ཧུའུ་ཁྲང་ཧྲེང་གིས་ལི་ཐང་རྫོང་དང་ཉག་ཆུ་རྫོང་སོགས་སུ་བརྟག་ཞིབ་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2014-04-24

  ཟླ་བ4པའི་ཚེས17ཉིན་ནས་ཚེས18ཉིན་བར།ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་ཉག་རོང་དང་ལི་ཐང་།ཉག་ཆུ་བཅས་རྫོང་དུ་ཕེབས་ནས་ཡུལ་དངོས་སུ་མང་ཚོགས་ལས་ཀ་དང་དབུལ་སྐྱོར་ལས་ཀ།ཆུ་གློག་གི་ཡུལ་མི་གནས་སྤོའི་ལས་ཀ་བཅས་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།དུས་ཡུན་ཉིན་གཉིས་ཀྱི་དུས་ཚོད་ནང་ཧུའུ་ཁྲང་ཧྲེང་སྔོན་རྗེས་སུ་ཉག་རོང་གི་ཐང་སྐྱིད་ཤང་དང་འཕེལ་ཚ་ཤང་སོགས་དང་ལི་ཐང་རྫོང་གི་རོང་པ་ཤང་དང་ཉག་ཆུ་རྫོང་གི་ཕུར་པ་རོང་ཤང་སོགས་ལ་ཕྱིན་ནས་བརྟག་དཔྱད་ཞིབ་འཇུག་གནང་བ་དང་ཤང་དང་གྲོང་སྡེའི་ལས་བྱེད་པ་དང་བཞུགས་མོལ་གནང་ནས་ཤང་དང་གྲོང་སྡེའི་བརྟན་བརླིང་འཕེལ་རྒྱས་བྱེད་རིང་ཐུག་པའི་དཀའ་ངལ་དང་གནད་དོན་ལ་ཞིབ་ཚགས་ཆ་རྒྱུས་ལེན་པ་དང་ཐུན་མོང་དུ་དཀར་མཛེས་ཁུལ་གསར་པའི་འཛུགས་སྐྲུན་གྱི་ཇུས་གཞི་འཚོལ་བ།
    ཉག་རོང་རྫོང་ཡུལ་རྙིང་ཤང་དུ་ཧུའུ་ཁྲང་ཧྲེང་གིས་ཤང་དེའི་ལས་བྱེད་པ་དང་མཛའ་བརྩེའི་བཞུགས་མོལ་གནང་ནས་ཤང་དེའི་དཀའ་ངལ་དང་གནད་དོན་ལ་ཆ་རྒྱུས་ཟབ་མོ་བླངས་རྗེས་ས་ཆ་མཐའ་འཁོབ་ཇི་ཙམ་ཡིན་ཡང་ཏང་ཀྲི་པུའུ་ཡིས་ནུས་པ་དེ་བས་ཀྱང་འདོན་སྤེལ་གང་ལེགས་བྱས་ནས་ཏང་ཡོན་གྱི་ཐོབ་ཐང་ཕྱིར་མངོན་པ་དང་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོང་བྱས་ནས་ཞིང་འབྲོག་མང་ཚོགས་སྣེ་ཁྲིད་དེ་ཡོང་འབབ་འཕར་སྣོན་གཏོང་ཞིང་།ཕྱུག་ལྡན་བདེ་སྐྱིད་ཀྱི་འཚོ་བར་རོལ་འཇུག་དགོས་པའི་ཐུགས་རེ་གནང་།
    ཉག་ཆུ་རྫོང་གི་ཕུར་པ་རོང་ཤང་དེ་ཆུ་གཉིས་མདོའི་གློག་འདོན་ས་ཚུགས་ཀྱི་ཆུ་མཛོད་སར་གནས་ཡོད།དེར་ཡུལ་མི1800ལྷག་ཙམ་གནས་སྤོ་བྱ་དགོས་པས།ཧུའུ་ཧྲུའུ་ཅི་ལགས་ཀྱིས་ཡུལ་དེ་གའི་གྲོང་སྡེའི་ལས་བྱེད་པ་དང་བཞུགས་མོལ་གནང་དུས་གནས་སྤོ་མང་ཚོགས་ཀྱི་བསམ་འཆར་ལ་གསན་འཇོག་གནང་བ་དང་གནས་སྤོ་ཡུལ་མིའི་དཀའ་ངལ་ལ་ཆ་རྒྱུས་ཞིབ་ཚགས་བླངས་རྗེས་ཁོང་གིས་གློག་འདོན་ས་ཚུགས་དེ་འཛུགས་སྐྲུན་བྱེད་རིང་དཀའ་ངལ་དང་གནད་དོན་མང་པོ་ཐུག་རྒྱུ་རེད།དེར་གྲོང་སྡེའི་ལས་བྱེད་པས་ཏང་ཡོན་གདོང་ལེན་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཅིང་།འགལ་བ་དང་རྩོད་གླེང་ཐག་གཅོད་ཡང་དག་པ་བྱས་ནས་སྡེ་ཚོ་དེར་འཆམ་མཐུན་བརྟན་བརླིང་ཡོང་བར་ཁག་ཐེག་བྱེད་དགོས་ཞེས་གསུངས།
    བརྟག་དཔྱད་ཞིབ་འཇུག་གནང་སྐབས་ཧུའུ་ཁྲང་ཧྲེང་གིས་ནན་གསུང་གནང་དོན།གཞི་རིམ་ཏང་ཡོན་ལས་བྱེད་པས་མང་ཚོགས་ལ་ཞབས་ཕྱི་ཞུ་རྒྱུ་དང་མང་ཚོགས་ལས་ཀ་ཡག་མོ་སྒྲུབ་རྒྱུ་དེ་ལས་འགན་གཙོ་བོ་དང་རྩ་བའི་འགན་འཁྲི་བརྩིས་ནས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ལ་བསམ་བློ་གཏོང་བ་དང་མང་ཚོགས་ལས་ཀ་ཡག་མོ་བསྒྲུབས་ནས་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བར་སྐུལ་འདེད་གཏོང་དགོས།
  • ལེ་ཚན་སྔོན་མ།:དངུལ་བྱང་གཅིག་གིས་གོ་ཆོད་པའི་སྤྱི་ཚོགས་འགན་སྲུང་དངུལ་བྱང་རབས་གཉིས་པ།
  • ལེ་ཚན་རྗེས་མ།:ཉག་ཆུ་རྫོང་གིས་ཟས་རིགས་ཁེ་ལས་ཀྱི་མཚོན་རྟགས་དང་ཤོག་བྱང་ལ་ཞིབ་བཤེར་བཅོས་སྐྱོང་བྱས།
  • དོ་སྣང་ཆེ་བའི་རྩོམ།