རོང་བྲག་རྫོང་གི་མང་ཚོགས་ཁྲི་གཉིས་ལྷག་གི་འཐུང་ཆུ་རག་དཀའ་བའི་ལོ་རྒྱུས་མཇུག་སྒྲིལ།

ཀུན་དགས་བསྒྱུར།        2014-04-25

ཁྲེང་ཧྭ་ཆུས་ཀྱིས་རོང་བྲག་ལ་རོགས་སྐྱོར་འཛུགས་སྐྲུན་བྱེད་པའི་ལས་སྒྲུབ་རུ་ཁག་དེ2012ལོའི་ཟླ་བ7པར་རོང་བྲག་རྫོང་དུ་བསྡད་པ་ནས་བཟུང་།ལས་བྱེད་པ20ལྷག་གིས་ས་བབ་མཐོ་ཞིང་དབྱང་རླུང་མི་འདང་དང་འགྲིམ་འགྲུལ་མི་བདེ་བ།སྐད་བརྡ་མི་འཕྲོད་པ་བཅས་ཀྱི་དཀའ་ངལ་ཁྱད་བསད་བྱས་ནས་ཡུལ་དེ་གའི་མང་ཚོགས་ཀྱི་བསམ་འཆར་དང་ཞུ་འབོད་ཆེ་བའི་འཐུང་ཆུ་རག་དཀའ་བའི་གནད་དོན་དེ་རོགས་སྐྱོར་འཛུགས་སྐྲུན་གྱི་རྣམ་གྲངས་སུ་བཞག་ནས་ལོ་གཅིག་ཙམ་གྱི་འབད་བརྩོན་བྱས་པར་བརྒྱུད་དེ་རྫོང་ནང་གི་མང་ཚོགས་ཁྲི2ཙམ་གྱི་འཐུང་ཆུ་རག་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་རེད།
    ཁྲེང་ཧྭ་ཆུས་རོགས་སྐྱོར་འཛུགས་སྐྲུན་ལས་སྒྲུབ་རུ་ཁག་གི་ལས་སྒྲུབ་མི་སྣ་དང་ཐོག་རོང་བྲག་རྫོང་དུ་སླེབས་ནས་འདྲི་རྩད་བྱེད་དུས།རྫོང་དེའི་གྲོང་ཁུལ་གྱི་ཆུ་འདོན་ལྕགས་མདོང་དྲ་བ་ནི་དུས་རབས་གོང་མའི་ལོ་རབས80ཙམ་ལ་བྲེས་པ་ཡིན་པས་ཆུ་འདོན་ལྕགས་མདོང་དྲ་བ་ཆུང་བ་དང་བཟོ་གྲྭའི་ཆུ་མཁོ་འདོན་གྱི་ནུས་པ་ཞན་པའི་རྐྱེན་གྱིས་རྫོང་ནང་དུ་རྒྱུན་པར་ཆུ་ཆད་པའི་གནས་ཚུལ་བྱུང་བས།མང་ཚོགས་ཁྱིམ་ནང་གི་གོས་འཁྲུད་འཕྲུལ་ཆས་དང་ཆུ་སྦུགགསང་སྤྱོད་ཁང་བཅས་ནི་སྒྲིག་བཀོད་ཙམ་མ་གཏོགས་བེད་སྤྱོད་བྱེད་མི་ཐུབ་པ་རེད།རྫོང་ནང་གི་སྡོད་ཁང་ཐོག་བརྩེགས་གསུམ་པ་ཡན་ཆད་ཀྱི་དུད་ཚང་གིས་ཐོག་ཁང་དང་པོར་ཆུ་ལེན་དུ་འགྲོ་དགོས་པ་དང་ཡང་ན་ཁྲོན་ཆུ་འཐུང་དགོས་པ་རེད།དུད་ཚང་འགའ་ཞིག་སྤྱི་ལེ་གཅིག་ཙམ་རྒྱང་བའི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འགྲམ་དུ་ཆུ་ལེན་དུ་འགྲོ་དགོས་པ་རེད།དེ་དུས་ཆུ་ལེན་སར་འགྲོ་དུས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ནང་ལྷུང་བ་སོགས་ཀྱི་གནས་ཚུལ་བུད་པ་ཤེས་རྟོགས་བྱུང་རྗེས།ལས་སྒྲུབ་རུ་ཁག་གིས་ཆུ་སྦུག་བསྒྱུར་བཀོད་ཀྱི་འཆར་གཞི་དང་གྲོང་ཁུལ་དུ་ཆུ་འདོན་ལྕགས་མདོང་སྒྲིག་སྦྱོར་བྱ་རྒྱུའི་གཏན་འཁེལ་བྱས་པ་རེད།2012ལོའི་ལོ་མཇུག་ནས་བཟུང་ཁྲེང་ཧྭ་ཆུས་ཀྱིས་སྔོན་རྗེས་སུ་མ་དངུལ་སྒོར་ཁྲི1000བཏང་ནས་རོང་བྲག་གྲོང་ཁུལ་རྙིང་པའི་ཆུ་འདོན་ལྕགས་མདོང་དྲ་བའི་བསྒྱུར་བཀོད་ཀྱི་ལས་གྲྭ་ལག་བསྟར་བྱས་ནས།གྲོང་ཁུལ་དུ་ཁྱོན་བསྡོམས་ཆུ་འདོན་གཙོ་སྦུག་སྤྱི་ལེ10དང་ཡན་ལག་སྦུག་གུ་སྤྱི་ལེ13སྒྲིག་སྦྱོར་བྱས་ནས་རྫོང་ནང་གི་མང་ཚོགས་ཁྲི2ཙམ་གྱི་འཐུང་ཆུ་རག་དཀའ་བའི་གནད་དོན་ཐག་བཅད་པ་རེད།
  • ལེ་ཚན་སྔོན་མ།:དར་མདོ་རྫོང་གིས་ཤ་ཚལ་སྒོང་གསུམ་གྱི་ཚོང་རའི་དོ་དམ་དམ་འཛིན་བྱས།
  • ལེ་ཚན་རྗེས་མ།:ཝུའུ་ཅིང་ཕིང་གིས་པི་ཧྲི་ཞང་གི་ཁྱིམ་མི་ལ་བདེ་འདྲི་ཞུས།
  • དོ་སྣང་ཆེ་བའི་རྩོམ།