་གཞི་ཁྱོན་བསྡོམས་པས་མུའུ་ཁྲི50ལ་ཟིན་རྒྱུ་ཡིན་ཞིང་།སྐྱུ་རུའི་ཚི་སྣུམ་ཐོན་ལས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར75ལས་བརྒལ་རྒྱུ་རེད།
  • ལེ་ཚན་སྔོན་མ།:ཉིང་ཞའི་ས་ཞིང་འཁོར་རྒྱུག་བྱས་ཏེ་ཞིང་ལས་ཐོན་ལས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:ད་ལོར་ཀྲུང་དབྱང་གིས་སྔོན་རྩིས་ནང་ཞིང་གསུམ་ལ་གཏོང་བའི་མ་དངུལ་གྱི་གཞི་ཁྱོན་དང་བསྡུར་ཚད་དེ་ན་ལོ་ལས་བརྒལ
  • དོ་སྣང་ཆེ་བའི་རྩོམ།